རྒྱས་བཤད།

སྤ་རོའི་མི་སེར་ལས་ ནད་ཡམས་བཀག་ཐབས་ལུ་ ཆུམ་དང་དངུལ་རྐྱང་གི་ཞལ་འདེབས།

༉ སྤ་རོ་དེ་ འབྲུག་རྒྱལ་ཁབ་ཀྱི་ འབྱ་འཚོ་སའི་ རྫོང་ཁག་ཅིག་སྦེ་ ཆ་བཞགཔ་བཞིན་དུ་ སོ་ནམ་པ་ མང་ཤོས་ཅིག་གིས་ར་ འབྱ་འཛུགས་སྐྱོང་འབདཝ་ཨིན་པས། དེ་འབདཝ་ལས་ སྤ་རོ་ལུ་ སྡོད་མི་དང་ སོ་ནམ་པ་ཚུ་གིས་ ནད་ཡམས་COVID-19 བཀག་ཐབས་ཀྱི་ བརྩོན་ཤུགས་བསྐྱེད་མི་ལུ་ དགའ་ཚོར་དང་ རྒྱབ་སྐྱོར་ཕུལཝ་དང་འབྲེལ་ མི་དབང་མངའ་བདག་རྒྱལ་པོའི་ཡིག་ཚང་ནང་ ཆུམ་མེ་ཊིག་ཊཱན་༢༦ …

རྒྱས་པར་ལྷག། »

གྲྭ་ཚང་ཁག་ཚུ་ནང་ ནད་ཡམས་ཞི་ཐབས་ལུ་ སྐུ་རིམ་གནང་པའི་བསྒང་ཡོདཔ།

༉ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པའི་ གྲྭ་ཚང་དང་ ཆོས་སྡེ་ཚུ་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་(COVID-19)ཞི་ཐབས་ལུ་ སྐུ་རིམ་ཚུ་ གནང་པའི་བསྒང་ཡོདཔ་བཞིན་དུ་ བསམ་གྲུབ་ལྗོངས་མཁར་གྲྭ་ཚང་ནང་ཡང་ བླམ་གནས་བརྟན་ སངས་རྒྱས་ཚེ་རིང་ དབུ་བཞུགས་ཐོག་ དགེ་སློང་ཞལ་གྲངས་༡༠༠ ལྷགཔ་ཅིག་གིས་ སྙིང་རྗེའི་རང་གཟུགས་ འཕགས་པ་སྤྱན་རས་གཟིགས་ཀྱི་ སྐུ་རིམ་གནངམ་ཨིན་པས། གྲྭ་ཚང་གི་དྲུང་ཆེན་ ཆོས་སྐུ་གིས་ སླབ་མིའི་ནང་ …

རྒྱས་པར་ལྷག། »

མི་དབང་རྒྱལ་ཚབ་མཆོག་གིས་ བདེ་བ་ཐང་ལུ་ བདེ་སྲུང་སྦྱོང་བརྡར་ལས་རིམ་ འགོ་འབྱེད་གནང་ཡོདཔ།

༉ ཁ་ཙ་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ བསམ་གྲུབ་ལྗོངས་མཁར་གྱི་ས་གནས་ བདེ་བ་ཐང་ལུ་ བདེ་སྲུང་སྦྱོང་བརྡར་ལས་རིམ་ འགོ་འབྱེད་རྟེན་འབྲེལ་ནང་ བྱོན་གནང་ཡོདཔ་ཨིན་པས། དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་༧ ནང་ ཁས་བླངས་པ་༢,༥༠༠ ལུ་ བདུན་ཕྲག་གསུམ་གྱི་རིང་ སྦྱོང་བརྡར་བྱིན་ནིའི་ ལས་རིམ་དེ་ …

རྒྱས་པར་ལྷག། »

རྒྱ་འབྲུག་གི་ས་མཚམས་བདའ་སྟེ་ ཁྲིམས་འགལ་འབད་མི་ མང་སུ་ཐོན་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལུ་ ཏམ་ཁུའི་ནག་ཚོང་ལུ་བརྟེན་ མི་༡༩ འཛིན་བཟུང་འབད་ནུག། ༉ འབྲུག་གཞུང་གིས་ རྒྱལ་ཁབ་ནང་ ནད་ཡམས་COVID-19 དེ་ རྒྱལ་ཁབ་ནང་ འབུ་ནི་དང་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ སྤྱི་ཟླ་༣ པའི་ཚེས་༢༢ ལས་ རྒྱལ་སྤྱིའི་ས་མཚམས་ཚུ་ག་ར་ དུས་ཚོད་ངེས་མེད་ཀྱི་རིང་ སྒོ་བསྡམས་བཞག་ཡོད་རུང་ …

རྒྱས་པར་ལྷག། »

ནད་ཡམས་ཀྱི་ གདོང་ལེན་ལུ་ ཞལ་འདེབས་ཕུལ་མི་ གཅིག་ཤུལ་གཉིས་ཤུལ་ ཐོན་དོ་ཡོདཔ།

ེ

༉ རྒྱལ་ཁབ་ནང་ ནད་ཡམས་COVID-19 ཐོབ་མི་ ཡར་སེང་འགྱོ་དོ་ཡོད་མི་ལུ་བརྟེན་ མི་ཚུ་གིས་ དངུལ་རྐྱང་ ཡང་ཅིན་ ཅ་ཆས་གཞན་ཚུ་གི་ཐོག་ལས་ གཞུང་ལུ་ གཅིག་ཤུལ་གཉིས་ཤུལ་སྦེ་ ཞལ་འདེབས་འབད་དོ་ཡོདཔ་ཨིན་པས། སྤྱི་ཟླ་༤ པའི་ཚེས་༡ ལུ་ ལྷ་སྐྱིད་ལས་སྡེའི་ ཁྲི་འཛིན་འོགམ་དང་ འཇིགས་མེད་ས་གཏེར་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ …

རྒྱས་པར་ལྷག། »

ཚུལ་མིན་གྱི་ རྒྱུན་ལམ་ཚུ་ ཉེན་སྲུང་ལྟ་རྟོག་འབད་ནི་དེ་ ལཱ་ཁག་ཡོདཔ།

༉ ནད་ཡམས་COVID-19 བཀག་ཐབས་ཀྱི་ གདོང་ལེན་འབདཝ་དང་འབྲེལ་ བསམ་རྩེ་རྫོང་ཁག་གིས་ ས་མཚམས་ཚུ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ ལྟ་རྟོག་དམ་དམ་འབད་དོ་ཡོདཔ་ཨིན་པས། དེ་འབདཝ་ད་ རྒྱ་འབྲུག་གི་ ས་མཚམས་སྒོ་ཡངས་དྲགས་ཡོད་པའི་ཁར་ གཞུང་འབྲེལ་དང་ ཚུལ་མིན་གྱི་ འཛུལ་སྒོ་གྱངས་ཁ་མ་ཆོདཔ་སྦེ་ ཡོད་མི་ལུ་བརྟེན་ མི་ཚུ་གིས་ གསང་བའི་ཐོག་ལས་ ནང་ན་འཛུལ་འོང་ནི་གི་ འོས་འབབ་ཡོདཔ་ལས་ ལྟ་རྟོག་དང་ …

རྒྱས་པར་ལྷག། »

གཡུས་མི་ཚུ་གིས་ བར་ན་ས་སྟོང་བཞག་སྟེ་ སོ་ནམ་གྱི་ལཱ་འབད་དོ་ཡོདཔ།

༉ བཀྲིས་སྒང་ བར་མཚམས་གཡུས་ཚན་ཚུ་ནང་ མི་གསརཔ་རེ་འོངམ་ད་ ག་ཏེ་ལས་འོངམ་ཨིན་ན་དང་ ག་ཏེ་འགྱོ་ནི་ཨིན་ན་ཟེར་བའི་ དྲི་བཀོད་ཚུ་ འབད་དོ་ཡོདཔ་ཨིན་པས། དེ་ཡང་ རྒྱལ་ཁབ་ནང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ ངོས་འཛིན་བྱུང་བའི་ཤུལ་ལུ་ འགོ་བཙུགས་ཡོདཔ་ད་ ཨ་རྟག་འབད་བ་ཅིན་ མི་ག་འོང་རུང་ སྣང་དག་མེདཔ་ཨིན་པས། བར་མཚམས་ལུ་ ད་རེས་ནངས་པར་ སོ་ནམ་གྱི་ལཱ་དེ་ཅིག་ར་འབད་ནི་མེདཔ་བཞིན་དུ་ མི་ཚུ་གིས་ …

རྒྱས་པར་ལྷག། »

ནད་ཡམས་COVID-19 གི་ གདོང་ལེན་ལུ་ མ་དངུལ་གྱི་ཞལ་འདེབས།

༉ འབྲུག་གཞུང་གི་ ཁ་ཐུག་ལས་ ནད་ཡམས་COVID-19 དེ་ རྒྱལ་ཁབ་ནང་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་དང་ གདོང་ལེན་འབད་ནིའི་ བརྩོན་ཤུགས་བསྐྱེད་མི་ལུ་ རྒྱབ་སྐྱོར་འབད་མི་ གཙུག་སྡེ་དང་ གཞི་ཚོགས་ ངོ་རྐྱང་ལེ་ཤ་ཐོནམ་ཨིན་པས། དེ་བཟུམ་སྦེ་ ནད་ཡམས་འཇོམས་ཐབས་ལུ་ བླ་སྤྲུལ་དང་ ཆོས་སྡེ་ཚུ་གིས་ཡང་ སྐུ་རིམ་སྒྲུབ་གནང་མི་གིས་མ་དོ་བར་ ཞལ་འདེབས་ཡང་ …

རྒྱས་པར་ལྷག། »

སོ་ནམ་པའི་ སྡེ་ཚན་གྱིས་ གཞུང་ལུ་ ཚོད་བསྲེའི་རྒྱབ་སྐྱོར་ཕུལ་ཡོདཔ།

༉ དར་དཀར་ནང་འབྲུག་རྗེས་སྒང་རྒེད་འོག་ནང་ འཐུས་མི་༡༦ ཡོད་མི་ མཐུན་པ་སྤུན་བཞི་སོ་ནམ་སྡེ་ཚན་གྱིས་ འདབ་མ་ཀོ་པི་དང་ མེ་ཏོག་ཀོ་པི་ཊཱན་རེ་ གཞུང་ལུ་ ཕུལ་ཡོདཔ་ད་ ཚོད་བསྲེ་ཚུ་ཡང་ སྣུམ་འཁོར་བོ་ལེ་རོ་པིག་ཨབ་༢ ནང་ འབག་འོང་དོ་ཡོདཔ་ལས་ ད་རིས་ ཐིམ་ཕུག་ལུ་ ལྷོད་ནི་ཨིན་པས། སོ་ནམ་པ་སྡེ་ཚན་གྱིས་ གཞུང་ལུ་ ཞལ་འདེབས་སྦེ་ཕུལ་མི་ ཚོད་བསྲེ་ཚུ་ཡང་ …

རྒྱས་པར་ལྷག། »

ཤར་ནུབ་ཀྱི་ དང་ཕུའི་རྐང་ལམ་ ཉམས་བཅོས་འབད་ནི་ཨིནམ།

༉ ཤར་ནུབ་ཀྱི་ དང་ཕུའི་རྐང་ལམ་དེ་ ཉམས་བཅོས་འབད་ཞིནམ་ལས་ ཧེ་མ་བཟུམ་སྦེ་ བཟོ་ནིའི་དོན་ལུ་ བྷུ་ཊཱན་ཀེ་ན་ཌ་གཞི་ཚོགས་ཀྱིས་ འབྲུག་ལྟ་བཤལ་ཚོགས་སྡེ་དང་མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་ཨིན་པས། དེ་ཡང་ ཧཱ་དང་ བཀྲིས་སྒང་ལས་ ཀི་ལོ་མི་ཊར་༡༢༩.༥ དང་༢༤༠ རྐང་འགྲུལ་འབད་དེ་ ལམ་གྱི་གནས་སྟངས་བརྟག་ཞིབ་འབད་ཞིནམ་ལས་ ཉམས་བཅོས་འབད་དགོ་མི་ཚུ་ ལྟ་རྟོག་འབད་ནི་ཨིན་པས། ད་ལྟོ་ ས་འཇལ་ནི་དང་ …

རྒྱས་པར་ལྷག། »