admin

བཀྲིས་སྒང་ལུ་ ནང་འདྲེན་འབད་མི་ ཆུམ་གྱི་གོང་ཚད་ ཏན་ཏན་མེད་མི་ལུ་ ཉོགས་བཤད།

༉ བཀྲིས་སྒང་ རྫོང་ཁག་བདག་སྐྱོང་གིས་ ནང་འདྲེན་འབད་མི་ ཆུམ་གྱི་དོ་ཚུ་ལུ་ ལྗིད་ཚད་ཀྱི་ཁྱད་པར་ཞུགས་ཡོད་པའི་ ཤེས་རྟོགས་བྱུང་བའི་མཐའ་མར་ བསྟན་རྒྱས་ལྷན་ཁག་འོག་ལུ་ཡོད་པའི་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་ དང་ལེན་འབད་དགོ་པའི་ ཞུ་ཡིག་ཕུལ་ནུག། དེ་ཡང་ རྫོང་ཁག་བདག་སྐྱོང་ལུ་ ནང་འདྲེན་འབད་མི་ ཆུམ་གྱི་ལྗིད་ཚད་ལུ་ ཁྱད་པར་ཞུགས་པའི་སྐོར་ལས་ ཡིག་ཐོག་ལུ་ ཉོགས་བཤད་ལྷོད་པའི་ཤུལ་ལུ་ རྫོང་ཁག་ནང་ ཚོང་ལམ་དང་ …

རྒྱས་པར་ལྷག། »

རྐངམ་ཞ་བོ་ཐལ་མི་ བཀྲིས་གཡང་མཛོ།

༉ རྩི་རང་ལུ་ ཨེ་མ་འཛུགས་སྐྱོང་འབད་མི་ སོ་ནམ་པ་མང་ཤོས་ཅིག་གིས་ དུས་ཅི་ ཆརཔ་མང་སུ་རྐྱབ་མི་ལུ་བརྟེན་ ཨེ་མའི་ཐོན་སྐྱེད་ མར་བབས་སོང་ཡོདཔ་ཨིན་པས། ཨིན་རུང་ སེམས་ལྗོངས་རྒེད་འོག་གི་ མི་ངོམ་ཅིག་གིས་ ཨེ་མའི་ལྕངམ་ཚུ་གུ་ ཆུ་ཤོག་བཀབ་ཐོག་ལས་ འཛུགས་སྐྱོང་འབད་མི་ལུ་བརྟེན་ ཨེ་མའི་ཐོན་སྐྱེད་ ལེགས་ཤོམ་ཡོདཔ་ཨིན་པས། དུས་ཅི་ སྤྱི་ཟླ་༢ པའི་ནང་ རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ …

རྒྱས་པར་ལྷག། »

དམག་མི་བགྲེསཔ་ རྐངམ་ཞ་བོ་ཐལ་བའི་ཤུལ་ལས་ བཟའ་ཚང་གསོ་སྐྱོང་འཐབ་ནི་ལུ་ གདོང་ལེན།

༉ དམག་མི་བགྲེསཔ་ཅིག་ཨིན་མི་ བཀྲིས་གཡང་མཛོ་གི་བུ་ མོང་སྒར་རྒྱལ་པོའི་ཞིང་སློབ་གྲྭ་ཆེ་བའི་ སློབ་རིམ་༡༠ པའི་ནང་ དཔེ་ཆ་ལྷབ་མི་དེ་གིས་ དུས་ཅི་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་ལུ་བརྟེན་ སློབ་གྲྭ་སྒོ་བསྡམས་པའི་ཤུལ་ལུ་ ད་རེས་ ལོག་སློབ་གྲྭ་སྒོ་ཕྱེཝ་ད་ སློབ་གྲྭ་ནང་ འགྱོ་མ་བཏུབ་ནི་དེ་གིས་ སེམས་ཁར་ཚ་གྱང་ལང་ཡོདཔ་ཨིན་པས། བུཚ་དེ་གིས་ སློབ་གྲྭ་ནང་ ལོག་འགྱོ་མ་བཏུབ་མི་དེ་ཡང་ ཡོངས་འབྲེལ་ཐོག་ལས་ …

རྒྱས་པར་ལྷག། »

ཨ་ལོ་ལུ་ ཨོམ་བྱིན་ནིའི་ཁྱབ་ཚད་ བརྒྱ་ཆ་༥༦.༨ ལུ་དམིགས་གཏད།

༉ འབྲུག་རྒྱལ་ཁབ་ནང་ ཨ་ལོ་ལུ་ ཨོམ་བྱིན་མིའི་ཁྱབ་ཚད་ བརྒྱ་ཆ་༥༡.༤ ཡོད་མི་དེ་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༥༦.༨ ལུ་ ཡར་སེང་འབད་ནིའི་ དམིགས་གཏད་ཡོདཔ་ཨིན་པས། ཁ་ཙ་ སྨན་གཡོག་དང་མི་མང་གསོ་བའི་སློབ་ཚོགས་ཀྱིས་ བདུན་ཕྲག་༡ གི་རིང་ ཨ་ལོ་ལུ་ ཨོམ་བྱིན་ནིའི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ འབྲུག་ལུ་ཡོད་མི་ …

རྒྱས་པར་ལྷག། »

ནད་ཡམས་ལུ་བརྟེན་ རྒྱལ་ཁབ་སྒོ་བསྡམ་ནི་ལུ་གྲ་སྒྲིག?

༉ ད་རེས་ནངས་པར་ གཞུང་དང་ལས་འཛིན་གྱི་ ཡིག་ཚང་ཚུ་གིས་གཙོས་པའི་ ཁྲོམ་ཁ་ལས་ཕར་ རྒྱལ་ས་ལྟེ་བ་གིས་གཙོས་པའི་ ས་མཚམས་རྫོང་ཁག་ཚུ་ སྒོ་བསྡམ་ནི་ཨིན་པའི་སྐོར་ ལོ་རྒྱུས་སླབ་སར་གོཝ་མས། དེ་སྦེ་ ལོ་རྒྱུས་སླབ་མི་དང་ འཐོར་གཏམ་བཤད་དགོ་མི་དེ་ཡང་ ཁ་ཙ་ཚུན་ཚོད་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་༡༠༨ ལུ་ ལྷོད་ཡོདཔ་མ་ཚད་ ཉན་ཁུག་མེད་པའི་མི་ཚུ་ ཚུལ་མིན་གྱི་སྒོ་ལས་ …

རྒྱས་པར་ལྷག། »

ཁྲོམ་སྡེའི་སྣང་མེད་ལུ་བརྟེན་ གསར་སྦིས་ཐང་གི་ ལམ་མེདཔ་བཏང་ཡོད་པའི་སྐྱོན་བརྗོད།

༉ ཐིམ་ཕུག་སྔགས་པའི་རོང་ཆུ་དང་ གསར་སྦིས་ཐང་གི་བར་ན་ འཁོར་ལམ་གསརཔ་མཐུད་སྦྲེལ་འབད་མི་དེ་ ཐལཝ་ཁོག་ཁོ་དང་ ལམ་ག་ར་ ཧག་ཀ་ཧོག་ཀ་ཐོན་ཡོད་ནི་དེ་གིས་ ས་གནས་དེ་ཁར་སྡོད་མི་ཚུ་ ཙིག་མུག་ལང་སྟེ་ ཁྲོམ་སྡེ་ལུ་ འགན་འཁྲི་བཀལ་དགོཔ་སྦེ་ སླབ་ཨིན་པས། གསར་སྦིས་ཐང་གི་ཚོགས་པ་ སྐལ་བཟང་གིས་ སླབ་མིའི་ནང་ ས་ཁོངས་དེ་ སྤྱི་ལོ་༢༠༠༢ ལས་ཚུར་ ཁྲོམ་སྡེ་འོག་ལུ་ཚུད་དེ་ ཁྲལ་ཡང་ཁྲོམ་སྡེ་དང་ཅོག་འཐདཔ་སྦེ་ …

རྒྱས་པར་ལྷག། »

སེ་རོ་བརྟག་དཔྱད་སྐབས་ ཀོ་བིཌ་-༡༩ ཡོདཔ་ཐོན་རུང་ པི་སི་ཨར་ནང་མེདཔ།

༉ སྤྱི་ཟླ་༨ པའི་ཚེས་༥ ལུ་ མཇུག་བསྡུ་མི་ སེ་རོ་བརྟག་དཔྱད་ཀྱི་སྐབས་ ཕུན་ཚོགས་གླིང་ལུ་ ཨམ་སྲུ་ཅིག་ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་༼ཀོ་བིཌ་-༡༩༽ཡོད་པའི་ གྲུབ་འབྲས་ཐོན་ཡོད་རུང་ ནད་འབུབ་ཡོད་མེད་ གཏན་འཁེལ་བཟོ་ནིའི་དོན་ལུ་ པི་སི་ཨར་ཐོག་ལུ་ བརྟག་དཔྱད་འབད་བའི་སྐབས་ ནད་འབུབ་མེདཔ་ཐོན་ནུག། དེ་ཡང་ བརྟག་དཔྱད་ཀྱི་སྐབས་ ཀོ་བིཌ་-༡༩ ཐོབ་ད་ རང་གི་གཟུགས་ཀྱིས་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

བཀྲིས་གཡང་རྩེ་ལས་ བཀྲིས་སྒང་དང་ མོང་སྒར་རྫོང་ཁག་ནང་ མཐུད་སྦྲེལ་འབད་མི་ མདོ་གསུམ་ལྕགས་ཟམ་དེ་ སྤྱི་ཟླ་༨ པའི་ཚེས་༤ ལུ་ ཉིན་མ་ཁམས་ཅིག་ཁར་ ལམ་ལྟག་ལས་མར་ ས་རུད་སྦོམ་སྦེ་ ཆད་མི་ལུ་བརྟེན་ གནོད་སྐྱོན་རྐྱབ་ཡོདཔ་ལས་ ཟམ་ཉམས་བཅོས་འབད་ཚུགས་ཚུགས་ལུ་ བདུན་ཕྲག་༢ དེ་ཅིག་ འགོར་ནི་མས་ཟེར་ བཀྲིས་སྒང་ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

རྒྱས་པར་ལྷག། »

སྤུ་ན་ཁ་ལུ་ ཆར་ཆུ་འབོལ་མི་ལུ་བརྟེན་ ལྕང་ལཱ་རྐྱབ་ནི་ལུ་ ཕན་ཐོགས་བྱུང་ཡོདཔ།

༉ དུས་ཅི་ སྤུ་ན་ཁ་དཀར་སྦྱིས་ པེ་ཏ་རི་སྤྱི་འོག་ནང་ ཆར་ཆུ་འབོལ་མི་ལུ་བརྟེན་ ཆུ་ཞིང་ཨེ་ཀར་༨༠ དེ་ཅིག་ནང་ ལྕང་ལཱ་རྐྱབ་ཡོདཔ་ཨིན་པས། ན་ཧིང་གི་ལོ་ནང་ སྤྱི་འོག་དེ་གིས་ ཆུ་ཞིང་ཨེ་ཀར་༡༠ དེ་ཅིག་མ་གཏོགས་ ཟ་སྤྱོད་མ་འབད་བར་བཞག་ཡོདཔ་ད་ པེ་ཏ་རི་ཚོགས་པ་ པདྨ་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་འོག་ནང་ ཆུ་རྐ་༢ ཡོད་དེ་འབད་རུང་ ཁྱིམ་གུང་༤༠ …

རྒྱས་པར་ལྷག། »

ས་མཚམས་ཕྱི་ཁར་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་མི་ མང་སུ་ཐོན་དོ་ཡོདཔ།

༉ ད་ཚུན་གྱི་བར་ན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འགལ་ཐོག་ལས་ ས་མཚམས་ཕྱི་ཁར་སོང་པའི་ རྩོད་དོན་ཁག་༨༨ ཐོ་བཀོད་འབད་མིའི་ནང་ མི་༡༣༣ གྲལ་གཏོགས་ཡོདཔ་ཨིན་པས། འབྲུག་མི་ཚུ་ ས་མཚམས་ཀྱི་ སྒྲིག་གཞི་ཚུ་ལུ་ མ་གནས་པར་ ས་མཚམས་བརྒལ་ཏེ་སོང་མིའི་ རྩོད་དོན་དེ་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་བའི་ སྙན་ཞུ་ལྷོད་དོ་ཡོདཔ་ཨིན་པས། ཁྲིམས་གཅོད་གྲུབ་ཡོདཔ། བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ …

རྒྱས་པར་ལྷག། »