རྒྱས་བཤད།

ལྟ་བཤལཔ་ཚུ་གིས་ ལ་བཤལ་དང་ རང་བཞིན་གནས་སྟངས་ བལྟ་ནིའི་དོན་ལུ་འོང་དོ་ཡོདཔ།

༉ རྒྱལ་ཁབ་ནང་ ལྟ་བཤལཔ་སྟོང་ཕྲག་ལས་བཅད་དེ་ འོང་དོ་ཡོད་མི་དེ་ཡང་ ལམ་སྲོལ་མ་འདྲཝ་ཡོད་མི་ཚུ་གི་དོན་ལུ་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ཀྱི་གངས་རི་ཚུ་ནང་ ལམ་འགྲུལ་འབད་ནི་དང་ རང་བཞིན་གནས་སྟངས་ལ་སོགས་པ་ཚུ་ བལྟ་ནིའི་དོན་ལུ་ འོངམ་ཨིན་པས།དེ་འབདཝ་ལས་ ལྟ་བཤལ་གོང་འཕེལ་གཏང་ཐབས་ལུ་དང་ ལྷག་པར་དུ་ ལམ་འགྲུལ་འབད་མི་ཚུ་གི་དོན་ལས་  ནང་འཁོད་ཀྱི་ལྟ་བཤལ་ལས་སྡེ་ གཏེར་མ་གླིང་ཀ་ཇོར་ནི་གིས་ གཏེར་མ་ཧའི་ཀིང་དང་ ཧེ་ལི་ཧའི་ཀིང་ཟེར་ ལམ་འགྲུལ་༢ ངོ་སྤྲོད་འབདཝ་ཨིན་པས།ཧེ་ལི་ཧའི་ཀིང་ཟེར་མི་དེ་ སྐྱེལ་འདྲེན་གཞན་མི་ཚུ་གིས་ …

རྒྱས་པར་ལྷག། »

རྒེད་འོག་ཞབས་ཏོག་ལྟེ་བ་ཚུ་ལས་ ས་སྣུམ་དང་ མེ་རླུང་རྒྱ་རྫི་ཐོབ་མ་ཚུགས་པའི་ གདོང་ལེན།

༉ མི་སེར་ཚུ་ལུ་ རང་སྡོད་སའི་ས་གནས་ནང་ལས་ ཞབས་ཏོག་ཚུ་ འཐོབ་ཚུགས་ནིའི་དོན་ལུ་ རྒེད་འོག་ཚུ་ནང་ ས་སྣུམ་བླུག་ས་དང་ མེ་རླུང་རྒྱ་རྫི་བསྐྱར་གསོ་འབད་སའི་ ཞབས་ཏོག་ལྟེ་བ་ཚུ་ གཞི་བཙུགས་འབད་ཡོད་རུང་ ཞབས་ཏོག་ཚུ་ ཐོབ་མ་ཚུགས་པའི་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀྲོང་གསར་བཟུམ་ཅིག་འབད་བ་ཅིན་ བྲག་སྟེང་དང་ སྟངས་སི་སྦིས་ དེ་ལས་ སྐོར་ཕུག་རྒེད་འོག་༣ ནང་ ཞབས་ཏོག་ལྟེ་བ་གཞི་བཙུགས་འབད་རུང་ …

རྒྱས་པར་ལྷག། »

ཡོངས་གྲགས་ཅན་གྱི་ བུམ་ཐང་སྟང་སི་སྦིས་མ་ཎིའི་དུས་སྟོན་ སྲོལ་ཁྱུན་མ་ཉམས་པར་ རྒྱུན་འཛིན་ཐོག་ཡོདཔ།

༉ འབྲུག་རྒྱལ་ཁབ་ཀྱི་ ལུང་ཕྱོགས་ཁག་ལས་ཕར་ ལམ་སྲོལ་གྱི་ དུས་སྟོན་ཁག་མ་འདྲཝ་ལེ་ཤ་ བརྩི་སྲུང་ཞུ་སྲོལ་ཡོད་དོ་བཟུམ་སྦེ་ བུམ་ཐང་ཨུ་ར་རྒེད་འོག་ སྟངས་སི་སྦིས་ གཡུས་ཚན་ནང་ཡང་ ཡོངས་གྲགས་ལུ་ སྟངས་སི་སྦིས་མ་ཎི་ཟེར་ ད་ལྟོའི་བར་ན་ཡང་ སྲོལ་མ་ཉམས་པར་ བརྩི་སྲུང་ཞུཝ་ཨིན་པས། མ་ཎི་གི་ ལམ་སྲོལ་དེ་ཡང་ གཡུས་སྒོ་དེ་ནང་ མི་ལོ་༧༠༠ དེ་ཅིག་གི་ ཧེ་མ་ལས་ …

རྒྱས་པར་ལྷག། »

རྒྱལ་ཡོངས་ཨམ་སྲུ་སྡེ་ཚན་ བང་ལ་དེཤ་ལས་ཕམ་ཡོདཔ།

༉ ནེ་པཱལ་གྱི་རྒྱལ་ས་ ཀཱཐ་མཱན་ཌུ་ལུ་ ཤོ་ཧིཌ་རོག་གོ་ཤི་ལ་ རྩེད་ཐང་ནང་ ད་ལྟོ་ ཨེ་ཤི་ཡཱན་ཨམ་སྲུ་དྲག་ཤོས་ཀྱི་ ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་ཡོད་མིའི་ནང་ ཁ་ཙ་ འབྲུག་གི་ རྒྱལ་ཡོངས་ཨམ་སྲུ་སྡེ་ཚན་དེ་ བང་ལ་དེཤ་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཐོག་ལས་ ཕམ་བཏང་ནུག། རྩེད་འགྲན་དེ་ འབྲུག་གི་ རྒྱལ་ཡོངས་ཨམ་སྲུ་སྡེ་ཚན་གྱི་དོན་ལུ་ ཐེངས་༢ པ་ཨིནམ་ད་ …

རྒྱས་པར་ལྷག། »

བསམ་གྲུབ་ལྗོངས་མཁར་གྱི་ དུར་ཁྲོད་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ མེད་པའི་དཀའ་ངལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག། ༉ བསམ་གྲུབ་ལྗོངས་མཁར་གྱི་ དུར་ཁྲོད་དེ་ བྱིན་རླབས་ཅན་ཅིག་ཨིན་རུང་ དེ་ཁར་ ཕུངམ་བཞག་ས་དང་ ཆུ་ལ་སོགས་པའི་ མཐུན་རྐྱེན་ཚུ་མེད་པའི་ དཀའ་ངལ་སྦོམ་ར་ ཡོདཔ་ཨིན་པས། སྐྱེས་ལོ་༣༣ ལང་མི་ ཀུན་ལེགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་ག་ར་གིས་ མེ་སྦྱང་གི་དོན་ལུ་ དུར་ཁྲོད་དེ་ཁར་ འབག་སྐྱེལ་མི་ཚུགས་དོ་ཡོད་རུང་ …

རྒྱས་པར་ལྷག། »

རྒྱ་ཆེ་ཕུག་ལུང་ཕྱོགས་སོན་ལྟེ་བ་གིས་ ཚལ་ལུའི་ལྕངམ་དང་ གེ་ཟ་འཛུགས་སྐྱོང་འབད་དོ་ཡོདཔ།

༉ རྒྱལ་ཁབ་ནང་ ཚལ་ལུ་ཤིང་ཚུ་ལུ་ ནད་གཞི་ཕོག་མི་ལུ་བརྟེན་ ནད་གཞི་མེད་པའི་ལྕངམ་ བཀྲམ་སྤེལ་འབད་ཐབས་ལུ་ བཀྲིས་གཡང་རྩེ་རྫོང་ཁག་ རྒྱ་ཆེ་ཕུག་ལུ་ཡོད་པའི་ ལུང་ཕྱོགས་སོན་ལྟེ་བ་གིས་ དུས་ཅི་ ཚལ་ལུའི་ལྕངམ་༢༥,༠༠༠ དེ་ཅིག་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས། ལུང་ཕྱོགས་འཛིན་སྐྱོང་པ་ བློ་བཟང་ཚེ་རིང་ཊི་གིས་ སླབ་མིའི་ནང་ མི་སེར་སོ་ནམ་ཚུ་ལུ་ ནད་གཞི་མེད་པའི་ལྕངམ་ཚུ་ བཀྲམ་སྤེལ་འབད་ཐབས་ལུ་ ལུང་ཕྱོགས་ཡིག་ཚང་གིས་ …

རྒྱས་པར་ལྷག། »

ཕོབ་སྦྱིས་ཁ་དང་ སྒང་སྟེང་ལུ་ སོ་ནམ་པ་ཚུ་གིས་ ལུད་མངམ་ལག་ལེན་འཐབ་ནི་ལུ་དོ་འགྲན།

༉ དབང་འདུས་ཕོ་བྲང་ སྒང་སྟེང་དང་ ཕོབ་སྦྱིས་ཁ་ལུ་ ཀེ་བ་འཛུགས་སྐྱོང་གི་དོན་ལུ་ ལུད་ལག་ལེན་འཐབ་མི་ ཁྱབ་ཆེ་དྲགས་སྦེ་ ཡར་འཕར་འགྱོ་མི་ལུ་བརྟེན་ ས་གནས་གཞུང་གི་ འགོ་ཁྲིདཔ་དང་ སོ་ནམ་འགོ་དཔོན་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། ཕོབ་སྦྱིས་ཁ་རྒེད་འོག་གི་ འགོ་ཁྲིདཔ་ཅིག་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ ལོ་བསྟར་བཞིན་དུ་ ལུད་ལག་ལེན་འཐབ་ནི་དེ་ དོ་འགྲན་འབད་དོ་བཟུམ་ཅིག་ལུ་ གྱུར་སོ་ནུག་ཟེར་ཨིན་པས། …

རྒྱས་པར་ལྷག། »

སྒང་སྟེང་དང་ ཕོབ་སྦྱིས་ཁ་ལུ་ སྤྱང་ཁྱི་ཚུ་གི་ དཀའ་ངལ་ཚབས་ཆེན་ཅིག་ལུ་ འགྱུར་དོ་ཡོདཔ།

༉ དབང་འདུས་ཕོ་བྲང་རྫོང་ཁག་ ཕོབ་སྦྱིས་ཁ་ སྒང་སྟེང་ལུ་ སྤྱང་ཁྱིའི་གྱངས་ཁ་ ཡར་སེང་འགྱོ་མི་ལུ་བརྟེན་ ས་གནས་ཀྱི་ མི་སེར་ཚུ་གིས་ ཉེན་སྲུང་དང་ གཟུགས་ཁམས་གཙང་སྦྲའི་ ཚ་གྱང་ཡོད་ལུགས་ བཤདཔ་ཨིན་པས། སྒང་སྟེང་ལས་ སོ་ནམ་པ་ རྡོ་རྗེ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ལས་ སྤྱང་འཁྱམས་སྡོད་མི་ རོ་ཁྱིའི་གྱངས་ཁ་ རྒྱ་ཆེཝ་སྦེ་ར་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ཁྲིམས་སྲུང་འགག་སྡེའི་ཐང་ནང་ དཀྱུས་མའི་དོན་ལུ་ ཞུ་ཡིག་བཙུགས་མི་ཚུ་ལུ་ འགག་སྡེའི་འགོ་དཔོན་ཅིག་གིས་ གསལ་བཤད་འབད་ཡོདཔ་ད་ ཨམ་སྲུ་དཀྱུས་མ་༣༠ འི་དོན་ལུ་ ཞུ་ཡིག་བཙུགས་མི་༢༠༠ དང་ ཕོ་སྐྱེས་ཀྱི་ ས་སྟོང་༡༧༠ ཡོད་མི་ལུ་ ཞུ་ཡིག་བཙུགས་མི་༡༩༠ ཡོད་པའི་གནས་ཚུལ།

རྒྱས་པར་ལྷག། »

དང་གདུང་ལུ་ ཧེ་མ་དང་ཕྱདཔ་ད་ ཡར་རྒྱས་གོང་འཕེལ་སོང་ཡོདཔ།

༉ ཀྲོང་གསར་དང་གདུང་ལུ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ གོང་འཕེལ་ལེ་ཤ་སོང་ཡོདཔ་ད་ དེའི་ནང་ལས་ ས་གནས་ནང་ ཁྱིམ་གསརཔ་རྐྱབ་མིའི་ གྱངས་ཁ་དེ་ ཡར་སེང་སོང་སྟེ་འདུག། ད་རེས་ནངས་པར་ ས་གནས་ནང་ ལ་ལོ་ཅིག་གིས་ ཁྱིམ་གསརཔ་རྐྱབ་ཚར་ཡོདཔ་ད་ ལ་ལོ་ཅིག་གིས་ རྐྱབ་དོ་ཡོད་པའི་མཐོང་གསལ་བྱུངམ་ཨིན་མས། དང་གདུང་ལུ་ ཀ་རའུ་ཀི་ལ་སོགས་པའི་ སྤྲོ་སྟོན་ཁང་དང་ སི་ནུ་ཀར་ དེ་ལས་ …

རྒྱས་པར་ལྷག། »