admin

ཧིན་དུ་ཀུཤ་ཧི་མ་ལ་ཡ་ལུང་ཕྱོགས་ནང་ རང་བཞིན་གྱི་སོ་ནམ་ཐོན་སྐྱེད་ ཡར་དྲག་གཏང་ནི།

༉ ཧིན་དུ་ཀུཤ་ཧི་མ་ལ་ཡ་ལུང་ཕྱོགས་ནང་ རང་བཞིན་གྱི་ སོ་ནམ་རིག་རྩལ་དང་ ལག་ལེན་ལེགས་ལྡན་ དེ་ལས་ ཉམས་མྱོང་བརྗེ་སོར་འབད་ནིའི་དོན་ལུ་ ན་གཞོན་གྲལ་གཏོགས་དང་ ཚོང་ལཱ་གོང་འཕེལ་གྱི་ རང་བཞིན་སོ་ནམ་གྱི་ ལུང་ཕྱོགས་མཁས་འཛོམས་ཅིག་ སྤ་རོ་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་འདུག། ལས་རིམ་དེ་གིས་ ཚོང་འབྲེལ་མཉམ་འབྲེལ་གྱི་ གོ་སྐབས་ཡར་དྲག་གཏང་ནི་དང་ འབྲུག་གི་ རྒྱལ་ཡོངས་རང་བཞིན་དམིགས་བསལ་ལས་རིམ་ ལག་ལེན་འཐབ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས། …

རྒྱས་པར་ལྷག། »

ལོ་བསྟར་བཞིན་དུ་ ཀེ་བའི་ཚོང་འབྲེལ་ ཡར་སེང་འགྱོ་དོ་ཡོདཔ།

༉ འདས་པའི་ལོ་ཚུ་ནང་ རྒྱལ་ཁབ་ནང་འཁོད་ལས་ ཀེ་བའི་ཐོན་སྐྱེད་དེ་ ཏན་ཏན་མེདཔ་སྦེ་སླབ་དོ་ཡོད་རུང་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ གནས་ཐོ་དང་འཁྲིལཝ་ད་ ཚོང་འབྲེལ་དེ་ ཡར་དྲག་སོང་ཡོདཔ་སྦེ་ཨིན་པས། དེ་ཡང་ དུས་ཅི་ ཕུན་ཚོགས་གླིང་གི་ རིན་བསྡུར་ཁང་ནང་ འདས་པའི་རེས་གཟའ་ཕུར་བུ་ཚུན་ ཀེ་བ་ མེ་ཊིག་ཊཱོན་༢༥,༢༠༠ ཚོང་འབྲེལ་འཐབ་མི་གིས་ དངུལ་ཀྲམ་ས་ཡ་༦༡༩ དེ་ཅིག་བཟོ་ཡོདཔ་ད་ ད་རུང་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢ པ་ བརྩི་སྲུང་ཞུཝ་དང་འབྲེལ་ འབྲུག་བརྡ་བརྒྱུད་ཚོགས་སྡེ་ཡིག་ཚང་གིས་ ཐིམ་ཕུག་ལྕང་སྒང་ཁ་ལུ་ ཁོང་རའི་ ཡིག་ཚང་ནང་སྦེ་ བཀོད་ཚོགས་ཀྱི་འཐུས་མི་ཚུ་དང་ ལེགས་སྨོན་ཞུ་མི་ཚུ་འཛོམས་ཐོག་ ཡོངས་འབྲེལ་འཆར་སྒོ་(www.mediacouncil.gov.bt) གསར་བཏོན་འབད་ཡོདཔ་ལས་ ད་ལས་ཕར་ བརྡ་བརྒྱུད་དང་འབྲེལ་བའི་ བརྡ་དོན་ཚུ་ ག་ཅི་ར་འབད་རུང་ ཡོངས་འབྲེལ་འཆར་སྒོ་འདི་ནང་ལས་ འཐོབ་ཚུགས་ནི་ཨིན་པའི་གནས་ཚུལ།

རྒྱས་པར་ལྷག། »

བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ མི་སེར་ཚུ་གིས་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་ཡོདཔ།

༉ འབྲུག་རྒྱལ་ཁབ་ཀྱི་ས་གནས་ མཐའ་དབུས་མེད་པར་ རྒྱལ་ཡོངས་དུས་ཆེན་ ཐེངས་༡༡༢ པ་ བརྩི་སྲུང་ཞུ་མི་དང་འབྲེལ་ བཀྲིས་སྒང་རྫོང་ཁག་གིས་ བཀྲིས་སྒང་འབྲིང་རིམ་བར་མའི་ རྩེད་ཐང་ནང་སྦེ་ བརྩི་སྲུང་ཞུ་ཡི། བརྩི་སྲུང་ནང་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ ཚོང་པ་ཚུ་གིས་ རང་སོའི་ ཚོང་ཁང་ཚུ་གི་གདོང་ཁར་ རྒྱལ་དར་འཕྱར་ཐོག་ལས་ བརྩི་སྲུང་ཞུ་ཡི། དུས་ཆེན་བརྩི་སྲུང་དེ་ཡང་ …

རྒྱས་པར་ལྷག། »

རྒྱལ་སྲུང་ལས་རིམ་ ན་གཞོན་ཚུ་ལུ་ གསོལ་རས་སྦོམ་ཤོས་ཅིག་ཨིནམ།

༉ སྤྱི་ལོ་༢༠༢༢ ལས་ ན་གཞོན་ཚུ་གི་དོན་ལུ་ རྒྱལ་སྲུང་སྦྱོང་བརྡར་ ཤོ་ཐེངས་དང་པ་ འགོ་བཙུགས་ནི་ཨིནམ་ལས་ འབྲུག་པའི་རྒྱལ་རབས་ནང་ མི་སེར་གྱི་རྒྱལ་པོའི་ མཛད་བྱ་བཟང་པོ་ཅིག་སྦེ་ ཚུད་ནི་ཨིན་མས། དེ་བཟུམ་སྦེ་ ང་བཅས་ན་གཞོན་ཚུ་འབད་རུང་ རང་སོའི་མིང་ཚུ་ འབྲུག་པའི་རྒྱལ་རབས་ནང་ ཚུད་ནི་ཨིནམ་ལས་ དཔའ་ཉམས་བསྐྱེད་ནིའི་ གོ་སྐབས་བཟང་པོ་ཅིག་ཨིན་མས། མི་དབང་མཆོག་གིས་ ཨ་རྟག་ར་ …

རྒྱས་པར་ལྷག། »

རྒྱལ་ཡོངས་ན་གཞོན་སྲིད་བྱུས་༢༠༡༡ ཅན་མ་ བསྐྱར་ཞིབ་འབད་ནི།

༉ ད་རེས་ ན་གཞོན་དང་འབྲེལ་བའི་དཀའ་ངལ་ཚུ་ རྒྱལ་ཡོངས་ན་གཞོན་སྲིད་བྱུས་༢༠༡༡ ཅན་མ་ བསྐྱར་ཞིབ་འབདཝ་དང་འབྲེལ་ སེལ་ཐབས་འབད་ཚུགས་ནི་ཨིན་པས། རྒྱལ་ཡོངས་ན་གཞོན་སྲིད་བྱུས་༢༠༡༡ ཅན་མ་ བསྐྱར་ཞིབ་འབད་ནིའི་དོན་ལུ་ སྤྱི་ཟླ་༡༢ པའི་ཚེས་༡༦ ལུ་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ ཞལ་འཛོམས་ཐེངས་དང་པ་ འགོ་འདྲེན་འཐབ་ཅི། ལས་རིམ་སྐབས་ བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ སྲིད་བྱུས་བསྐྱར་ཞིབ་འབདཝ་ད་ …

རྒྱས་པར་ལྷག། »

མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢ པའི་ནང་ ཕན་རླབས་ཆེ་བའི་ གསུང་བཤད་གནང་ཡོདཔ།

༉ ཁ་ཙ་ ལྕང་གླིང་མི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢ པ་ བརྩི་སྲུང་ཞུ་མི་ སྟོང་ཕྲག་ལས་བཅད་དེ་འོང་ཡོད་རུང་ ལེ་ཤ་ཅིག་ར་ ནང་ན་འཛུལ་མ་ཚུགས་པར་ ཕྱི་ཁར་ལས་ ལོག་འགྱོ་དགོཔ་ཐོན་ནུག། ལྕང་གླིང་མི་ཐང་ནང་ མི་གྲངས་༢༨,༠༠༠ ལྷགཔ་ཅིག་གི་ ཤོང་ཚད་ཡོད་རུང་ མི་ཚུ་གིས་ ནུབ་ཕྱེད་དེ་ཅིག་ལས་ར་ ཐང་ནང་འཛུལ་ནི་ འགོ་བཙུགས་མི་དེ་གིས་ དྲོ་པའི་ཆུ་ཚོད་༣ …

རྒྱས་པར་ལྷག། »

མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་མཆོག་གི་སྐུ་མཆེད་ སང་ཕོད་འཁྲུངས་ནི།

༉ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་སེར་སྟོང་ཕྲག་ལས་བཅད་དེ་ འཛོམས་མི་ཚུ་ལུ་ སང་ཕོད་ གནམ་ལོ་བྱི་ལོ་ནང་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་མཆོག་གི་སྐུ་མཆེད་ འཁྲུངས་ནི་ཨིན་པའི་ གསལ་བསྒྲགས་གནངམ་ད་ དེ་ཁར་འཛོམས་མི་ཚུ་ག་ར་ སེམས་ཀྱི་གདིང་ལས་ར་ དགའ་སྤྲོ་ཚད་མེད་བྱུང་སྟེ་ ལགཔ་ཐལ་རྩེ་བརྡུངས་ཡི། མི་དབང་མཆོག་གིས་ རྒྱལ་སྲས་མཆོག་གི་སྐུ་མཆེད་དེ་ ད་ལྟོ་ …

རྒྱས་པར་ལྷག། »

མི་དབང་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་རྟགས་མ་ གནང་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢ པ་ བརྩི་སྲུང་ཞུ་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་གཟེངས་བསྟོད་རྟགས་མ་བསྡོམས་༨ གནང་ཡོདཔ་ད་ དེ་ཡང་ འབྲུག་ཐུགས་སྲས་རྟགས་མ་༢ དང་ འབྲུག་དབང་རྒྱལ་རྟགས་མ་༡ དེ་ལས་ གསེར་གྱི་རྟགས་མ་༥ གནང་ཡི། མི་དབང་མཆོག་གིས་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ཀུན་ལེགས་ལུ་ རྒྱལ་ཡོངས་གཟེངས་བསྟོད་ …

རྒྱས་པར་ལྷག། »

ཀྲོང་གསར་རྫོང་ཁག་གིས་ དཀར་མེ་དང་ ཞབས་བརྟན་ཕུལ་ཏེ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་།

༉ ཀྲོང་གསར་རྫོང་ཁག་གིས་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢ པ་ བརྩི་སྲུང་ཞུ་ནིའི་དོན་ལུ་ དྲོ་པ་ རྫོང་གི་ཀུན་ར་ནང་ དཀར་མེ་ཕུལ་ཞིནམ་ལས་ མི་དབང་མཆོག་ལུ་ ཞབས་བརྟན་ཕུལ་ཡོདཔ་ད་ དེ་གི་ཤུལ་ལས་ ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ རྩེད་ཐང་ནང་སྦེ་ མི་དབང་མཆོག་གི་ གསུང་བཤད་ཉན་ཞིནམ་ལས་ ལས་རིམ་ཚུ་འགོ་བཙུགས་ཡི། བརྩི་སྲུང་ནང་ རྫོང་ཁག་གི་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གི་ བཅའ་མར་གཏོགས་ཡོདཔ་མ་ཚད་ …

རྒྱས་པར་ལྷག། »