ངང་ལག་ཤིང་ལས་བཟོ་མི་དལ་ཤོག།

སྤ་ཚར་གླིང་གིས་ རྒེད་འོག་གཅིག་ནང་ ཐོན་སྐྱེད་གཅིག་ ཐོན་སྐྱེད་འབད་ནི།

༉ རྩི་རང་སྤ་ཚར་གླིང་རྒེད་འོག་ལས་ རྒེད་འོག་གཅིག་ཐོན་སྐྱེད་གཅིག་གི་ ཐོན་སྐྱེད་དང་པ་ ཚོང་ཁྲོམ་ནང་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ཐའི་ལེནཌ་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་ ཊི་ཀ་ལས་ མཁས་མཆོག་ཚུ་གིས་ སྤྱི་ཟླ་༡༡ པའི་ནང་ ཐོན་སྐྱེན་འབད་མི་༣༣ ལུ་ སྦྱོང་བརྡར་བྱིན་ནི་ཨིན་པས།

དངོས་མཐོང་ཡོངས་འབྲེལ་ཐོག་ལས་ གོ་རིམ་༢ སྦེ་ སྦྱོང་བརྡར་བྱིན་ནི་ཨིནམ་ད་ དེ་ཡང་ དང་པ་ར་ སློབ་སྟོན་པ་ཚུ་ལུ་ སྦྱོང་བརྡར་བྱིན་ཞིནམ་ལས་ ཐོན་སྐྱེད་འབད་མི་ཚུ་ལུ་ སྦྱངམ་གི་སྤྱ་རྩི་ལས་ ཁའི་མཆུ་གུ་དབུར་ནིའི་ཧུམ་དང་ ས་ནང་ཨེ་པཱལ་གྱི་ ཁུ་བ་བཟོ་ཐངས་ སྟོན་བྱིན་ནི་ཨིན་པས།

རྩི་རང་ལུ་ཡོད་མི་ ཊི་ཀའི་ཁས་བླངས་པ་ ཅཱརཊ་ལ་ད་ སང་ག་ཀིཇ་གིས་ སླབ་མིའི་ནང་ སྦྱོང་བརྡར་ལས་རིམ་དེ་ མཐར་འཁྱོལ་བྱུང་པ་ཅིན་ ཐོན་སྐྱེད་ཚུ་ དུས་ཅིའི་ལོ་རྫོགས་ཁམས་ཅིག་ཁར་ ཚོང་ཁྲོམ་ནང་བཙོང་ནི་ འགོ་བཙུགས་འོང་ཟེར་ཨིན་པས།

འགོ་ཐོག་སྐབས་ ཐོན་སྐྱེད་ཚུ་ ནང་འཁོད་ཚོང་ཁྲོམ་ནང་ བཙོང་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་རུང་ འགྲོས་ཀྱིས་བཏང་སྟེ་ རྒྱལ་སྤྱི་ཚོང་ཁྲོམ་ནང་ བཀྲམ་སྤེལ་འབད་ནི་གི་ ལཱ་འབད་འོང་ཟེར་ ཁོ་གིས་ བཤདཔ་ཨིན་པས།

འདས་པའི་ཟླཝ་༩ གི་རིང་ལུ་ ལས་འགུལ་དེ་གིས་ སྤ་ཚར་གླིང་གཡུས་ཚན་གྱི་ སོ་ནམ་པ་ཚུ་ལུ་ ངང་ལག་ཤིང་གི་ པགས་ཀོ་ཚུ་ལས་ དལ་ཤོག་བཟོ་ཐངས་དང་ ཇ་བཟོ་ནི་ སྦྲང་རྩི་བཟོ་ཐངས་ཀྱི་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།

ཅཱརཊ་ལ་ད་ སང་ག་ཀིཇ་གིས་ སླབ་མིའི་ནང་ ངང་ལག་ཤིང་ཚུ་ རྒེད་འོག་ནང་ རྒྱ་ཆེཝ་སྦེ་ཡོདཔ་ཨིན་རུང་ མི་ཚུ་གིས་ ནོར་ལུ་ཆག་སྦེ་ བྱིནམ་མ་གཏོགས་ ཐོན་སྐྱེད་གཞན་ཚུ་ བཟོ་ནིའི་སྐོར་ ཤེས་རྟོགས་མིན་འདུག་ཟེར་ཨིན་པས།

ངང་ལག་ཤིང་ལས་བཟོ་མི་ དལ་ཤོག་ཚུ་ མར་དང་དར་ཚིལ་ སྤུར་ནི་དང་ ཐོན་སྐྱེད་གཞན་ཚུ་གི་དོན་ལས་ཡང་ ལག་ལེན་འཐབ་བཏུབ་ཟེར་ མོ་གིས་ བཤདཔ་ཨིན་པས།

སྤ་ཚར་གླིང་རྒཔོ་ ཆ་བི་ཀུ་མར་རའེ་གིས་ སླབ་མིའི་ནང་ མོ་བཏབ་འབད་མི་ཚུ་ ལེགས་ཤོམ་འགྱོ་བ་ཅིན་ ཐོན་སྐྱེད་ཚུ་གིས་ རྒེད་འོག་ནང་རྐྱངམ་གཅིག་ ཕན་ཁྱད་འབྱུང་ནི་མེན་པར་ རྫོང་ཁག་གཞན་ཚུ་ནང་ཡང་ མཁོ་འདོད་ཚུ་ འགྲུབ་ཚུགས་འོང་ཟེར་ཨིན་པས།

དེ་མ་ཚད་ ས་གནས་ཀྱི་ དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ ལྷན་ཐབས་འབད་ནི་དང་ ནང་འཁོད་ལས་ཐོན་མི་ ཐོན་སྐྱེད་ཚུ་ཡང་ ལག་ལེནའཐབ་ཚུགས་ནི་མས་ཟེར་ཨིན་པས།

རྩི་རང་གི་རྫོང་བདག་ པདྨ་གིས་ སླབ་མིའི་ནང་ ངང་ལག་གི་ དལ་ཤོག་ཚུ་ ཆུ་ཤོག་གི་ཚབ་སྦེ་ ལག་ལེན་འཐབ་ཚུགས་ནི་མས་ཟེར་ཨིནམ་ད་ དལ་ཤོག་དེ་ རྒྱ་ཆེ་དྲགས་སྦེ་ ཐོན་སྐྱེད་འབད་བ་ཅིན་ ཚོང་ཁྲོམ་ནང་ བཀྲམ་སྤེལ་གྱི་དོན་ལུ་ ལྟ་བཤལ་ལས་སྡེ་དང་ མཉམ་འབྲེལ་བཟོ་ནི་ལུ་ ཆ་རོགས་འབད་འོང་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *