སྐྱབས་རྗེ་མཆོག་གིས་ སྨོན་ལམ་ཆེན་མོ་དང་ རབ་གནས་ཚུ་ གནས་སྐབས་ཅིག་ མི་གནང་ནི།

༉ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ བཀྲིས་ཆོས་རྫོང་ལས་གནང་མི་ རེ་བསྐུལ་དང་འཁྲིལཝ་ད་ ད་ལས་ཕར་ རྫོང་ཁག་༢༠ ག་རའི་ནང་ སྨོན་ལམ་ཆེན་མོ་དང་ རབ་གནས་ལ་སོགས་པ་ཚུ་ གནང་ནིའི་དོན་ལུ་ སློབ་དཔོན་༥ དང་ གཞན་སྤྲུལ་སྐུ་ཚད་ལྡན་ཚུ་ གདན་འདྲེན་ཞུ་ནི་མ་གཏོགས་ སྐྱབས་རྗེ་ཁོ་ར་ལུ་ ཞུ་བ་འབད་མ་གནང་ཟེར་ བཀོད་ནུག།
རྫོང་ཁག་༢༠ གི་གྲྭ་ཚང་དང་ དགོན་སྡེ་ དེ་ལས་ ཞི་དྲག་དཔོན་ཁག་ ཟུར་བཞུགས་བླ་སློབ་ཆོས་སྡེ་དང་ དད་ལྡན་སྦྱིན་བདག་ཕོ་མོ་ཡོངས་ལུ་གནང་མི་ ཕྱག་ཡིག་དང་འཁྲིལཝ་ད་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ག་ར་ སྒྲིག་ལམ་ལུ་གནས་ཏེ་ གནང་དགོཔ་ཙང་ཙ་ཡོདཔ་ལས་ ཧེ་མ་ལས་ སྐུ་གཟུགས་ཀྱི་ ལྕོགས་གྲུབ་མེད་རུང་ རྒྱལ་ཁབ་དང་ བསྟན་པའི་མཐའ་དོན་ལུ་དམིགས་ཏེ་ སྙིང་རུང་ཐོག་ལས་ ཕྱག་ཞུ་ཡོད་རུང་ ད་ལས་ཕར་ སྐུ་གཟུགས་བདེ་ཏོག་ཏོ་མ་འགྱོ་ཚུན་ ཕྱག་འགན་དེ་ཚུ་ བཞེས་མི་ཚུགས་ནི་མས་ཟེར་ ཨིན་པས།
སྐྱབས་རྗེ་མཆོག་ དགུང་ལོ་༦༥ བཞེས་པའི་ཤུལ་ལས་ སྐུ་གཟུགས་ལུ་ སྟབས་མ་བདེཝ་སྦོམ་བྱུང་ཡོད་པའི་ཁར་ རབ་གནས་སོགས་ གལ་ཆེ་བའི་རིགས་ལུ་ སྐུ་གཟུགས་ཀྱི་གནས་སྟངས་ སྟབས་མ་བདེ་བའི་རྐྱེན་གྱིས་ སེམས་ཡང་འཁྲུག་ནི་ཨིནམ་ལས་ རྟེན་འབྲེལ་འཁྲུལ་བའི་ཉེན་ཁ་ཡོདཔ་བཞིན་དུ་ ད་ལས་ཕར་ རྫོང་ཁག་ག་རའི་ནང་ ཉེ་རིང་མེད་པར་ གོང་འཁོད་བླ་སློབ་དང་ སྤྲུལ་སྐུ་ཚུ་གིས་ ཕྱག་ཞུ་དགོ་པའི་ བཀའ་བསྐུལ་གནང་ནུག།
སྐྱབས་རྗེ་རིན་པོ་ཆེའི་ ཡིག་ཚང་ལས་ མགྲིན་ཚབ་ཅིག་གིས་ བཤད་མི་དང་འཁྲིལཝ་ད་ སྐྱབས་རྗེ་མཆོག་གིས་ མགར་ས་རྫོང་ཁག་གི་ སྨོན་ལམ་ཆེན་མོ་གནང་མི་དེ་ མཇུག་ཨིན་ཟེར་བའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *