སྡུག་ཏིཔ་སྡེ་ཚན་གྱི་ མདའ་རྩེཔ་ཚུ་ མདའ་འཆམ་རྐྱབ་པའི་བསྒང་།

སྡུག་ཏིཔ་དང་ ཨོ་རོང་རྒེད་འོག་སྡེ་ཚན་༢ ཀྱིས་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ སྤྱི་ཟླ་༢ པའི་ཚེས་༣ ལས་འགོ་བཙུགས་མི་ མི་དབང་རྒྱལ་སྲས་རང་ལུགས་མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༢༥ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ བཀྲིས་གཡང་རྩེ་ སྡུག་ཏིཔ་སྡེ་ཚན་དང་ བསམ་གྲུབ་ལྗོངས་མཁར་ ཨོ་རོང་རྒེད་འོག་སྡེ་ཚན་༢ ཀྱིས་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་ཡོདཔ་ཨིན་པས།
སྡེ་ཚན་༢ ཀྱིས་ སྤྱི་ཟླ་༣ པའི་ཚེས་༡ ལས་༢ ཚུན་ རྩེད་འགྲན་འབད་བའི་སྐབས་ བྱང་ཕྱེད་སྡེ་ཚན་གཞན་མི་༢ ཕམ་བཏང་ཡོདཔ་ད་ སྤྱི་ཟླ་༣ པའི་ཚེས་༧ ལུ་ མཐའ་བཅད་འགྲན་བསྡུར་འབད་ནི་ཨིན་པས།
མདའ་རྩེད་འགྲན་བསྡུར་དེ་ ལོ་བསྟར་བཞིན་དུ་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ མི་དབང་རྒྱལ་སྲས་མདའ་རྩེད་འགྲན་བསྡུར་ མཇུག་བསྡུཝ་ཅིག་ རང་ལུགས་མདའ་གཞུའི་ཐོག་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྗེས་དྲན་གྱི་ འགྲན་བསྡུར་འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

ཚེ་རིང་ནོར་བུ།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *