འབྲུག་པའི་སྡེ་ཚན་(ཁེན་འཇར་སེརཔོ) དང་ ཇོར་ཌན་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

ཨེ་ཤི་ཡན་ཕུཊ་བཱོལ་མཐུན་ཚོགས་༢༠༢༠ འི་ ཕུཊ་བཱོལ་དྲག་ཤོས་ཀྱི་ མཐར་འཁྱོལ་རྩེད་འགྲན་ནང་ འབྲུག་པའི་སྡེ་ཚན་ཕམ་བཏང་ཡོདཔ།

༉ སྐྱེས་ལོ་༡༩ མན་ཆད་འབད་མི་ འབྲུག་པའི་རྒྱལ་ཡོངས་ཕུཊ༌བཱོལ་རྩེད་འགྲན་སྡེ་ཚན་གྱིས་ ཨེ་ཤི་ཡན་ཕུཊ་བཱོལ་མཐུན་ཚོགས་༢༠༢༠ འི་ ཕུཊ་བཱོལ་དྲག་ཤོས་ཀྱི་ མཐར་འཁྱོལ་རྩེད་འགྲན་ནང་ བཅའ་མར་གཏོགས་ཡོདཔ་ད་ སྤྱི་ཟླ་༡༡ པའི་ཚེས་༦ ལུ་ ཇོར་ཌན་རྒྱལ་ཁབ་ཀྱིས་ ཕམ་བཏང་ནུག།
རྒྱལ་ཁབ་གཉིས་ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ སྐར་མ་༡༢ འགྱོཝ་ད་ ཇོར་ཌན་སྡེ་ཚན་གྱིས་ གཱོལ་དང་པ་བཙུགས་པའི་ཤུལ་ལས་ པེ་ནཱལ་ཊི་གཱོལ་ དེ་ལས་ བར་མཚམས་ཀྱི་ཤུལ་ལུ་ ད་རུང་ གཱོལ་༡ བཙུགས་མི་དང་འཁྲིལ་ གཱོལ་༣ བཙུགས་ཡོད་རུང་ འབྲུག་གིས་ དོ་འགྲན་འབད་མ་ཚུགས་པས།
བཱ་རན་རྒྱལ་ཁབ་ནང་སྦེ་ འགོ་འདྲེན་འཐབ་མི་ བཱ་རན་སྡེ་ཚན་གྱིས་ བང་ལ་དེཤ་ལུ་ གཱོལ་༣ བཙུགས་ཏེ་ཕམ་བཏང་ཡོདཔ་ད་ ད་རིས་ འབྲུག་གིས་ བཱ་རན་སྡེ་ཚན་དང་ བང་ལ་དེཤ་གིས་ ཇོར་ལྡན་སྡེ་ཚན་དང་ རྩེད་འགྲན་འབད་ནི་དང་ སྤྱི་ཟླ་༡༡ པའི་ཚེས་༡༠ ལུ་ བང་ལ་དེཤ་སྡེ་ཚན་དང་ དོ་འགྲན་འབད་ནི་ཨིན་པས།
ཨེ་ཤེ་ཡཱན་རྒྱལ་ཁབ་ཚུ་གི་བར་ན་ ཕུཊ༌བཱོལ་རྩེད་འགྲན་འབད་མི་ལས་ ད་ལྟོ་ཚུན་ ཕུཊ་བཱོལ་དྲག་ཤོས་ཨང་དང་པ་ ས་འུཐ་ ཨ་རཱ་བི་ཡ་དང་ ས་འུཐ་ཀོ་རི་ཡ་ཨང་༢ པ་ ཀ་ཊར་ཨང་༣ པ་ ཇ་པཱན་ཨང་༤ པ་ ཐའེ་ལེནཌ་ཨང་༥ པ་ཨིནམ་ད་ ཇོར་ཌན་ཨང་༡༠ པ་ བང་ལ་དེཤ་ཨང་༢༤ ཨིནམ་ད་ འབྲུག་དང་ ཨཱཕ་ག་ནིསི་ཊཱན་ ཀུ་ཝེཊ་ པ་ཀིས་ཊཱན་ དེ་ལས་ གོ་ཝམ་ བྱང་མཱ་རི་ན་མཚོ་གླིང་རྒྱལ་ཁབ་ཚུ་ གོ་རིམ་གྱི་གྲས་ཁར་ མ་ཚུདཔ་ཨིན་པས།
འབྲུག་པའི་སྡེ་ཚན་འདི་ དབྱེ་ཁག་༥ པའི་ སྡེ་ཚན་ནང་ཨིནམ་ད་ ཨེ་ཤི་ཡན་ཕུཊ་བཱོལ་མཐུན་ཚོགས་༢༠༢༠ གི་ མཐར་འཁྱོལ་ཕུཊ་བཱོལ་དྲག་ཤོས་ཀྱི་ འགྲན་བསྡུར་ནང་ རྒྱལ་ཁབ་༤༦ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ དབྱེ་ཁག་སྡེ་ཚན་༡༡ འདུག།
མཐར་འཁྱོལ་ཕུཊ༌བཱོལ་རྩེད་འགྲན་དེ་ སྤྱི་ཟླ་༡༠ པའི་ཚེས་༢ ལུ་ ཏ་ཇི་ཀིས་ཊཱན་ལུ་སྦེ་ སི་རི་ཡ་དང་ མཱལ་དིབསི་ ལེ་བི་ནཱོན་ དེ་ལས་ ཏ་ཇི་ཀིས་ཊཱན་རྒྱལ་ཁབ་༤ གི་བར་ན་ རྩེད་འགྲན་འབད་ཡོདཔ་ད་ སྤྱི་ཟླ་༡༡ པའི་ཚེས་༦ ལུ་ རྒྱལ་ཁབ་༣༧ གྱི་བར་ན་ རྩེད་འགྲན་འབད་ཡོདཔ་ཨིན་པས།
ཀེམ་བོ་ཌི་ཡའི་ ཕུཊ༌བཱོལ་རྩེད་འགྲན་ནང་སྦེ་ འགོ་འདྲེན་འཐབ་པའི་སྐབས་ ཐའི་ལེནཌ་སྡེ་ཚན་གྱིས་ བྱང་མཱ་རི་ན་མཚོ་གླིང་ལུ་ གཱོལ་༢༡ བཙུགས་ཏེ་ ཕམ་བཏངམ་ད་ སྡེ་ཚན་གྱིས་ ཐའི་ལེནཌ་ལུ་ གཱོལ་༡ ཡང་ བཙུགས་མ་ཚུགས་པས།
སྐོར་ཐེངས་དང་པའི་ནང་ སྡེ་ཚན་༤༦ གིས་ བཅའ་མར་གཏོགས་ཡོད་མི་ལས་ དྲག་ཤོས་ཐོན་མི་ སྡེ་ཚན་༢༢ ཀྱིས་ སྐོར་ཐེངས་༢ པའི་ནང་ ལྷོད་ཚུགས་ནི་དང་ མཐའ་བཅད་རྩེད་འགྲན་ནང་ སྡེ་ཚན་༡༤ ལྷོད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *