རྩོམ་སྒྲིག།

བརྡ་བརྒྱུད་ཚོགས་སྡེ་ལུ་ འགན་ཁུར་ལྕི་དྲགས།

༉ སྤྱི་ཚོགས་ཀྱིས་ འབྲུག་གི་བརྡ་དོན་དང་ བརྒྱུད་འབྲེལ་བཅའ་ཁྲིམས་༢༠༡༨ ཅན་མ་ ཆ་འཇོག་གྲུབ་སྟེ་ ལོ་ཕྱེད་དང་༢ ལྷགཔ་ཅིག་གི་ཤུལ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ངོས་ལེན་ཐོག་ མི་སྟོབས་༢ བྱིན་མི་དང་བསྟུན་ བདུན་ཕྲག་འདི་ནང་ འབྲུག་གི་བརྡ་བརྒྱུད་ཚོགས་སྡེ་ཡིག་ཚང་ གཞུང་འབྲེལ་ཐོག་ལས་ བྱ་སྒོ་འཐབ་ནི་ འགོ་བཙུགས་ནུག། དེ་ཡང་ དང་པ་ར་ འདས་པའི་བདུན་ཕྲག་ནང་ …

རྒྱས་པར་ལྷག། »

ཚབས་ཆེན་གནས་སྟངས་ནང་ འཐུས་ཤོར་འབྱུང་པ་ཅིན་ བཟོད་བསྲན་མེདཔ།

༉ ང་བཅས་རའི་ ས་མཚམས་ཁྲོམ་སྡེ་ ཕུན་ཚོགས་གླིང་ལུ་ ཌེང་གི་ནད་གཞི་ ཁྱབ་སྤེལ་སོང་མི་དེ་ ཚད་འཛིན་འབད་ནིའི་དོན་ལུ་ ག་དེམ་ཅིག་ར་ རྩ་འགེངས་ཏེ་འབད་རུང་ གདོང་ལེན་ཅན་ཅིག་ལུ་ གྱུར་ཡོད་པའི་མངོན་གསལ་ བྱུངམ་ཨིན་མས། དུས་ཅི་ སྤྱི་ཟླ་༧ པའི་ བདུན་ཕྲག་དང་པ་ལས་ ཌེང་གི་ནད་གཞི་ འགོ་ཐོག་ཐོནམ་ལས་ཚུར་ ད་ལྟོ་ཚུན་ ཉིན་བསྟར་བཞིན་དུ་ …

རྒྱས་པར་ལྷག། »

ཁྲིམས་བཟོ་དང་ དྲང་ཁྲིམས་ལྷན་སྡེའི་འགན་ཁུར?

༉ དམངས་གཙོའི་གཞུང་ལུགས་ནང་ ལྷན་སྡེ་ཁག་གསུམ་ཡོད་མིའི་གྲས་ལས་ ཁྲིམས་བཟོ་ལྷན་སྡེ་དེ་ སྤྱི་ཚོགས་ཨིནམ་ལས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ འཕྲལ་ཕུགས་གཉིས་ཆ་རའི་ དཔྱད་ཡིག་ཟིན་འགོད་འབད་མི་ཚུ་ གྲོས་བསྡུར་ཐོག་ བཅའ་ཁྲིམས་ལུ་ བསྒྱུར་བཅོས་གནང་མི་ ལྷན་སྡེ་ཅིག་ཨིནམ་ མང་ཤོས་ཅིག་ལུ་ ཤེས་རྟོགས་ཡོདཔ་ཨིན། སྤྱི་ཚོགས་ལས་ ཆ་འཇོག་གྲུབ་མི་ བཅའ་ཁྲིམས་དང་ ཁྲིམས་ཀྱི་རིགས་ཚུ་ …

རྒྱས་པར་ལྷག། »

མངལ་སྒོའི་ཀེན་སར་ བརྟག་དཔྱད་དོན་ལུ་ གོ་བརྡའི་ལས་རིམ་ཚུ་ གང་མང་འགོ་འདྲེན་འཐབ་དགོཔ།

༉ མངལ་སྒོའི་ཀེན་སར་དེ་ འབྲུག་པའི་ཨམ་སྲུ་ཚུ་ལུ་ སྤྱིར་བཏང་ཀེན་སར་ནད་གཞི་ཅིག་སྦེ་ ཐོབ་སྟེ་ཡོདཔ་བཞིན་དུ་ ནད་གཞི་ངོས་འཛིན་འབད་མི་ ཨམ་སྲུ་ཚུ་གི་གྲས་ལས་ ཕྱེད་ཀ་དེ་ཅིག་ ཧེ་མ་ལས་ར་ ཐོབ་ཚར་སྟེ་ ཡུན་རིང་སོང་ནི་དེ་གིས་ བཅོ་ཐབས་འབད་ཚུགས་པར་ ཤི་རྐྱེན་བྱུང་དོ་ཡོདཔ་ཨིན་མས། འབྲུག་གིས་ གསོ་བའི་ལས་སྡེ་ནང་ ཡུན་རིང་གི་ གོང་འཕེལ་འགྱུར་བ་ཚུ་ འབག་འོང་ཡོདཔ་མ་ཚད་ རྒྱལ་ཡོངས་ཀྱི་གཙོ་རིམ་དང་བསྟུན་ དེང་སང་གི་ …

རྒྱས་པར་ལྷག། »

མངལ་སྒོའི་ཀེན་སར་ རྩ་མེད་གཏང་ཚུགས་འོང་ག?

༉ འབྲུག་གིས་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལུ་ ད་ལྟོ་འཚོགས་པའི་བསྒང་ཡོད་མི་ འཛམ་གླིང་གསོ་བའི་ཚོགས་སྡེའི་ ཤར་ལྷོ་ཡེ་ཤི་ཡ་ ལུང་ཕྱོགས་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༧༢ པའི་ནང་ མངལ་སྒོའི་ནད་གཞི་ཀེན་སར་ རྩ་མེད་གཏང་ནིའི་དོན་ལུ་ གྲོས་འཆར་བཙུགས་མི་དེ་ཡང་ ཨམ་སྲུ་ཚུ་ལུ་ མངལ་སྒོའི་ཀེན་སར་ རྩ་མེད་བཟོ་ནི་གི་ ཁས་བླངས་འབད་མི་ རྒྱལ་ཁབ་དང་པ་འབད་ནི་དེ་གིས་ཨིན་མས། རྒྱལ་ཁབ་ཀྱིས་ མངལ་སྒོའི་ཀེན་སར་ …

རྒྱས་པར་ལྷག། »

ལྟ་བཤལ་ཚོང་འབྲེལ་ སྔར་ལས་ལྷགཔ་སྦེ་ ཡར་དྲག་གཏང་དགོཔ།

༉ འབྲུག་འདི་ ཨེ་ཤི་ཡ་ལུང་ཕྱོགས་ནང་ ལྟ་བཤལ་གྱི་ ས་གནས་གཙོ་ཅན་ཅིག་སྦེ་ ཆ་བཞག་དོ་ཡོད་མི་དང་བསྟུན་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་འབད་རུང་ རྒྱལ་ཁབ་ནང་ ལྟ་བཤལ་གྱི་ སྤུས་ཚད་ལེགས་བཅོས་འབད་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་མས། ལྟ་བཤལ་གྱི་ ཐོན་སྐྱེད་གསརཔ་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ གསུང་གྲོས་གནང་མི་དེ་ ལེགས་ཤོམ་ཅིག་ཨིན་རུང་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ གཞུང་གིས་ དང་པ་ར་ གཞི་རྟེན་མཐུན་རྐྱེན་ཚུ་ …

རྒྱས་པར་ལྷག། »

སྐད་ཡིག་དང་ ལམ་སྲོལ་གྱི་ རྩ་གཞུང་དང་ སློབ་སྦྱོང་ལེགས་བསྒྱུར་གྱི་ཐབས་ལམ།

༉ འབྲུག་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ལུ་ ཀ་ཆེན་༤ ཡོད་མིའི་གྲས་ལས་༡ ལམ་སྲོལ་མི་ཉམས་གོང་འཕེལ་གཏང་ནི་དང་ ཉམས་པ་སོར་ཆུད་འབད་ནི་དེ་ཨིནམ་བཞིན་དུ་ ལམ་སྲོལ་གྱི་གྲངས་སུ་ རྒྱལ་ཡོངས་ཀྱི་ ངོ་རྟགས་གལ་གནད་ཅན་ཅིག་ཨིན་མི་ རྒྱལ་ཡོངས་སྐད་ཡིག་དེ་ཡང་ཚུདཔ་ཨིན་མས། འབྲུག་ལུ་ སྐད་ཡིག་དང་ ལམ་སྲོལ་གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ སྤྱི་ལོ་༡༩༦༡ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ སེམས་རྟོགས་ཁ་ལུ་ སྐད་ཡིག་དང་ ལམ་སྲོལ་སྤེལ་ཁང་ …

རྒྱས་པར་ལྷག། »

གློ་བུར་གྱི་དོན་ལུ་ གསོ་བའི་ཞབས་ཏོག་ཚུ་ གྲ་སྒྲིག་བཞག་དགོཔ།

༉ འདས་པའི་བདུན་ཕྲག་ནང་ དར་དཀར་ནང་ ལར་རྒྱབ་རྒེད་འོག་ནང་ ཟླཝ་༦ ལང་མི་ ཨ་ལོ་ཅིག་ སྤྱི་ཟླ་༨ པའི་ཚེས་༢༦ ལུ་ ནདཔ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ལུ་ བསྒུགས་སྡོད་པའི་སྐབས་ ཤི་རྐྱེན་བྱུང་ཡོད་པའི་ གནས་ཚུལ་ཁྱབ་སྤེལ་སོང་མི་དེ་གིས་ མི་སྡེ་ནང་ སེམས་ཕམ་བྱུང་བའི་ གཞི་གནད་ཅིག་ལུ་གྱུར་ནུག། ལོ་རྒྱུས་དེ་ཡང་ ཚེ་འདས་ཨ་ལོའི་ཨ་པ་གིས་ …

རྒྱས་པར་ལྷག། »

ཚད་ནད་གདུག་ཅན་ ཌེང་གི་ལུ་ དྲནམ་བཏོན་དགོཔ།

༉ འདས་པའི་ཟླཝ་༢ ཀྱི་རིང་ལུ་ རྒྱལ་ཁབ་ནང་འཁོད་ལུ་ ཚ་བ་དྲོད་འབར་གྱི་ ནད་གཞི་གདུག་ཅན་ཅིག་ཨིན་མི་ ཌེང་གི་ཐོབ་མི་བསྡོམས་ མི་གྲངས་༧,༦༦༤ ལུ་ ལྷོད་མི་དེ་ ང་བཅས་ག་ར་ ཚ་གྱང་ལང་དགོཔ་ཅིག་ཨིན་མས། ག་འཆརཔ་ཟེར་བ་ཅིན་ བུམ་ཐང་དང་ ལྷུན་རྩེ་རྫོང་ཁག་༢ ནང་མ་གཏོགས་ རྫོང་ཁག་༡༨ ནང་ དར་ཁྱབ་སོང་པའི་ཁར་ ད་ཚུན་གྱི་བར་ན་ …

རྒྱས་པར་ལྷག། »

ཏམ་ཁུ་ཚད་འཛིན་འབད་མི་ལུ་ ལྟ་རྟོག་འབད་མི་མེདཔ་ཨིན་ན?

༉ སྤྱི་ལོ་༢༠༡༡ གི་ ཟླཝ་དང་པ་ལས་ རྒྱལ་ཁབ་ནང་ ཏམ་ཁུ་དང་འབྲེལ་བའི་ཁྲིམས་ དམ་དམ་བཟོ་མི་དང་བསྟུན་ ཏམ་ཁུ་འཐུང་ནི་དེ་ཡང་ བཀག་འཛིན་འབད་དེ་ མི་མང་འཛོམས་སའི་ ས་ཁོངས་ཚུ་ལས་ཕར་ འཐུང་མ་ཆོགཔ་སྦེ་ བཟོ་ཡི་ཟེར་ཞུ་ནི། ཁྲིམས་ལུགས་དེ་ ད་ལྟོ་ཡང་ བསྟར་སྤྱོད་འབད་བཞིན་དུ་ཡོད་རུང་ ཁྲོམ་སྡེའི་ས་ཁོངས་ལ་ལོ་ཅིག་ནང་ མི་ཚུ་གིས་ འཚེར་སྣང་མེད་པར་ ཏམ་ཁུ་འཐུང་དོ་ཡོདཔ་ད་ …

རྒྱས་པར་ལྷག། »