ཤེས་རིག་གྲོས་སྟོན་གྱི་ བསླབ་སྟོན་པ་ཚུ་ལུ་ ཚེ་གཡོག་བསླབ་སྟོན་སྦྱོང་བརྡར།

༉ ཤེས་རིག་གྲོས་སྟོན་དང་ ཕྱི་རྒྱལ་ཤེས་ཡོན་ལས་སྡེའི་ ལམ་སྟོན་ལག་ལེན་འཐབ་ད་ རྒྱབ་སྐྱོར་བྱིན་ཐབས་ལུ་ སྤྱི་ཟླ་༡༢ པའི་ཚེས་༢ ལས་ ཐིམ་ཕུག་ལུ་ ཤེས་རིག་གྲོས་སྟོན་གྱི་ བསླབ་སྟོན་པ་ཚུ་ལུ་ ཚེ་གཡོག་བསླབ་སྟོན་ སྦྱོང་བརྡར་ཅིག་ འབད་བའི་བསྒང་འདུག།
ཉིན་གྲངས་༡༠ གྱི་ ལས་རིམ་དེ་ཡང་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱིས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ལུ་ སྦྱོང་བརྡར་བྱིན་དགོ་པའི་ གྲོས་འདེབས་དང་འཁྲིལ་ཏེ་ མཐོ་རིམ་སློབ་གྲྭ་གིས་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ ས་ཁོངས་ནང་ འགོ་འདྲེན་འཐབ་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཤེས་རིག་གྲོས་སྟོན་དང་ ཕྱི་རྒྱལ་ཤེས་ཡོན་ལས་སྡེའི་ ལམ་སྟོན་༢༠༡༧ ཅན་མ་དང་འཁྲིལཝ་ད་ ལས་སྡེའི་བསླབ་སྟོན་པ་ ག་ར་ལུ་ སྦྱོང་བརྡར་བྱིན་ཐོག་ལས་ ཆེ་རིམ་ཤེས་ཡོན་སྦྱང་ནི་ལུ་ དང་འདོད་ཡོད་མི་ སློབ་ཕྲུག་ཚུ་ལུ་ འོས་འབབ་དང་ལྡན་པའི་ ཤེས་ཡོན་ལས་རིམ་དང་ མཐོ་རིམ་སློབ་གྲྭ་ གདམ་ཁ་རྐྱབ་ནི་ལུ་ རྒྱབ་སྐྱོར་བྱིན་ནི་གི་ ངོ་སྦྱོར་འབད་དགོཔ་སྦེ་ ཡོདཔ་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ ཤེས་རིག་གྲོས་སྟོན་ལས་སྡེ་༣༧ དང་ སྦྱོང་བརྡར་དེ་ནང་ བསླབ་སྟོན་པ་༢༠ གྱིས་ བཅའ་མར་གཏོགས་ཏེ་ཡོདཔ་ད་ སྦྱོང་བརྡར་ལས་རིམ་དང་པ་དེ་ སྤྱི་ལོ་༢༠༡༧ ལུ་ འགོ་འདྲེན་འཐབ་ནུག།
ལས་རིམ་དེ་ལུ་བརྟེན་ བསླབ་སྟོན་པ་དང་ དམིགས་བསལ་དུ་ སྦྱོང་བརྡར་མ་འབད་མི་ བསླབ་སྟོན་པ་ཚུ་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིནམ་མ་ཚད་ ཤེས་རིག་གྲོས་སྟོན་པ་ཚུ་གིས་བྱིན་མི་ བསླབ་སྟོན་ཞབས་ཏོག་གི་ སྤུས་ཚད་ཡང་ ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཤེས་རིག་གྲོས་སྟོན་པ་ཚུ་གིས་ ཁྲོམ་ཁར་ལས་ སྦྱོང་བརྡར་ཅན་གྱི་ བསླབ་སྟོན་པ་ཚུ་ འཐོབ་ནི་ལུ་ ལཱ་ཁག་བཏངམ་མ་ཚད་ སྤྱིར་བཏང་རྒྱལ་ཁབ་ནང་ ཤེས་རིག་གྲོས་སྟོན་གྱི་ ལས་བྱེདཔ་ཚུ་ལུ་ བསླབ་སྟོན་པའི་ སྦྱོང་བརྡར་བྱིན་ནི་མེདཔ་ལས་ གདོང་ལེན་བྱུང་སྟེ་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *