སྨན་རིགས་རེ་ནི་ཊི་ཌིན་ ལག་ལེན་འཐབ་ནི་དང་ བཙོང་མ་ཆོག་པའི་ བཀག་ཆ་འབད་ཡོདཔ།

༉ རྒྱལ་སྤྱིའི་མི་སྡེ་ཚུ་ནང་ རེ་ནི་ཊི་ཌིན་ཟེར་མི་ སྨན་རིགས་ནང་ བཙོག་རྫས་ཡོད་པའི་ སྙན་ཞུ་འབད་མི་ལུ་བརྟེན་ སྨན་རིགས་རྒྱུན་བཀོད་དབང་འཛིན་གྱིས་ རྒྱལ་ཁབ་ནང་ སྨན་རིགས་དེ་ གནས་སྐབས་ཅིག་གི་དོན་ལུ་ ལག་ལེན་འཐབ་ནི་དང་ ནང་འདྲེན་འབད་མ་ཆོག་པའི་ གསལ་བསྒྲགས་འབད་ནུག།
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༤ ལུ་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ དབང་འཛིན་གྱིས་ སྨན་རིགས་དེ་གི་ གཏན་འཁེལ་སྙན་ཞུ་མ་ལྷོད་ཚུན་ ལག་ལེན་འཐབ་མ་གནང་ཟེར་ ཨིན་པས།
ཉེན་སྲུང་གི་ ཐབས་ལམ་དོན་ལུ་ སྨན་ཁང་དང་ སྒེར་གྱི་སྨན་བཙོང་མི་ དེ་ལས་ གསོ་བའི་འགོ་དཔོན་ཚུ་གིས་ དེ་འཕྲོ་ལས་ རེ་ནི་ཊི་ཌིན་སྨན་བྱིན་ནི་ལས་ བཀག་ཆ་འབད་དགོཔ་སྦེ་ཨིན་པས།
སྨན་རིགས་དེ་ ཕོཝ་ནང་ སྐྱུར་རྫས་སམ་ ཨེ་སིཊ་ཐོན་སྐྱེད་ མར་ཕབ་འབད་ནི་དང་ རྒྱུ་མའི་ནང་ རྨ་ཐོནམ་ད་ སྨན་བཅོས་འབད་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་གཞན་ཁར་ཡང་ རེ་ནི་ཊི་ཌིན་སྨན་རིགས་དེ་ གནས་སྐབས་ཅིག་གི་དོན་ལུ་ ལག་ལེན་འཐབ་མ་ཆོག་པའི་ བཀག་ཆ་འབད་མི་དང་འཁྲིལ་ཏེ་ བི་སིམ་ཀོ་སྨན་བཟོ་ལས་སྡེ་གིས་ ཐོན་སྐྱེད་འབད་མི་ རེ་ནི་ཊི་ཌིན་ ནིའུ་སེབ་ཊིན་ཨར་༡༥༠ དང་ ཀེ་ཌི་ལ་གསོ་བའི་འཕྲོད་བསྟེན་གྱིས་ ཐོན་སྐྱེད་འབད་མི་ སྨན་ཁབ་རེ་ནི་ཊི་ཌིན་དེ་ ཐོན་སྐྱེད་འབད་མ་ཆོག་པའི་ བཀག་ཆ་འབད་ཡི་ཟེར་ ཨིན་པས།
ད་ལས་ཕར་ སྨན་རིགས་ཐོན་སྐྱེད་༢ པོ་དེ་ ལག་ལེན་འཐབ་ནི་དང་ བཙོང་ནི་ དེ་ལས་ བགོ་བཀྲམ་འབད་ནི་ལས་ བཀག་ཆ་འབད་ཡི་ཟེར་ དབང་འཛིན་གྱིས་ གསལ་བསྒྲགས་འབད་མིའི་ནང་ བཀོད་ཡོདཔ་བཞིན་དུ་ གསོ་བའི་ཁ་ཐུག་ལས་ འོས་འབབ་དང་འཁྲིལ་ཏེ་ འཛིན་སྐྱོང་གི་ ཐབས་ཤེས་གཞན་ བཏོན་འོང་ཟེར་ཨིན་པས།
རྒྱལ་ཁབ་ནང་ སྒེར་གྱི་ སྨན་བཙོང་མི་ཚུ་གིས་ རེ་ནི་ཊི་ཌིན་སྨན་བཙོང་ནི་ལས་ བཀག་ཆ་འབད་དགོཔ་ད་ གལ་སྲིད་ བཙོང་དགོ་པ་ཅིན་ སྨན་བྱིན་མི་དང་ གྲོས་བསྟུན་འབད་གནང་ཟེར་ སྨན་རིགས་རྒྱུན་བཀོད་དབང་འཛིན་གྱིས་ གསལ་བཀོད་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བཀྲིས་སྒང་མཁའ་གླིང་ བྱི་རི་ལས་མི་སྤྱི་འོག་ནང་ ཟམ་༢ རྐྱབ་དགོཔ་ཡོདཔ།

༉ གནམ་བྱཱར་ཆར་ཆུ་འབོར་བའི་སྐབས་དང་ ལ་མཐོ་ས་ཆརཔ་རྐྱབ་ད་ བཀྲིས་སྒང་མཁའ་གླིང་རྒེད་འོག་ བྱི་རི་ལས་མི་སྤྱི་འོག་གི་མི་སེར་ཚུ་ ཨ་རྟག་ར་ ཚང་གྱང་ལང་དགོཔ་ཐོན་དོ་ཡོདཔ་ཨིན་པས། དེ་ཡང་ ས་གནས་ ལ་ལུང་གྲང་ཟེར་ས་ལུ་ གཏན་འཇགས་ཀྱི་ ཟམ་ཅིག་མེད་མི་ལུ་བརྟེན་ རོང་ཆུ་བྲེས་འོངམ་ད་ འགྲོ་འགྲུལ་འབད་མི་གི་ ཚེ་སྲོག་ལུ་གནོད་ཉེན་ཡོདཔ་མ་ཚད་ …

Leave a Reply

Your email address will not be published. Required fields are marked *