གནས་ཚུལ་དང་པ།

སྤུ་ན་གཙང་ཆུ་ལས་འགུལ་གྱིས་ སྒྲ་དབྱངས་ཀྱི་ ལས་བྱེདཔ་ཚུ་ལུ་ ལཱ་གཡོག་བྱིན་ཡོདཔ།

༉ ནད་ཡམས་ཀོ་རོ་ན་བའེ་རཱསི་༼Covid-19༽ གིས་སྦེ་ དབང་འདུས་ཕོ་བྲང་བ་འཇོ་ལུ་ཡོད་མི་ སྤྲོ་སྟོན་ལྟེ་བ་ཚུ་ སྒོ་བསྡམས་མི་ལུ་བརྟེན་ ལཱ་གཡོག་བྱང་མི་༢༤ ལུ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པ་དང་༢ པ་གིས་ གནས་སྐབས་ཀྱི་ ལཱ་གཡོག་བྱིན་ཡོདཔ་ཨིན་པས། དེ་ཡང་ རྫོང་ཁག་བདག་སྐྱོང་གི་ ཞུ་བ་དང་འཁྲིལ་ སྤུ་ན་གཙང་ཆུ་ལས་འགུལ་༡ པ་གིས་ སྒྲ་དབྱངས་ཀྱི་ལས་བྱེདཔ་༡༤ དང་ …

རྒྱས་པར་ལྷག། »

ཆོས་འཁོར་དང་ སྟངས་རྒེད་འོག་ལས་ དབྱར་རྩྭ་དགུན་འབུབ་འཐུ་མིའི་གྱངས་ཁ་ མར་བབས་སོང་ཡོདཔ།

༉ འདས་པའི་ལོ་ཚུ་དང་ཕྱདཔ་ད་ དུས་ཅི་ བུམ་ཐང་སྟངས་དང་ ཆོས་འཁོར་རྒེད་འོག་༢ ནང་ལས་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མིའི་ གྱངས་ཁ་དེ་ མར་བབས་སོང་ཡོདཔ་ཨིན་པས། ཆོས་འཁོར་རྒེད་འོག་ལས་ ལོ་བསྟར་བཞིན་དུ་ མི་༨༥༠ དེ་ཅིག་གིས་ དབྱར་རྩྭ་དགུན་འབུབ་འཐུ་བར་ འགྱོཝ་ཨིན་རུང་ དུས་ཅི་ མི་༧༣༠ ལས་མེད་པའི་ཁར་ སྟངས་རྒེད་འོག་ནང་ལས་ མི་ཕུད་རྡོག་༤ …

རྒྱས་པར་ལྷག། »

འཛམ་གླིང་དངུལ་ཁང་གིས་ ཡུ་ཨེསི་ཌོ་ལར་ས་ཡ་༡༤.༨ གྲོགས་རམ་བྱིན་ནི།

༉ གནམ་གཤིས་དང་རྐྱེན་ངན་གྱི་ཉེན་ཁ་ཚུ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ འཛམ་གླིང་དངུལ་ཁང་དང་ འབྲུག་གཞུང་གི་བར་ན་ ཡུ་ཨེསི་ཌོ་ལར་ས་ཡ་༡༤.༨ ཀྱི་ གོང་འཕེལ་སྲིད་བྱུས་མ་དངུལ་དོན་ལུ་ ཁ་ཙ་ མཚན་རྟགས་བཀོད་ཡོདཔ་ཨིན། འཛམ་གླིང་དངུལ་ཁང་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ མ་དངུལ་དེ་ འབྲུག་གིས་ ནད་གཞི་མ་འདྲཝ་ཐོན་མི་དང་ གནམ་གཤིས་དང་རྐྱེན་ངན་གྱི་ཉེན་ཁ་ཚུ་ བཀག་ཐབས་ཀྱི་དོན་ལུ་ ཡོངས་ཁྱབ་བསྐྱར་བཟོ་འབད་ཐབས་ལུ་ གྲོགས་རམ་བཟུམ་ཅིག་ ཨིན་ཟེར་བཀོད་ནུག། …

རྒྱས་པར་ལྷག། »

རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ཐོབ་མི་ ནདཔ་༦ དྲག་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ འབྲུག་མི་༤ པ་དེ་ རྐྱང་གནས་ལས་ ཟུར་བཞག་ཁང་ནང་ སྤོ་བཤུད་འབད་དེ་ བདུན་ཕྲག་༢ ཀྱི་ཤུལ་ལས་ བརྟག་དཔྱད་འབདཝ་ད་ ནད་ཡམས་ལས་ དྲག་ཡོདཔ་སྦེ་ གསོ་བ་ལྷན་ཁག་གིས་ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ ནད་གཞི་ལས་དྲག་མིའི་ …

རྒྱས་པར་ལྷག། »

ངང་ལམ་དང་ རྒྱལ་པོའི་ཞིང་གི་ གཞུང་ལམ་བར་ན་ ལམ་ཁག་ལེ་ཤ་བསུབས་ཡོདཔ།

༉ གནམ་གཤིས་གནས་སྟངས་ལེགས་ཤོམ་འགྱོ་བ་ཅིན་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་ གཞུང་ལམ་ཀི་ལོ་མི་ཊར་༣༨ དང་༤༤ གི་བར་ན་ ལམ་ཁག་མང་རབས་ཅིག་ བསུབས་ཡོད་མི་དེ་ ད་རིས་ སེལ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས། དེ་མེན་ འཁོར་ལམ་བསུབས་མི་དེ་ སེལ་ཚུགས་ཚུགས་ལུ་ བདུན་ཕྲག་ལྷགཔ་ཅིག་ འགོར་འོང་ཟེར་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ད་ …

རྒྱས་པར་ལྷག། »

རླུང་འཚུབས་ཨམ་ཕཱན་ལུ་བརྟེན་ ཡོངས་འབྲེལ་བརྒྱུད་ལམ་ལུ་ བར་ཆད་རྐྱབ་ཡོདཔ།

༉ རྒྱ་གར་ལུ་ རླུང་འཚུབས་ཨམ་ཕཱན་གྱི་ རྐྱེན་ངན་བྱུང་མི་ལུ་བརྟེན་ འབྲུག་ལུ་ཡང་ གནོད་སྐྱོན་དུམ་གྲ་རེ་ བྱུང་ཡོད་མི་ཚུ་གི་གྲས་ལས་གཅིག་ སྤྱི་ཟླ་༥ པའི་ཚེས་༢༠ གི་ ཕྱི་རུ་ཁམས་ཅིག་ལས་ རྒྱལ་ཁབ་ནང་ ཡོངས་འབྲེལ་ཨིན་ཊར་ནེཊ་ ལག་ལེན་འཐབ་ནི་ལུ་ དཀའ་ངལ་བྱུང་མི་དེ་ཨིན། དེ་ཡང་ རྒྱལ་ཁབ་ནང་ ཡོངས་འབྲེལ་གྱི་ཞབས་ཏོག་བྱིན་མི་ འབྲུག་བརྒྱུད་འཕྲིན་ཚད་དང་ བཀྲིས་བརྒྱུད་འཕྲིན་༢ …

རྒྱས་པར་ལྷག། »

སྟངས་སི་སྦྱིས་གློག་མེ་འགུལ་གྱིས་ ལྕགས་དུང་ནང་ཤབས་བཙུགས་ནི་དང་ ཆུ་དུང་གོ་རིམ་༢ མཐུད་ཡོདཔ།

༉ གློག་ཤུགས་མེ་ག་ཝཱཊ་༡༡༨ འབད་མི་ ཀྲོང་གསར་སྟངས་སི་སྦྱིས་གློག་མེ་འགུལ་གྱིས་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ ཆུ་དུང་ནང་ ལྕགས་དུང་ནང་ཤབས་བཙུགས་ནི་དང་ ཆུ་དུང་གོ་རིམ་༢ མཐུད་སྦྲེལ་འབད་ཡི། དེ་ཡང་ ཨེ་ཌིཊ་༢ པ་དང་༣ པའི་ ཆུ་དུང་མཐུད་ནི་དང་ སཱཇི་ཤཕ་ལས་ གློག་མེ་འཕྲུལ་ཁང་ཚུན་གྱི་ ཆུ་དུང་ནང་ ལྕགས་དུང་ནང་ཤབ་བཙུགས་ནིའི་ …

རྒྱས་པར་ལྷག། »

བཟའ་ཚང་མང་ཤོས་ཅིག་ལུ་ མ་དངུལ་གསོག་འཇོག་ལངམ་སྦེ་མེདཔ།

༉ རྒྱལ་ཁབ་ཀྱི་ བཟའ་ཚང་མང་ཤོས་ཅིག་ལུ་ ནད་ཡམས་ཀོ་བིཌ་-༡༩ གི་ གནས་སྟངས་ནང་ འཚོ་སྐྱོང་འཐབ་ནིའི་དོན་ལས་ མ་དངུལ་གསོག་འཇོག་ལངམ་སྦེ་ འབད་དེ་མེད་པའི་ མངོན་གསལ་བྱུང་ནུག། དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ གསར་བཏོན་འབད་མི་ ཀོ་བིཌ་-༡༩ ལུ་བརྟེན་པའི་ འབྲུག་གི་ལྟ་བཤལ་སྡེ་ཚན་ལུ་ མི་སྡེ་དཔལ་འབྱོར་གྱི་ གནོད་སྐྱོན་བརྟག་ཞིབ་སྙན་ཞུ་ནང་བཀོད་ནུག། …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ཁར་ པདྨ་དགའ་ཚལ་ངང་ལམ་དྲུང་ཁག་ནང་ ཆརཔ་དུམ་གྲ་རེ་རྐྱབ་སྟེ་ ས་སྨུག་སྤུབས་སུ་ཅིག་སྦེ་ཡོདཔ་ད་ དྲུང་ཁག་ནང་ ག་དེམ་ཅིག་སྦེ་ རླུང་འཚུབས་ལུ་བརྟེན་ དཀའ་ངལ་རེ་འབྱུང་པ་ཅིན་ རྒྱབ་སྐྱོར་གྱི་དོན་ལུ་ དྲུང་ཁག་གི་ ཉེན་སྐྱོབ་སྡེ་ཚན་གྲ་སྒྲིག་ཡོད་པའི་ཁར་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ཡང་ གྲ་སྒྲིག་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས། དེ་བཟུམ་སྦེ་ དྲུང་ཁག་གི་ འགོ་དཔོན་ཚུ་གིས་ …

རྒྱས་པར་ལྷག། »

སྤུ་ན་གཙང་ཆུ་ལས་འགུལ་༢ པ་གིས་ བཟོ་སྐྲུན་ལཱ་ཚུ་ འཕྲོ་མཐུད་འབད་དོ་ཡོདཔ།

༉ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ཡིག་ཚང་དང་ འབྲུག་གཞུང་གི་རྒྱབ་སྐྱོར་ཐོག་ལས་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ ཨ་རྟག་བཟུམ་སྦེ་ར་ ནང་འདྲེན་འཐབ་ཚུགས་དོ་ཡོདཔ་ལས་ སྤུ་ན་གཙང་ཆུ་ལས་འགུལ་༢ པ་གིས་ བཟོ་སྐྲུན་ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་དོ་ཡོདཔ་ཨིན་པས། ལས་འགུལ་དེ་གིས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༤ དང་༥ འི་བར་ན་གནས་མི་ བཟོ་སྐྲུན་ཅ་ཆས་ཚུ་ ནང་འདྲེན་འབད་དོ་ཡོདཔ་ཨིན་པས། ད་རེས་ …

རྒྱས་པར་ལྷག། »