སྤྱི་ཟླ་༦ པའི་ནང་ མི་༣༣ ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་ཡོདཔ།

ནད་འབུབ་ཐོབ་མི་༧༦ ལུ་ལྷོད་རུང་ མི་སེར་ཚུ་ སྤྱགས་སྡུག་འཐབ་ནི་མི་འོང་ཟེར་ གསོ་བ་ལྷན་ཁག་གིས་ ཞུ་བསྐུལ་འབདཝ་ཨིན་པས།

༉ སྤྱི་ཟླ་༦ པའི་ཚེས་༢༦ དང་༢༧ ལུ་ ཉིན་གྲངས་༢ ཀྱི་བར་ན་ ནད་ཡམས་ཀོ་རོ་ན་བའེ་རཱསི་༼ཀོ་བིཌ་-༡༩༽ ཐོབ་མི་༦ བདའ་ཟུན་ཡོདཔ་ལས་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་༧༦ ལུ་ ཡར་སེང་སོང་ནུག།
ནད་འབུབ་ཐོབ་མི་ ནདཔ་གསརཔ་༦ ལས་ སྐྱེས་ལོ་༢༥ ལང་མི་ སློབ་ཕྲུག་ཕོ་སྐྱེས་དེ་ རྒྱ་གར་ལས་ ལོག་འོང་པའི་ཤུལ་ལས་ ཕུན་ཚོགས་གླིང་ལུ་ ཟུར་བཞག་ནད་བརྟག་ལྟེ་བའི་བཞག་པའི་ ནམ་དུས་ལུ་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ཕུན་ཚོགས་གླིང་ཀོ་བིཌ་-༡༩ བརྟག་དཔྱད་ཁང་གིས་ དཔེ་ཚད་བརྟག་དཔྱད་འབདཝ་ད་ ནད་འབུབ་ཐོབ་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་བཞིན་དུ་ ནདཔ་དེ་ ཁ་ཙ་ རྐྱང་གནས་ནད་ཁང་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།
དེ་གི་ཧེ་མར་ ཕོ་སྐྱེས་༥ ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ ངོས་བཟུང་འབད་མིའི་གྲས་ལས་༤ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ཀོ་ཝེཌ་ལས་ འབྲུགཔ་༡༤༠ སྤ་རོ་ལུ་ འབག་འོང་མིའི་གྲངས་སུ་ཨིནམ་ད་ ཁོང་ཆ་ཁྱབ་ སྤ་རོ་ལུ་ ཟུར་བཞག་ནད་བརྟག་ཁང་ཚུ་ནང་ བཞག་ཡོདཔ་ཨིན་པས།
ནད་འབུབ་ཐོབ་མི་ ཕོ་སྐྱེས་གཞན་དེ་ཡང་ འཕྲལ་ཁམས་ཅིག་ཁར་ མི་ཌཱལ་ཨིསིཊ་ལུང་ཕྱོགས་ལས་ རྒྱལ་ཁབ་ནང་ ལོག་འོང་སྟེ་ ཐིམ་ཕུག་ལུ་ ཟུར་བཞག་ཁང་ནང་ བཞག་མི་ལས་ ནད་འབུབ་ཐོབ་ཡོདཔ་ བདའ་ཟུན་ནུག།
ད་ལྟོ་ཚུན་ ནད་འབུབ་ཐོབ་མི་ཚུ་ལས་ མཐོ་ཤོས་ར་ མི་ཌཱིལ་ཨིསིཊ་ལུང་ཕྱོགས་ལས་ འོང་མི་ཨིནམ་བཞིན་དུ་ གཞན་ཚུ་རྒྱ་གར་ལས་འོང་མི་༣ དང་ ཨུ་ཨེསི་ཨེ་ལས་༣ ཡུ་ཀེ་ལས་༢ ཨིན་པས།
ད་ཚུན་གྱི་བར་ན་ ཀོ་བིཌ་-༡༩ ཐོབ་མི་༧༦ ལས་༣༨ ལེགས་ཤོམ་སྦེ་ དྲག་ཡོདཔ་ད་ ད་ལྟོ་ ཕུན་ཚོགས་གླིང་དང་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ རྐྱང་གནས་ནད་ཁང་ནང་ ནདཔ་༡༥ ཡོདཔ་བཞིན་དུ་ ནད་འབུབ་ཐོབ་མི་༢༣ རྐྱང་གནས་ཁང་ནང་ བརྟག་དཔྱད་འབདཝ་ད་ ནད་འབུབ་མེད་པའི་ གྲུབ་འབྲས་ཐོན་པའི་ཤུལ་ལས་ ལོག་སྟེ་སྤོ་བཤུད་འབད་དེ་ སྤྱིར་བཏང་བཞག་སའི་ ཟུར་བཞག་ཁང་ནང་ ལྟ་རྟོག་གི་དོན་ལུ་ བཞག་སྟེ་ཡོདཔ་ཨིན་པས།
ཀོ་བིཌ་-༡༩ ཐོབ་མི་ དང་པ་ར་ ཨེ་མི་རི་ཀའི་ ལྟ་བཤལཔ་ཕོ་སྐྱེས་༡ དང་ དེ་གི་ཤུལ་ལས་ ཁོ་གི་མཉམ་རོགས་ ཨམ་སྲུ་ལུ་ ཐོབ་པའི་ཤུལ་ལས་ སྤྱི་ཟླ་༣ པའི་ནང་ མི་༤ ལུ་ ནད་འབུབ་བདའ་ཟུན་ཡོདཔ་ད་ སྤྱི་ཟླ་༤ པའི་ནང་ མི་༣ དང་ སྤྱི་ཟླ་༥ པའི་ནང་ མི་༣༦ ཐོབ་མི་ལས་ ཕོ་སྐྱེས་༡༢ དང་༢༤ ཨམ་སྲུ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༧ ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱང་མཐོང་ཐོག་ལས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་མིའི་ནང་ འབྲུག་ལུ་ ཀོ་རོ་ན་བའེ་རཱསི་ནད་འབུབ་དེ་མེན་ཟེར་སླབ་རུང་ བཏུབ་བཟུམ་ཅིག་ཨིན་མི་དེ་ཡང་ ཀོ་བིཌ་-༡༩ ཐོབ་མི་༧༦ ག་ར་ རྒྱལ་ཁབ་གཞན་ཚུ་ལས་ ནང་འདྲེན་འབད་དེ་ འབག་འོང་མི་ཙང་ཙ་འབད་ནི་དེ་གིས་ཨིན་ཟེར་ཨིན་པས།
འབྲུག་མི་ཚུ་གི་སེམས་ཁར་ ཚ་གྱང་དང་ སྡུག་བསྔལ་དུམ་གྲ་རེ་བྱིནམ་མ་གཏོགས་ གནོད་སྐྱོན་ཚབས་ཆེན་སྦེ་ མ་བྱུང་པར་ཡོད་ཟེར་ བློན་ཆེན་གྱིས་གསུངས་ཡི།
ད་རུང་ གསོ་བ་ལྷན་ཁག་གིས་ མི་མང་ལུ་ ཞུ་བསྐུལ་འབད་མིའི་ནང་ ཀོ་བིཌ་-༡༩ ཐོབ་མི་ག་ར་ ཟུར་བཞག་ནད་ཁང་ཚུ་ནང་ བཞག་མི་ཚུ་ཨིནམ་ལས་ ཙ་གྱང་དང་ སྤྱགས་སྡུག་འཐབ་མ་གནང་ཟེར་ཨིན་པས།
ཨིན་རུང་ ནད་ཡམས་ལས་ སྔོན་འགོག་འབད་ཐབས་ལུ་ ག་ར་གིས་ རང་དང་གཞན་གྱི་བར་ན་ ས་སྟོང་བཞག་ནི་དང་ རང་སོའི་གཟུགས་ཁམས་འཕྲོད་བསྟེན་ དཔེར་ན་ ལགཔ་ཆུ་འཁྱུ་ནི་དང་ གློག་ཁོགཔ་དང་ ཚུལ་ལྡན་སྦེ་ ཁོག་གནངས་ཟེར་ གསོ་བ་ལྷན་ཁག་གིས་ ཞུ་བ་འབདཝ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

རྩ་ཁྲིམས་ཅན་གྱི་ འཐུས་མི་ལྷན་འཛིན་ཚུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་དགོ་ནི།

༉ ད་ལས་ཕར་ རྩ་ཁྲིམས་ཅན་གྱི་ འཐུས་མི་ལྷན་འཛིན་སྦེ་ བསྐོ་བཞག་གནང་པའི་སྐབས་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་དགོ་ནི་ཨིན་པས། དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་དང་ འཐུས་མི་ལྷན་འཛིན་ཚུའི་ ཐོབ་ཐངས་དང་ ལཱ་གཡོག་ཆ་རྐྱེན་ …

Leave a Reply

Your email address will not be published. Required fields are marked *