admin

བུམ་ཐང་བླ་མའི་དགོན་པ་ལུ་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ མེ་གིས་འཚིགས་ཡོདཔ།

༉ ཁ་ཙ་ བུམ་ཐང་བླ་མའི་དགོན་པ་ལུ་ གཞུང་གི་ལས་བྱེདཔ་ཚུ་སྡོད་སའི་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ རྩ་བ་ལས་ར་ མེ་གིས་འཚིགས་ཡོདཔ་ཨིན་པས། མེ་རྐྱེན་ལུ་བརྟེན་ ཨྱོན་དབང་ཕྱུག་མཐའ་འཁོར་དང་ཉམས་སྲུང་སྤེལ་ཁང་གྱི་ ལས་བྱེདཔ་༢ ཀྱི་ རྒྱུ་དངོས་ཚུ་ག་ར་ འཚིགས་ཡོདཔ་ཨིན་པས། ཐོག་ཚད་༢ འབད་མི་ ཁྱིམ་དེ་གི་འོག་ཐོག་ལུ་ སྣུམ་འཁོར་ཚུ་བཞག་དོ་ཡོདཔ་ད་ སྟེང་ཐོག་ལུ་ …

རྒྱས་པར་ལྷག། »

གནས་ཚུལ་མདོརབསྡུས།

བཀྲིས་སྒང་གི་ སློབ་གྲྭའི་སློབ་དཔོན་༢ ཀྱིས་ བུམོ་ཚུ་གི་ ཟླ་ཁྲག་གི་སྐོར་ལས་ གོ་བརྡ་སྤྲོད་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་གྱི་ སྒྲ་དབྱངས་ཁང་ཚུ་ནང་ ཞབས་ཁྲ་རྐྱབ་མི་བུམོ་ཚུ་ལུ་ ཟླ་ཁྲག་གི་གཙང་རས་ པེཌ་ཚུ་བཀྲམ་སྤེལ་འབད་ཡི། སློབ་དཔོན་༢ ཀྱིས་ སླབ་མིའི་ནང་ བུམོ་ཚུ་གི་ ཟླ་ཁྲག་དེ་ རང་བཞིན་ཨིན་པའི་ཁར་ ཕོ་སྐྱེས་ཚུ་གི་ འགན་ཁུར་ཡང་ཨིན་རུང་ ད་རེས་ནངས་པར་ …

རྒྱས་པར་ལྷག། »

ཟླཝ་རེ་ལུ་ འགྲུལ་འཐུས་དང་ཉིན་འཐུས་ ཉིན་གྲངས་༤ ལས་བརྒལ་མ་ཐོབ་མི་ལུ་ སེམས་དང་མ་ལྡནམ།

༉ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ ཞིབ་དཔྱོདཔ་ཚུ་གིས་ ཟླཝ་རེ་ལུ་ འགྲུལ་འཐུས་དང་ཉིན་འཐུས་ ཉིན་གྲངས་༤ ལས་བརྒལ་ ཐོབ་ནི་མེད་མི་དེ་ གདོང་ལེན་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས། མིང་སླབ་མ་བཏུབ་མི་ འགོ་དཔོན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༤ ལས་ར་ ཞིབ་དཔྱོདཔ་ཚུ་ལུ་ དེ་བཟུམ་མའི་ གདོང་ལེན་བྱུང་ནི་དེ་གིས་ དབུགས་འགམ་སྟེ་ཡོད་ཟེར་ཨིན་པས། ཕུན་ཚོགས་གླིང་དང་ …

རྒྱས་པར་ལྷག། »

ཁས་བླངས་ཐོག་ལས་ རྐང་ཁྲི་འཁོར་ལོ་ཅནམ་ མེདཔ་ཐལ་མི་ཚུ་ བཅོ་ཁ་རྐྱབ་བྱིན་དོ་ཡོདཔ།

༉ མོང་སྒར་དགྲ་མེད་རྩེ་ལས་ སྐྱེས་ལོ་༣༠ ལང་མི་ བློ་གྲོས་ཕུན་ཚོགས་ཀྱིས་ ལུས་སྦྱོང་སྨན་པ་སྦེ་ ཐིམ་ཕུག་སྒྱིད་དར་ གོངམ་སྨན་ཁང་ནང་ ལཱ་འབད་དེ་ ལོ་༤ ལང་ཡོདཔ་ཨིན་པས། ཁོ་ར་ སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལས་ སྒྱིར་དར་གོངམ་སྨན་ཁང་ནང་ གནས་སོར་ཕོག་ཡོདཔ་བཞིན་དུ་ དབང་པོ་ལུ་ཐོ་ཕོག་མི་ཚུ་གིས་ ལག་ལེན་འཐབ་མི་ རྐང་ཁྲི་འཁོར་ལོ་ཅནམ་ མེདཔ་ཐལ་མི་ཚུ་ ཁོ་གིས་ …

རྒྱས་པར་ལྷག། »

ལའུ་རི་རྒེད་འོག་ལྟེ་བའི་འཁོར་ལམ་ སྤྱི་ཟླ་དང་པ་ རྫོགས་ཁམས་ལུ་ རྩི་ནག་གཏང་ཚུགས་ནི།

༉ རྩི་ནག་གཏང་མ་ཚུགས་པར་ ཡུན་རིངམོ་སྦེ་ལུས་མི་ བསམ་གྲུབ་ལྗོངས་མཁར་ ལའུ་རི་རྒེད་འོག་ལྟེ་བའི་འཁོར་ལམ་དེ་ སྤྱི་ཟླ་དང་པ་ རྫོགས་ཁམས་ཅིག་ལས་ རྩི་ནག་གཏང་ནིའི་ལཱ་ཚུ་ འགོ་བཙུགས་ཚུགས་ནི་ཨིན་པས། བསམ་གྲུབ་ལྗོངས་མཁར་རྫོང་རབ་ པདྨ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྩི་ནག་གཏང་ནིའི་ལཱ་དེ་ དབྱེ་ཁག་༣ གྱི་ཐོག་ལས་ འབད་དོ་ཟེར་ཨིནམ་ད་ ན་ཧིང་སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ རིན་བསྡུར་འབད་ཡོདཔ་བཞིན་དུ་ …

རྒྱས་པར་ལྷག། »

ས་མཚམས་ཕྱི་ཁའི་ དོ་འགྲན་ལུ་བརྟེན་ དགེ་ལེགས་ཕུག་གི་ ཆུམ་ཉོ་མི་གངམ་མེདཔ།

༉ འདས་པའི་ལོ་གཉིས་ནང་ དགེ་ལེགས་ཕུག་ལུ་ མཐའ་མཚམས་དུས་སྟོན་སྐབས་ ཆུམ་གྱི་རིགས་ ཁམ་ཏེ་དང་ ཅམ་པེ་ ཀ་ལོ་བོག་ཚུ་ མངར་ཟས་ཀེག་བཟུམ་སྦེ་ བཙོང་ཚུགས་ཡོད་རུང་ དུས་ཅི་ ཆུམ་གྱི་ཚོང་འབྲེལ་ མར་བབས་སོང་ནུག། ཆུ་གཟར་སྒང་རྒེད་འོག་ སྤང་ཟུར་སྤྱི་འོག་ཚོགས་པ་ ལས་སྐྱིད་དབང་ཕྱུག་གིས་ སླབ་མིའི་ནང་ དུས་སྟོན་གྱི་ ཉིནམ་༡ པ་དང་༢ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ ས་ཁོངས་ནང་ གཞུང་དགེ་འདུན་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་གིས་ རི་བོ་བསང་མཆོད་གནང་ཐོག་ལས་ བདུན་ཕྲག་༢ ཀྱི་ ནང་ཆོས་དང་ ལམ་སྲོལ་གོམས་འདྲིས་སློབ་སྦྱོང་ལས་རིམ་ ཐེངས་༨ པ་དེ་ མཇུག་བསྡུ་ཡོདཔ་ད་ སྤྱི་ཟླ་༡ པའི་ཚེས་༥ ལུ་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ འགོ་འབྱེད་འབད་མི་ ལས་རིམ་དེ་ …

རྒྱས་པར་ལྷག། »

ད་རིས་ལས་ སྒེར་གྱི་སློབ་གྲྭ་ཚུ་གི་དོན་ལུ་ སློབ་ཕྲུག་གི་གདམ་འཐུ་ འགོ་བཙུགས་ནི།

༉ སློབ་རིམ་༡༠ པའི་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ཚུ་ གསལ་སྟོན་འབད་ཚར་ཡོདཔ་ལས་ སྒེར་གྱི་སློབ་གྲྭ་ཁག་ཚུ་ནང་ དཔེ་ཆ་ལྷབ་ནིའི་དོན་ལུ་ ཐོ་བཀོད་འབད་མི་སློབ་ཕྲུག་ཚུ་ ད་རིས་ལས་ གདམ་འཐུ་འབད་ནི་ འགོ་བཙུགས་ནི་ཨིན་པས། གདམ་འཐུ་དེ་ཡང་ ད་རིས་ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༡ པའི་ཚེས་༢༩ ཚུན་འབད་ནི་ཨིནམ་ད་ ཤེས་རིག་ལྷན་ཁག་དང་འཁྲིལཝ་ད་ སྒེར་གྱི་སློབ་གྲྭ་ཚུ་ནང་ དཔེ་ཆ་ལྷབ་འདོད་ཡོད་མི་ …

རྒྱས་པར་ལྷག། »

གཞུང་གིས་ དངུལ་ཕོགས་བསྐྱར་བཟོའི་ བཅའ་ཁྲིམས་འཕྲི་སྣོན་གྱི་ གྲོས་འདེབས་འབད་ཡོདཔ།

༉ དངུལ་ཕོགས་ཡར་སེང་གི་ བཅའ་ཁྲིམས་ཆ་འཇོག་འབད་དེ་ ཟླཝ་༦ ལང་བའི་ཤུལ་ལས་ སྤྱི་ཟླ་དང་པའི་ཚེས་༡༧ ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ དངུལ་ཕོགས་བསྐྱར་བཟོའི་ འཕྲི་སྣོན་དཔྱད་ཡིག་དེ་ ཚོགས་ཁང་ནང་ ངོ་སྤྲོད་ཕུལ་ཡི། དངུལ་རྩིས་བློན་པོ་གིས་ དཔྱད་ཡིག་ནང་ འཕྲི་སྣོན་དོན་ཚན་ཁག་༥ ངོ་སྤྲོད་ཕུལ་ཡོདཔ་ད་ དངུལ་ཕོགས་བསྐྱར་བཟོ་བཅའ་ཁྲིམས་ནང་ ཨ་ལོ་གཅེས་སྐྱོང་དང་ཡར་དྲག་གོང་འཕེལ་ལྟེ་བའི་ ཕན་རོགསཔ་ཚུ་གི་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡ པའི་ཚེས་༡༥ ལུ་ ཐིམ་ཕུག་རྫོང་ཁག་ གླིང་བཞི་ལུ་ ཡང་བཙོན་གྱི་སྡོད་སྒར་ མེ་རྐྱེན་གྱིས་ ཐལ་བར་བརླགས་བཏང་ཡོདཔ་ལས་ མི་ངོམ་༡༠ གྱི་ ཅ་ཆས་ཚུ་ འཚིགས་ཡོདཔ་ཨིན་རུང་ མི་ལུ་ གནོད་སྐྱོན་བྱུང་པའི་ སྙན་ཞུ་མེདཔ་ཨིན་པས། གླིང་བཞི་རྒེད་འོག་གི་ སྤྱི་འོག་༥ ལས་ ལ་མཐོ་སའི་ མི་ཚུ་གིས་ …

རྒྱས་པར་ལྷག། »