ཞིབ་དཔྱད་སྡེ་ཚན་གྱིས་ སྣུམ་འཁོར་ཚུ་ལུ་ ཞིབ་དཔྱད་རྐྱབ་པའི་བསྒང་།

སྣུམ་འཁོར་ཚུ་ལུ་ ཞིབ་དཔྱད་རྐྱབ་དང་འབྲེལ་ གོ་བརྡ་སྤྲོད་ཡོདཔ།

ཀྲོང་གསར་རྫོང་ཁག་ནང་ སྤྱིར་བཏང་བཙག་འཐུ་དེ་ རང་མོས་དང་ རྣམ་དག་གི་སྒོ་ལས་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཁ་ཙ་ ཁྲིམས་སྲུང་འགག་པ་དང་ བཙག་འཐུ་འགོ་དཔོན་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་ དེ་ལས་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ མཉམ་འབྲེལ་ཐོག་ལས་ དབང་འདུས་ཕོ་བྲང་དང་ ཀྲོང་གསར་གྱི་གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཚུ་ ཞིབ་དཔྱད་འབད་ཡི།

དེ་ཡང་ སྲིད་དོན་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ ཚོགས་རྒྱན་བཙུགས་མི་ཚུ་ རིན་མེད་སྟོང་པ་སྦེ་ སྐྱེལ་འདྲེན་འབད་ཡོད་མེད་ ཞིབ་དཔྱད་འབད་བའི་ཁར་ ནང་གསུག་སྤྲོད་ཐོག་ལས་ ཅ་ཆས་འབག་ཡོད་མེད་ཚུ་ཡང་ ལྟ་རྟོག་འབད་ནུག།

ཞིབ་དཔྱད་འབདཝ་དང་འབྲེལ་ འགོ་དཔོན་ཚུ་གིས་ སྣུམ་འཁོར་དང་འབྲེལ་བའི་ གོ་བརྡ་ཚུ་ སྤྲོད་པའི་ཁར་ ཁྲིམས་སྲུང་འགག་པ་གིས་ ཀྲོང་གསར་རྫོང་ཁག་ནང་ འཁོར་ལམ་གྱི་ གནས་སྟངས་ཚུ་གི་སྐོར་ལས་ བཟོ་ཡོད་པའི་ བརྡ་དོན་ཤོག་བྱང་ཚུ་ཡང་ དེད་གཡོདཔ་ཚུ་ལུ་ བཀྲམ་སྤེལ་འབད་ཡི།

དེ་མ་ཚད་ སྣུམ་འཁོར་གྱི་ དེད་གཡོགཔ་ཚུ་ལུ་ ཕྱགས་སྙིགས་དང་འབྲེལ་བའི་ གོ་བ་བརྡ་སྤྲོད་ཡང་འབད་ཡི།

ཨིན་རུང་ ཞིབ་དཔྱད་འབད་བའི་སྐབས་ དེད་གཡོགཔ་ཚུ་གིས་ སྣུམ་འཁོར་བཏང་ཆོག་པའི་ ལག་ཁྱེར་འབག་སྟེ་མེད་པའི་ མངོན་གསལ་བྱུང་རུང་ རྒྱབ་སྐྱོར་པ་ཚུ་གིས་ ཚོགས་རྒྱན་བཙུགས་མི་ཚུ་ རིན་མེད་སྟོང་པ་སྦེ་ སྐྱེལ་འདྲེན་འབད་མི་མེདཔ་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བཙག་འཐུའི་ཉིནམ་ རན་མི་དང་བསྟུན་ བཙག་འཐུའི་ཉེན་སྲུང་ ཞིབ་དཔྱད་འབད་དོ་ཡོདཔ་མ་ཚད་ ཚོགས་རྒྱན་ཉིནམ་གི་དོན་ལུ་ གྲ་སྒྲིག་བཟུམ་ཅིག་ཡང་ཨིན་ཟེར་ཨིན་པས།

གླ་འཁོར་དེད་གཡོགཔ་ རིན་ཆེན་གྱིས་ སླབ་མིའི་ནང་ ད་རེས་ནངས་པར་ གནད་དོན་འདྲ་མིན་སྣ་ཚོགས་ ཐོན་དོ་ཡོདཔ་ལས་ གོ་བརྡ་དང་ ཞིབ་དཔྱད་ལས་རིམ་དེ་གིས་ མི་ཚུ་ བྱ་ངན་འཐབ་ནི་ཚུ་ལས་ བཀག་ཚུགས་ནི་དང་ བཙག་འཐུ་དེ་ཡང་ ལེགས་ཤོམ་འགྱོ་ནི་མས་ཟེར་ཨིན་པས།

ཁ་ཙ་ཉིན་མར་ སྣུམ་འཁོར་༣༠ ལྷགཔ་ཅིག་ལུ་ ཞིབ་དཔྱད་རྐྱབ་ཡོད་པའི་གནས་ཚུལ།

ཀྲོང་གསར་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

མི་སྡེའི་དགོས་མཁོ་བསྒྲུབ་ནི་ལུ་ གདོང་ལེན་དང་གོ་སྐབས་ཚུ་ བསྐྱར་ཞིབ་འབད་དགོཔ།

༉ རྒྱལ་ཁབ་ནང་ ཆུ་ལུ་བརྟེན་པའི་གློག་མེ་ལས་འགུལ་ཚུ་ དུས་ཐོག་སྒྲུབ་མ་ཚུགས་པར་ ཡུན་འགྱངས་ལུས་པའི་ གནད་དོན་ཚུ་ ང་བཅས་ར་ ཤེས་རྟོགས་འབྱུང་དགོཔ་འདུག། བཙག་འཐུ་ལས་གྲུབ་པའི་ གཞུང་གསུམ་ཆ་ར་ གློག་མེ་ལས་འགུལ་ཚུ་གི་ བཟོ་སྐྲུན་དང་གོང་འཕེལ་ནང་ འབྲེལ་གཏོགས་ཡོདཔ་བཞིན་དུ་ ཆ་མཉམ་གྱིས་ ཡུན་འགྱངས་ལུས་པའི་རྒྱུ་མཚན་ …

Leave a Reply

Your email address will not be published. Required fields are marked *