མི་དབང་རྒྱལ་ཡུམ་སྐུ་བགྲེས་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཉམས་གསོ་ཞུ་ཚར་མི་ ཟླུམ་བརྩེགས་ལྷ་ཁང་ སྒོ་འབྱེད་གནང་པའི་བསྒང་།

སྤ་རོ་ཟླུམ་བརྩེགས་ལྷ་ཁང་ཉམས་ གསོ་ཞུ་ཡོདཔ།

མི་དབང་རྒྱལ་ཡུམ་སྐུ་བགྲེས་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ སྤ་རོ་ཟླུམ་བརྩེགས་ལྷ་ཁང་དེ་ སྤྱི་ལོ་༢༠༡༧ ལས་ ཉམས་གསོ་ཞུ་གནང་སྟེ་ བཟོ་བཀོད་སྔར་ག་ཨིནམ་སྦེ་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་མཇལ་ཚུགསཔ་ བཟོ་གནང་ནུག།

རྒྱལ་འཛིན་ལས་འགུལ་ནང་ ས་གནས་ཀྱི་ མི་སེར་དང་ ས་གནས་གཞུང་ ལམ་སྲོལ་ལས་ཁུངས་ དེ་ལས་ བི་ཨེ་སི་སི་སི་དང་ ན་གོ་ཡ་ཨའི་ཅི་ཀེན་ལས་སྡེ་ལས་ ཇ་པཱན་གྱི་ བཟོ་རིག་མཁས་མཆོག་ཚུ་གིས་ མཉམ་འབྲེལ་ཐོག་ ཉམས་གསོ་ཞུ་ཡོདཔ་ཨིན་པས།

ཁ་ཙ་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་མཆོག་གིས་ རྒྱལ་རབས་ཅན་གྱི་ ལྷ་ཁང་ཉམས་གསོ་ཞུ་མི་ལུ་ རབ་གནས་གནང་ཡོདཔ་ཨིན་པས།

བཀྲིས་རབ་གནས་གནང་ཚར་བའི་ཤུལ་ལུ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གིས་ ལྷ་ཁང་དེ་ རྒྱལ་ཡོངས་ཀྱི་ ནང་གཏེར་སྦེ་བདག་དབང་འབད་མི་ ས་གནས་ཀྱི་ ཁྱིམ་གུང་༡༥ ལུ་ ལོག་རྩིས་སྤྲོད་གནང་ཡོདཔ་ཨིན་པས།

ཟླུམ་བརྩེགས་ལྷ་ཁང་དེ་ ཡོངས་གྲགས་ལུ་ གྲུབ་ཐོབ་ལྕགས་ཟམ་པ་ཟེར་ཞུ་མི་ ཐང་སྟོང་རྒྱལ་པོ་གིས་ རབ་བྱུང་༨ པ་ དུས་རབས་༡༥ པའི་ནང་ ས་བདག་ཀླུ་གཉན་གྱི་ ཁ་གནོན་སྦེ་ བཞེངས་ཡོད་པའི་གནས་ཚུལ།

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *