ཨོ་རྒྱན་ཨེ་ཀ་ཌ་མི་སློབ་གྲྭ་གིས་ ཨང་དང་པའི་ནང་ སྣ་ཁྲིད་འབད་དོ་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༡ ལས་འགོ་བཙུགས་ བྷུ་ཊཱན་པི་མི་ཡར་ལིག་ཕུཊ་བཱོལ་ རྩེད་འགྲན་འགོ་བཙུགས་ཏེ་ ད་ལྟོ་ཚུན་ སྡེ་ཚན་༨ ཀྱི་བར་ན་ རྩེད་འགྲན་༣ རེ་འབདཝ་ད་ ཨོ་རྒྱན་ཨེ་ཀ་ཌ་མི་སློབ་གྲྭ་གིས་ སྐུགས་༧ ཐོབ་སྟེ་ སྣ་ཁྲིད་འབད་དེ་འདུག།

ཨོ་རྒྱན་ཨེ་ཀ་ཌ་མི་སློབ་གྲྭ་གིས་ སྡེ་ཚན་ཅིག་དང་ རྒྱལ་ཕམ་ཕྱེ་མ་ཚུགས་མི་ལུ་བརྟེན་ཨིནམ་ད་ ཐིམ་ཕུག་སི་ཊི་གིས་ཡང་ སྐུགས་༧ ཐོབ་ཡོད་རུང་ གཱོལ་༡ གིས་ ཨོ་རྒྱན་ཨེ་ཀ་ཌ་མི་སློབ་གྲྭ་ མཐོ་ནི་དེ་གིས་ སྡེ་ཚན་ཚུ་ སྣ་ཁྲིད་འབད་དེ་འདུག།

ཊཱང་ཕོཊ་ཡུ་ནའེ་ཊེ་གིས་ སྐུགས་༤ ཐོབ་སྟེ་ ཨང་༣ པའི་ནང་ཡོདཔ་ད་ སྤ་རོ་ཨེཕ་སི་གིས་ སྐུགས་༣ ཐོབ་སྟེ་ ཨང་༤ པ་ ཧའི་ཀོ་ལི་ཊི་ ཡུ་ནའེ་ཊེ་ ཨང་༥ པ་ བསྟན་སྲུང་གིས་ སྐུགས་༡ དེ་ལས་ སྤ་རོ་ཡུ་ནའེ་ཊེ་དང་ འབྲུག་ཨིསི་ཊར་སྡེ་ཚན་༢ ཀྱིས་ སྐུགས་ཕུད་རྡོག་༡ ཡང་ འཐོབ་མ་ཚུགས་པས།

སྤྱི་ཟླ་༩ པའི་ཚེས་༢༠ ལུ་ སྤ་རོ་ལུ་སྦེ་ སྤ་རོ་ཨེཕ་སི་དང་ ཐིམ་ཕུག་སི་ཊི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཐིམ་ཕུག་སི་ཊི་གིས་ གཱོལ་༤ དང་ སྤ་རོ་ཨེཕ་སི་གིས་ གཱོལ་༣ ལས་བརྒལ་ བཙུགས་མ་ཚུགསཔ་ལས་ ཐིམ་ཕུག་སི་ཊི་གིས་ སྐུགས་༣ ཐོབ་ཅི།

ད་རིས་ ཐིམ་ཕུག་སི་ཊི་གིས་ ཧའེ་ཀོ་ལི་ཊི་དང་ ནངས་པར་ སྤ་རོ་ཡུ་ནའེ་ཊི་གིས་ ཊཱངསི་ཕོཊ་ཡུ་ནའེ་ཊེ་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིནམ་ད་ སྤྱི་ཟླ་༩ པའི་ཚེས་༢༧ ལུ་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ བསྟན་སྲུང་སྡེ་ཚན་དང་ དོ་འགྲན་འབད་ནི་ཨིན་པས།

དུས་ཅི་གི་ བྷུ་ཊཱན་པི་མི་ཡར་ལིག་ཕུཊ་བཱོལ་ རྩེད་འགྲན་ནང་ སྡེ་ཚན་༨ ཀྱིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *