གནས་ཚུལ།

གླ་འཁོར་ཚུ་གིས་ འགྲུལ་པ་ཚུ་ལས་ གླ་ཆ་ཐེབས་ལེན་དོ་ཡོད་པའི་ ཉོགས་བཤད།

༉ མི་མང་སྐྱེལ་འདྲེན་བཱསི་དང་ གླ་འཁོར་ཚུ་ནང་ འགྲུལ་པ་གི་གྱངས་ཁ་ མར་ཕབ་འབད་དེ་ ས་སྟོང་མངམ་བཞག་ནི་ལུ་ མི་མང་ཤོས་ཅིག་གིས་ ངོས་ལེན་འབད་དོ་ཡོད་རུང་ འགྲུལ་པ་ལ་ལོ་ཅིག་གིས་ གླ་འཁོར་དེད་གཡོགཔ་ཚུ་གིས་ གླ་ཆ་མངམ་ལེན་པའི་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས། འགྲུལ་པ་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ དེད་གཡོགཔ་ལ་ལོ་ཅིག་གིས་ ཨ་རྟག་དང་མ་འཁྲིལ་བར་ གླ་ཆ་ཚད་ལས་བརྒལ་ལེནམ་མས་ཟེར་ཨིནམ་ད་ རྒྱ་གར་ལུ་ མཐོ་རིམ་ཤེས་ཡོན་སྦྱང་མི་ ཀརྨ་གིས་ …

རྒྱས་པར་ལྷག། »

དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་ཚུ་ལུ་ ནད་ཡམས་ཀོ་བིཌ་-༡༩ འབུ་ནིའི་ཉེན་ཁ་མེདཔ།

༉ ད་རེས་ནངས་པར་ ལ་མཐོ་སའི་ས་ཁོངས་ཚུ་ནང་་ དབྱར་རྩྭ་དགུན་འབུབ་འཐུ་ནིའི་ དུས་ཚོད་ཨིནམ་ལས་ མི་སེར་ཚུ་ འབུབ་འཐུ་བའི་སྐབས་ ནད་ཡམས་ཀོ་བིཌ་-༡༩ འབུ་ནིའི་ཉེན་ཁ་འདུག་ཟེར་ ཚ་གྱང་ལང་དོ་ཡོདཔ་ཨིན་པས། ཨིན་རུང་ ནད་ཡམས་དང་ འབུབ་འཐུ་བར་འགྱོ་མི་ དེ་ལས་ ལ་མཐོ་སར་སྡོད་མི་ཚུ་གི་ གནས་སྟངས་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་པ་ཅིན་ ནད་ཡམས་འབུ་ནིའི་ཉེན་ཁ་མེད་ཟེར་ བློན་ཆེན་ཌོག་ཊར་ …

རྒྱས་པར་ལྷག། »

ནད་ཡམས་ཀོ་རོ་ན་བའེ་རཱསི་བཀག་ཐབས་ལུ་ འགན་ཁུར་ཚུལ་ལྡན་འབག་དགོཔ།

༉ ད་རེས་ནངས་པར་ རྒྱལ་ཁབ་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་༼COVID-19) གི་གནས་སྟངས་ལུ་བརྟེན་ འབྲུག་པའི་མི་སེར་ཚུ་ དྲན་ཤེས་བཏོན་ཏེ་ཡོད་མི་དེ་ཡང་ འབྲེལ་ཡོད་ལས་སྡེ་དང་ བར་བརྒྱུད་ཚུ་གི་ ཁ་ཐུག་ལས་ རང་དང་རོགས་ཀྱི་བར་ན་ ས་སྟོང་བཞག་དགོཔ་དང་ སྔོན་འགོག་གི་ ཐབས་ལམ་གཞན་ཚུ་ ལག་ལེན་འཐབ་དགོ་པའི་སྐོར་ མི་མང་ལུ་ དུས་རྒྱུན་དུ་ གོ་བརྡ་སྤྲོད་ནི་དེ་གིས་ཨིན་མས་ཟེར་ཞུ་ནི། དེ་འབདཝ་ད་ ལམ་སྟོན་དང་ …

རྒྱས་པར་ལྷག། »

འཛམ་གླིང་དངུལ་ཁང་གིས་ འབྲུག་ལུ་ དངུལ་ཀྲམ་ས་ཡ་༤༥ བྱིན་ཡོདཔ།

༉ འཛམ་གླིང་དངུལ་ཁང་དང་ གཞུང་གི་བར་ན་ འཆར་དངུལ་གྱི་ལྷན་ཐབས་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༤༠ འབད་མི་ སྐྱིན་འགྲུལ་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ མ་དངུལ་དེ་གི་ཐོག་ལས་ འབྲུག་གིས་ ལས་རིམ་རྒྱ་ཆེཝ་སྦེ་ ལེགས་བསྒྱུར་འབད་དེ་ དངུལ་འབྲེལ་འཛིན་སྐྱོང་དང་ གོང་འཕེལ་གྱི་ དམིགས་ཡུལ་ཚུ་ འགྲུབ་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་པས། དེ་བཟུམ་སྦེ་ ནད་ཡམས་COVID-19 …

རྒྱས་པར་ལྷག། »

ཇོ་མོ་གཙང་ཁ་དང་ བསམ་རང་བར་ནའི་ གཞུང་ལམ་བསལ་ནི་ འགོ་བཙུགས་ཡོདཔ།

༉ དུས་ཡུན་ཟླཝ་༦ ལྷགཔ་ཅིག་ མཚམས་འཇོག་སྦེ་ལུས་མི་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དང་ བསམ་རང་བར་ནའི་ གཞུང་ལམ་དེ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ གླང་ཅན་ཕུག་རྒེད་འོག་ལས་ ལོག་བསལ་ནི་ འགོ་བཙུགས་ཡོདཔ་ཨིན་པས། གཞུང་ལམ་བསལ་ནིའི་ལཱ་དེ་ མ་དངུལ་གྱི་དཀའ་ངལ་ལུ་བརྟེན་ སྤྱི་ལོ་༢༠༡༨ ལས་ མཚམས་འཇོག་སྦེ་ ལུས་ཡོད་པའི་ཁར་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་རྟ་མགོ་ རྡོར་གདན་བཀྲིས་ཐང་ ནང་པའི་གཙུག་ལག་སློབ་གྲྭའི་ཚོགས་ཁང་ནང་སྦེ་ ཉིན་གྲངས་༡༥ རིང་ སྤྱན་རས་གཟིགས་ཀྱི་སྒྲུབ་ཆེན་གནང་པའི་བསྒང་ཡོད་པའི་གནས་ཚུལ།

རྒྱས་པར་ལྷག། »

སྣུམ་འཁོར་བཞག་འཐུས་མ་བཏབ་པར་ ཟླཝ་༡ དེ་ཅིག་ལང་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་གྱི་ ཇོ་བདག་ཚུ་གིས་ ཁོང་རའི་ སྣུམ་འཁོར་བཞག་འཐུས་མ་བཏབ་པར་ ཟླཝ་༡ དེ་ཅིག་ ལང་ཡོདཔ་ཨིན་པས། དེ་ཡང་ སྣུམ་འཁོར་བཞག་འཐུས་བསྡུ་མི་ མང་ཤོས་ར་ རྒྱ་གར་གྱི་ མི་ཚུ་ཨིནམ་ལས་ ཁོང་ཆ་ཁྱབ་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ རྒྱ་གར་ལུ་ སྒོ་བསྡམས་པའི་ཤུལ་ལས་ …

རྒྱས་པར་ལྷག། »

ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ལྟ་བཤལ་སྲིད་བྱུས་ལེགས་བཅོས་འབད་ནི་ལུ་ ལྷན་ཐབས།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོབ་པའི་ཉིནམ་ལས་འགོ་བཙུགས་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ ཉམས་མྱོང་དང་ རིག་པ་གསརཔ་ཐོབ་ཡོདཔ་ལས་ ཡུན་བརྟན་ལྟ་བཤལ་སྲིད་བྱུས་ བརྩམ་ནི་ལུ་ ལྷན་ཐབས་བྱུང་ནུག། ཁ་ཙ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ལས་ཁང་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ འབྲུག་གི་ལྟ་བཤལ་ཚོགས་སྡེ་དེ་ ལཱ་གཡོག་བྱིན་མི་ཚུ་གི་གྲས་ལས་ ལས་ཁང་སྦོམ་ཤོས་ཅིག་ཨིན་རུང་ ནད་ཡམས་ལུ་བརྟེན་ འབྱེམ་ཕོག་ཡོདཔ་ལས་ ད་ལས་ཕར་ …

རྒྱས་པར་ལྷག། »

ན་གཞོན་སྡེ་ཚན་ཅིག་གིས་བཟོ་མི་ ཁ་ཟས་མ་འདྲཝ་ཚུ་ བཙོང་ནིའི་དོན་ལུ་ ཚོང་ལམ་འཚོལ་དོ་ཡོདཔ།

༉ མོང་སྒར་ལུ་ ན་གཞོན་སྡེ་ཚན་༡ གིས་ ནང་འཁོད་ལས་ཐོན་སྐྱེད་འབད་མི་ འབྲུ་སྣའི་ཕྱེ་ཚུ་ ལག་ལེན་འཐབ་སྟེ་ ཁ་ཟས་མ་འདྲཝ་ཚུ་ བཟོ་དོ་ཡོད་རུང་ ཚོང་ལམ་ཏན་ཏན་ཅིག་མེད་པའི་ཁར་ ལྷག་པར་དུ་ ནད་ཡམས་ཀོ་བིཊི་-༡༩ ལུ་བརྟེན་ ཚོང་ལཱ་ལུ་ ཐོ་ཕོག་ཡོདཔ་ཨིན་པས། མོང་སྒར་ན་གཞོན་གོང་འཕེལ་སྡེ་ཚན་ཟེར་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ ན་གཞོན་༣ འབད་མི་ སྡེ་ཚན་དེ་གིས་ …

རྒྱས་པར་ལྷག། »

དབང་འདུས་རབ་སྡེའི་བླམ་གནས་བརྟན་གསརཔ་ བསྐོ་བཞག་གནང་ཡོདཔ།

༉ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ རྟ་མགོ་རྡོ་གདན་བཀྲིས་ཐང་ ནང་པའི་གཙུག་ལག་སློབ་གྲྭའི་ ཚོགས་ཁང་ནང་སྦེ་ སྐྱེས་ལོ་༥༠ ལང་མི་པདྨ་དེ་ དབང་འདུས་རབ་སྡེའི་ བླམ་གནས་བརྟན་གསརཔ་སྦེ་ བསྐོ་བཞག་གནང་ཡི། དབང་འདུས་ དགའ་སེང་ལོགས་ལས་ཨིན་མི་ བླམ་གནས་བརྟན་པདྨ་གིས་ སྐྱེས་ལོ་༨ ལས་ དབང་འདུས་རབ་སྡེ་གྲྭ་ཚང་ནང་འཛུལ་ཏེ་ རང་ལུགས་དཔལ་ལྡན་འབྲུག་པའི་དཀྱིལ་ཆོག་ གར་ཐིག་དབྱངས་གསུམ་གྱི་ …

རྒྱས་པར་ལྷག། »