admin

ཁྲིམས་སྲུང་འགག་པ་གིས་ དངུལ་ཀྲམ་ས་ཡ་༤༢.༦༠ གནས་པའི་ སྨྱོ་རྫས་རིན་ཐང་ཅན་འཕྱོག་བཟུང་།

༉ འདས་པའི་བདུན་ཕྲག་ནང་ ཐིམ་ཕུག་ཁྲིམས་སྲུང་འགག་སྡེ་གིས་ བཀག་དམ་ཅན་གྱི་སྨྱོ་རྫས་ ཧ་ཤིཤ་ཟེར་མི་ ཀེ་རྣམ་དུམ་སྒྲིལ་ཀེ་ཇི་༡༩.༣༠ དང་ ཀི་རིསི་ཊཱལ་མཱེཐ་ཟེར་ ཤེལ་གུ་རམ་དང་ དབྱེ་བ་མེདཔ་སྦེ་ཡོད་མི་ སྨྱོ་རྫས་ག་རམ་༦༠༠ འཕྱོག་བཟུང་འབད་ནུག། སྨྱོ་རྫས་གཉིས་བསྡོམས་ད་ གནས་གོང་ཡུ་ཨེསི་ཌོ་ལར་༦༠༠,༠༠༠ འབདཝ་ད་ དངུལ་ཀྲམ་ས་ཡ་༤༢.༦༠ དེ་ཅིག་གི་ རྩིས་ཨིནམ་ད་ ཕྱི་རྒྱལ་ལུ་ སྨྱོ་རྫས་ཧ་ཤིཤ་ག་རམ་རེ་ལུ་ …

རྒྱས་པར་ལྷག། »

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཅིག་ བྱང་སྟོར་ཤོར་ཡོདཔ།

༉ སྐྱེས་ལོ་༢༠ ལང་མི་ ཤེས་རབ་རྩེ་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ བྱང་སྟོར་ཤོར་ཏེ་ བདུན་ཕྲག་ལྷག་སོ་རུང་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པས། ལོ་ངོ་དང་པའི་ནང་ མཐོ་རིམ་ཤེས་ཡོན་ལྷབ་མི་ སློབ་ཕྲུག་དེ་ སྤྱི་ཟླ་༡༢ པའི་ཚེས་༣ གྱི་ཉི་མར་ ཆུ་ཚོད་༡༡;༣༠ དེ་ཅིག་ཁར་ གར་སོང་མེད་པར་ བྱང་ཡོདཔ་ཨིན་པས། སློབ་ཕྲུག་དེ་ …

རྒྱས་པར་ལྷག། »

བཀྲིས་གཡང་རྩེཔ་ཚུ་གིས་ སྐྱེ་ལྡན་མེ་རླུང་བཱ་ཡོ་གེསི་ ལག་ལེན་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ།

༉ བཀྲིས་གཡང་རྩེ་རྫོང་ཁག་ནང་ ཁྱིམ་གུང་པ་༦༢ དེ་ཅིག་གིས་ མེ་རླུང་གེསི་རྒྱ་རྫི་གི་ཚབ་ སྐྱེ་ལྡན་མེ་རླུང་བཱ་ཡོ་གེསི་ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་འདུག། དེ་ཡང་ སྤྱི་ལོ་༢༠༡༤ ལས་ ལག་ལེན་འཐབ་ནིའི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ སྐྱེ་ལྡན་མེ་རླུང་བཱ་ཡོ་གེསི་དེ་ གདམ་ཁ་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས། ད་རེས་ རམ་འཇར་རྒེད་འོག་ནང་ སྐྱེ་ལྡན་མེ་རླུང་བཱ་ཡོ་གེསི་བཟོ་མི་༦༡ …

རྒྱས་པར་ལྷག། »

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༥ ལུ་ ནེ་པཱལ་གྱིས་ གཱོལ་དང་པ་བཙུགས་ཡོདཔ་ད་ དེ་གི་ཤུལ་ལས་ …

རྒྱས་པར་ལྷག། »

ནང་འཁོད་ཀྱི་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནི་ལུ་ རྒྱབ་སྐྱོར་འབད་དགོཔ།

༉ སོ་ནམ་ལྷན་ཁག་དང་ བསྟན་རྒྱས་ལྷན་ཁག་གིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ སོ་ནམ་པ་ཚུ་གིས་ རང་བཞིན་གྱི་ སོ་ནམ་ཐོན་སྐྱེད་འབད་དགོ་པའི་ ཨུ་ཚུགས་བསྐྱེདཔ་ཨིན་མས། དེ་དང་བསྟུན་ སོ་ནམ་ལྷན་ཁག་གིས་ གཞུང་འབྲེལ་ཚོགས་སྟོན་དང་ གཞུང་འབྲེལ་ལས་རིམ་ཚུ་ནང་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ཚུ་རྐྱངམ་གཅིག་ལུ་ ངོས་ལེན་འབད་ནི་སྦེ་ ཐག་བཅད་མི་དེ་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་མས། སོ་ནམ་པ་ཚུ་གི་དོན་ལུ་ གཞུང་འབྲེལ་གྱི་ འཛོམས་འདུ་ཚུ་ལུ་བརྟེན་ …

རྒྱས་པར་ལྷག། »

ཨེཆ་ཨེཕ་སི་བཙོག་རླུང་མར་ཕབ་ཀྱི་ གྲ་སྒྲིག་དོན་ལུ་ ཞལ་འཛོམས་འཚོགས་ཡོདཔ།

༉ གནམ་གཤིས་འགྱུར་བགྲོད་ལུ་གནོད་པ་བྱུང་མི་ བཙོག་རླུང་མར་ཕབ་རྐྱབ་ནི་ལུ་ དུས་ཅི་ འབྲུག་གིས་ སྤྱི་ཟླ་༩ པའི་ཚེས་༢༧ ལུ་ ཨོ་ཟོན་བང་རིམ་གྱི་ མཱོན་ཊི་རི་ཡལ་མཐུན་སྒྲིག་དོན་ལུ་ ཀི་ག་ལི་འཕྲི་སྣོན་གན་ཡིག་ལུ་ ཁས་ལེན་འབད་ཡོདཔ་ཨིན་པས། ཁས་ལེན་དེ་ཡང་ འབྲུག་གིས་ སྤྱི་ལོ་༢༠༢༤ ལས་ ཨེཆ་ཨེཕ་སི་ཟེར་མི་བཙོག་རླུང་ མེདཔ་བཟོ་ནིའི་དོན་ལུ་ཨིན་པས། གནད་དོན་དེ་གི་དོན་ལུ་ ཁ་ཙ་ལས་ …

རྒྱས་པར་ལྷག། »

ནང་འཁོད་ཀྱི་ སོ་ནམ་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནིའི་ ཐབས་ལམ་གསརཔ་ཅིག་བཏོན་ཡོདཔ།

༉ གཞུང་འབྲེལ་གྱི་ ཚོགས་སྟོན་ལས་རིམ་ནང་ ཡོངས་གྲགས་ཅན་གྱི་ ནང་འཁོད་ལས་ཐོན་མི་ གཡུས་ཆུམ་དམརཔོ་ ཕག་ཤ་དང་ བྱ་ཤ་ ཉ་ཤ་ སྤ་ཚར་འདམ་རུའི་བྱ་རྒྱུ་ཚུ་ ལོངས་སྤྱོད་པ་ཅིན་ ཕྱིའི་རྒྱལ་ཁབ་ལས་ ནང་འདྲེན་མར་ཕབ་དང་ ནང་འཁོད་ཐོན་སྐྱེད་ ཡར་སེང་འབད་ནི་ལུ་ ཁྱད་ཕན་འབྱུང་ནི་ཨིན་པས། ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ གོང་འཕེལ་གཏང་ནི་གི་ འོས་འབབ་ཡོད་མི་དེ་ཡང་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

ཁ་ཙ་ འབྲུག་གཞུང་གིས་ ཐིམ་ཕུག་ལྕང་སྒང་ཁ་ལྷ་ཁང་ནང་ དཀར་མེ་སྟོང་མཆོད་ཕུལ་ཐོག་ལས་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་ སཱག་གཞི་བཙུགས་ཀྱི་ བཀའ་ཁྲིམས་ཆ་འཇོག་གྲུབ་སྟེ་ ལོ་ངོ་༣༥ པ་འཁོར་བའི་ དུས་སྟོན་བརྩི་སྲུང་འབད་བའི་སྐབས་ལུ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ དེ་ལས་ རྒྱལ་སྤྱི་ལས་སྡེའི་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

རྒྱས་པར་ལྷག། »

ཞི་གཡོག་ཆོས་རྒྱུགས་ནང་ལས་༡,༥༩༣ གྱིས་ མཐར་འཁྱོལ་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡,༧༤༨ ཀྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་རྐྱབ་མིའི་གྲས་ལས་༡,༥༩༣ གྱིས་ སྐུགས་ཚད་བརྒྱ་ཆ་༥༠ ཡན་ཆད་ཐོབ་སྟེ་ མཐར་འཁྱོལ་བྱུང་ནུག། ཆོས་རྒྱུགས་ཀྱི་ གྲུབ་འབྲས་དེ་ཡང་ ཁ་ཙ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་ཡོདཔ་ད་ སྤྱི་ལོ་༢༠༢༠ ནང་ ཞི་གཡོག་པའི་ …

རྒྱས་པར་ལྷག། »

གཞུང་ལས་ ངན་ལྷད་ལུ་ བཟོད་བསྲན་མེདཔ།

༉ ཁ་ཙ་ རྒྱལ་སྤྱི་ངན་ལྷད་ཀྱི་ཉིནམ་ བརྩི་སྲུང་འབདཝ་ད་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ ཁོ་རའི་གཞུང་གིས་ གནས་སྟངས་ག་བཟུམ་མའི་ཐོག་ལས་འབད་རུང་ ངན་ལྷད་ཀྱི་བྱ་བ་ལུ་ བཟོད་བསྲན་མེད་ཟེར་ གསུངས་ཡོད་པའི་ཁར་ གཞུང་གི་ཁ་ཐུག་ལས་འབད་རུང་ ཚུལ་མཐུན་དང་ བརྩི་མཐོང་ དེ་ལས་ དྲང་སྤྱོད་ཐོག་ལས་ ཕྱག་ཞུ་ནི་ཟེར་གསུངས་ཡི། དུས་ཅི་གི་ ཉིནམ་བརྩི་སྲུང་དེ་ ངན་ལྷད་མེད་པའི་མི་སྡེ་བཟོ་ཐབས་དོན་ལུ་ གོ་བ་བརྡ་སྤྲོད་འབད་དེ་ …

རྒྱས་པར་ལྷག། »