རྩོམ་སྒྲིག།

དཀའ་སྡུག་ངེས་ཏིག་ཕོག་མི་ཚུ་ལུ་ གཙོ་རིམ་བཟུང་དགོཔ།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་ལུ་བརྟེན་ ལཱ་གཡོག་བྱང་མི་དང་ སྐྱིན་ཚབ་བཏབ་མ་ཚུགས་པའི་ འབྱེམ་ཕོག་མི་ཚུ་གིས་ འབྲུག་རྒྱལ་པོའི་ རྒུད་གསོའི་སྐྱིད་སྡུག་ཞུ་ནིའི་དོན་ལུ་ དངུལ་འབྲེལ་གཙུག་སྡེ་ཚུ་དང་གཅིག་ཁར་ བྱ་སྒོའི་རིམ་པ་ཚུ་ བསྟར་སྤྱོད་འབད་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས། སྐྱིད་སྡུག་ངེས་ཏིག་ཕོག་མི་ཚུ་གིས་ རྒུད་གསོའི་སྐྱིད་སྡུག་ འཐོབ་ཚུགས་ནིའི་དོན་ལུ་ ད་རེས་ འབྲེལ་ཡོད་འགོ་དཔོན་ལེ་ཤ་ཅིག་གིས་ དྲོ་པ་ལས་ཕྱི་རུ་ཚུན་ འདུ་འཛི་ཅན་སྦེ་ དབྱེ་ཞིབ་འབད་དོ་ཡོདཔ་བཞིན་དུ་ …

རྒྱས་པར་ལྷག། »

ནད་ཡམས་སྔོན་འགོག་གི་ ཐབས་ལམ་ཚུ་ལུ་ར་ གཙོ་རིམ་བཟུང་དགོཔ།

༉ ད་རེས་ནངས་པར་ འཛམ་གླིང་ནང་ ཁྱབ་སྤེལ་ཆུ་དྲགས་སྦེ་སོང་མི་ ནད་ཡམས་ཀོ་རོ་ན་བའེ་རཱསི་དེ་ ལྷག་པར་དུ་ དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ལུ་ རྒྱལ་ཁབ་སྒོ་བསྡམ་ནི་ལ་སོགས་པའི་ ཐབས་ལམ་རྣམ་པ་སྣ་ཚོགས་བཏོན་ཏེ་ ལག་ལེན་འཐབ་པའི་བསྒང་འདུག། འབྲུག་གིས་ཡང་ ཆུ་མ་འོངམ་ལས་གཡུར་བ། ནད་མ་འོངམ་ལས་རིམ་འགྲོ། ཟེར་ འཇིག་རྟེན་པའི་ དཔྱེ་གཏམ་སླབ་སྲོལ་ཡོདཔ་བཟུམ་སྦེ་ སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དབུ་ཁྲིད་དང་ …

རྒྱས་པར་ལྷག། »

སེམས་བག་ཡེངས་ མ་ཤོར་བར་སྡོད་དགོཔ།

༉ ནད་ཡམས་ཀོ་བིཊ་-༡༩ དེ་ རྒྱ་ནག་གྱི་མངའ་སྡེ་ ཝུ་ཧཱན་ལུ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ འགོ་དང་པ་ ཐོན་པའི་ཤུལ་ལས་ འགྲོས་ཀྱིས་སྦེ་ རྒྱལ་ཁབ་༢༡༠ ལྷགཔ་ཅིག་ནང་ ཁྱབ་སྤེལ་སོང་ཡོདཔ་ལས་ ནད་གཞི་དེ་ ནད་ཡམས་ལུ་གྱུར་ཏེ་ མི་ས་ཡ་ལས་བཅད་པའི་ ཚེ་སྲོག་ཚུ་ལུ་ བར་ཆད་རྐྱབ་ཅི། ཁ་ཙ་ཚུན་གྱི་ …

རྒྱས་པར་ལྷག། »

གདོང་ལེན་ཅན་གྱི་ དཀའ་ངལ་ལུ་ ཡོངས་རྫོགས་སྦེ་ ངོས་ལེན་འབད་དགོཔ།

༉ ནད་ཡམས་ཀོ་རོ་ན་བའེ་རཱསི་དེ་ གསོ་བའི་དཀའ་ངལ་ ཡང་ཅིན་ ཡོངས་ཁྱབ་རིམས་ནད་རྐྱངམ་གཅིག་མེན་པར་ ང་བཅས་རའི་ མི་ཚེ་དང་ འཚོ་བའི་གནས་སྟངས་ག་ཅི་ནང་ར་འབད་རུང་ སོར་བསྒྱུར་འབད་དགོ་པའི་བསྐུལ་མ་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན། སོར་བསྒྱུར་དེ་ཡང་ ཉེན་འཚུབས་བྱུང་པའི་ དུས་ཚོད་རྐྱངམ་གཅིག་ནང་མེན་པར་ མ་འོངས་པའི་དོན་ལུ་ཡང་ འབྲེལ་གནད་ཡོདཔ་ཨིན། དེ་འབདཝ་ལས་ འབྲུག་གི་དོན་ལུ་ མནོ་བསམ་གསརཔ་གཏང་ནི་ལུ་མཁོ་བའི་ ངོས་ལེན་འབད་ནི་དང་ གཞུང་སྐྱོང་དང་ …

རྒྱས་པར་ལྷག། »

བསླབ་བཀོད་དང་བསྟུན་ ཚུལ་མཐུན་ངོས་ལེན་འབད་དགོཔ།

༉ རྒྱལ་ཁབ་ནང་ ཀོ་རོ་ན་བའེ་རཱསི་ནད་ཡམས་ སྔོན་འགོག་གི་ གདོང་ལེན་ནང་ དཀའ་ངལ་ངོ་མ་ཅིག་ ས་མཚམས་ཁར་སྡོད་མི་ འབྲུག་མི་ཚུ་གིས་ གསང་བའི་ཐོག་ལས་ ས་མཚམས་ཕྱི་ཁར་ འགྱོ་མི་དེ་ཨིན་མས། ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ནི་དེ་ གལ་ཆེ་དྲགས་ཅིག་ཨིནམ་ལས་བརྟེན་ གཞུང་གིས་ ས་མཚམས་བདའ་སྟེ་ཡོད་མི་ འཛུལ་སྒོ་ཚུ་ཆ་མཉམ་ར་ སྒོ་བསྡམས་པའི་ གསལ་བསྒྲགས་འབད་ཡོད་རུང་ མི་ཚུ་གིས་ …

རྒྱས་པར་ལྷག། »

ཚུལ་ལྡན་མདུན་ལུ་ཞུགས་རུང་ བག་ལྷོད་ཐོག་ སྡོད་ཐབས་མེདཔ།

༉ འབྲུག་རྒྱལ་ཁབ་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཞི་སོཔ་ཨིན་ན? ད་རེས་ནངས་པར་ མི་ཚུ་ སེམས་བག་ལྷོད་ཐོག་ སྡོད་མི་ལུ་ བལྟ་བ་ཅིན་ གནོད་ཉེན་མེདཔ་བཟུམ་སྦེ་ མཐོང་སྣང་བྱུངམ་ཨིན་རུང་ ནད་ཡམས་འདི་ མ་ཞི་བར་ཡོདཔ་ཨིན། དེ་འབདཝ་ད་ རྒྱལ་ཁབ་འདི་ སྔོན་འགོག་གི་ ཐབས་ལམ་ཚུ་གི་ཐད་ལུ་ ཚུལ་ལྡན་གྱི་ ལམ་ཕྱོགས་ལུ་ ཞུགས་ཏེ་ཡོདཔ་ད་ དེ་ཡང་ …

རྒྱས་པར་ལྷག། »

སྐྱིད་སྡུག་གི་ གོ་དོན་དང་རྒྱུ་མཚན་ཚུ་ ཧ་གོ་ཤེས་དགོཔ།

༉ ཁ་ཙ་ འབྲུག་རྒྱལ་པོ་མཆོག་གི་ རྒུད་གསོའི་སྐྱིད་སྡུག་ གཞི་བཙུགས་འབད་མི་དེ་གིས་ དམིགས་བསལ་དུ་ ཀོ་རོ་ན་བའེ་རཱསི་ནད་ཡམས་ལུ་བརྟེན་ གནོད་སྐྱོན་བྱུང་མི་ཚུ་ལུ་ ཕན་ཁྱད་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིན་མས། རྒུད་གསོའི་སྐྱིད་སྡུག་དེ་གིས་ གནས་སྐབས་ཅིག་ ནད་ཡམས་ལུ་བརྟེན་ ལཱ་གཡོག་བྱང་མི་དང་ དངུལ་ཕོགས་མར་ཕབ་རྐྱབ་ཡོད་མི་ཚུ་ལུ་ འབྱེམ་ཕོག་མ་བཅུག་པར་ ཐད་ཀར་དུ་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་འབད་ནིའི་ དམིགས་གཏད་ཨིན་མས། …

རྒྱས་པར་ལྷག། »

དྲནམ་བཏོན་དགོ་པའི་དུས་ཚོད།

༉ ད་རེས་ནངས་པར་ ནད་ཡམས་ཀོ་རོ་ན་བའེ་རཱསི་དེ་ འཛམ་གླིང་རྒྱལ་ཁབ་ཧ་ལམ་ག་རའི་ནང་ ཁྱབ་སྤེལ་སོང་ ཡོདཔ་ལས་ རྒྱལ་སྤྱིའི་དཔལ་འབྱོར་དང་ མིའི་འཚོ་བའི་གནས་སྟངས་ལུ་ གནོད་ཉེན་དང་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོད་མི་འདི་ ཀུན་གྱི་མཐོང་གསལ་ལུ་ཨིན་མས། ཁ་ཙ་ ཕྱི་རུའི་ཆུ་ཚོད་༦ ཚུན་ཚོད་ འཛམ་གླིང་ལུ་ཁྱབ་པའི་ རིམས་ནད་COVID-19 དེ་ འཛམ་གླིང་རྒྱལ་ཁབ་ ༢༡༠ …

རྒྱས་པར་ལྷག། »

མི་དབང་མཆོག་གིས་ སྐྱེད་ཡངས་ཆག་གནངམ་དང་འབྲེལ་ མི་མང་གིས་ འགན་ཁུར་རེ་འབག་ཚུགསཔ་འབད་དགོ།

༉ ཀོ་རོ་ན་བའེ་རཱསི་ནད་ཡམས་ཀྱི་ དཀའ་ངལ་བྱུང་བའི་ཤུལ་ལས་ མི་དབང་མཆོག་གིས་ སྤྱི་ཟླ་༤ པའི་ཚེས་༡༠ གྱི་ཕྱི་རུ་ རྒྱང་མཐོང་ཊི་བི་ཐོག་ལས་ རྒྱལ་ཁམས་ལུ་ གསུང་བཤད་ཐེངས་༢ པ་གནང་མི་དེ་གིས་ འབྲུག་མི་ཡོངས་ཀྱི་སེམས་ཁར་ སྔར་བ་ལྷག་པའི་ ཞི་བདེ་ཐོབ་ཚུགསཔ་མ་ཚད་ ནད་ཡམས་དེ་གི་གནས་སྟངས་ ག་བཟུམ་ནང་ལྷོད་རུང་ འབྲུག་མི་ཚུ་ འུ་སྡུག་ཐང་ཆད་དགོཔ་མིན་འདུག། མི་དབང་མཆོག་གིས་ མི་སེར་རེ་རེ་བཞིན་དུ་ལུ་ …

རྒྱས་པར་ལྷག། »

བསྡུ་བླངས་འབད་ནི་མེན་པར་ རང་སོའི་བློ་འདོད་དང་འཁྲིལ་ཕུལ་དགོཔ།

༉ ད་རེས་ནངས་པར་ ནད་ཡམས་COVID-19 གི་ འུར་བྱེལ་ལང་པའི་ ནམ་དུས་ལུ་ སོ་ནམ་ཞིང་པ་ལས་འགོ་བཟུང་ རྒྱུ་སྟོབས་དང་ ཏོག་གོ་ས་ཅན་གྱི་ མི་ཚུ་གིས་ ནད་འབུབ་བཀག་ནིའི་ བརྩོན་ཤུགས་ཚུ་ལུ་ རྒྱུ་དངོས་ཀྱི་ཐོག་ལས་ ཕན་གྲོགས་འབད་བའི་ མཐོང་གསལ་བྱུངམ་ཨིན་མས། དེ་ཡང་ རྒྱལ་ཁབ་ནང་ ནད་ཡམས་བཀག་ཐབས་ལུ་ གདོང་ལེན་འབད་ནི་དེ་ འབྲུག་པའི་མི་སེར་ཡོངས་ཀྱི་ …

རྒྱས་པར་ལྷག། »