ལྷོཔ་ཅིག་གིས་ དངུལ་ཐོག་ཨ་ལཱན་ཅི་ བསྡུ་བའི་བསྒང་།

ལྷོཔ་ཚུ་ལུ་ བཙག་འཐུ་འདི་ནང་ལས་ དགོཔ་ག་ཅི་ཡོདཔ་ཨིན་ན?

༉ བསམ་རྩེ་ རྡོ་ཕུག་ཅན་ལས་ ལྷོཔ་གི་མི་སེར་ཚུ་ ཨ་ལཱན་ཅི་བསྡུ་ནིའི་ལཱ་ལུ་བརྟེན་ སྲིད་ཚོགས་ནང་ དེ་ཅིག་ར་ འབྲེལ་གཏོགས་མེདཔ་ཨིན་རུང་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ སྲིད་ཚོགས་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ཐག་བཅདད་དེ་ཡོདཔ་ཨིན་པས།

ཨིན་རུང་ ད་ལྟོ་ཚུན་ཚོད་ ཁོང་རའི་མི་སྡེ་ནང་ལས་ ངོ་ཚབ་ག་ཡང་མེདཔ་མ་ཚད་ ཧེ་མ་ཡང་ འགོ་ཁྲིདཔ་ག་ཡང་མེད་ཟེར་ཨིནམ་ད་ མ་འོངས་པ་ལུ་ ན་གཞོན་ཚུ་གིས་ འགོ་འཁྲིད་འཐོན་འོང་ཟེར་བའི་ རེ་བ་བསྐྱེད་དེ་ ཡོདཔ་ཨིན་པས།

ལྷོཔ་གཡུས་ཚན་ སེང་གེ་ལས་ཨིན་མི་ སྐྱེས་ལོ་༥༢ ལང་མི་ ཚོང་པ་འཇམ་བརྟན་དྲོ་ཡ་གིས་ སླབ་མིའི་ནང་ མི་སྡེ་ནང་ ད་རེས་ མི་རློབས་ཡར་སེང་འགྱོ་མི་དང་བསྟུན་ ཤེས་ཡོན་ཡོད་མི་ཡང་ ཡར་སེང་སོང་ཡི་ཟེར་ཨིནམ་ད་ ད་ལྟོ་ གདོང་ཁར་ཐོན་ཏེ་ སྲིད་ཚོགས་ནང་ བཅའ་མར་གཏོགས་ནིའི་དོན་ལས་ དུས་ཚོད་འགོར་ནི་མས་ཟེར་ཨིན་པས།

འཇིགས་མེད་གཡུས་ཚན་ལས་ བསོད་ནམས་ཚེ་རིང་དྲོ་ཡ་གིས་ སླབ་མིའི་ནང་ མ་འོངས་པ་ལུ་ ལྷོཔ་ཚུ་གིས་ཡང་ སྲིད་ཚོགས་ནང་ བཅའ་མར་གཏོགས་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིནམ་ད་ ལྷོཔ་ཚུ་ལུ་ཡང་ གཙུག་ལག་གོང་མའི་ཤེས་ཡོན་ཡོད་མི་དང་ ལྕོགས་གྲུབ་ཡོད་མི་ལེ་ཤ་ཡོདཔ་ལས་ ཁོང་རའི་མི་སྡེ་ནང་ལས་ཡང་ འདེམས་ངོ་ འཐོན་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁོང་རའི་ཨ་ལོ་ཚུ་ཡང་ རྒྱལ་ཁབ་ཀྱི་ས་གནས་ ཁག་སོ་སོར་ཚུ་ནང་ ལཱ་འབད་མི་ལེ་ཤ་ཡོདཔ་ལས་ ཁོང་གིས་ སྲིད་ཚོགས་ནང་ བཅའ་མར་གཏོགས་ཚུགས་པའི་རེ་བ་ཡོད་ཟེར་ བཤད་པའི་ཁར་ རང་རང་སོ་སོ་གིས་ སྲིད་ཚོགས་ནང་ བཅའ་མར་གཏོགས་ནི་ལུ་ རང་ལུ་ མ་དངུལ་གྱི་རྒྱབ་སྐྱོར་དགོཔ་ལས་ ད་རུང་ལོ་༡༥ དེ་ཅིག་ འགོར་ནི་མས་ཟེར་ཨིནམ་ད་ བཙག་འཐུ་མ་འགྲུབ་པ་ཅིན་ འཚོ་བ་སྐྱོང་ནིའི་དོན་ལུ་ཡང་ མ་དངུལ་གྱི་རྒྱབ་སྐྱོར་དགོ་པས་ཟེར་ཨིན་པས།

ཨིན་རུང་ ལྷོཔ་ཚུ་ལུ་ གསང་གོ་རི་ལས་ འཁོར་ལམ་ཀི་ལོ་མི་ཊར་༥ དང་༨ ཀྱི་བར་ན་ཡོད་མི་ ཤེས་ལྡན་གྱི་སོ་ནམ་ཞིང་ལམ་ལེགས་ཤོམ་མེད་མི་དང་ ཨ་ལཱན་ཅི་ལུ་བརྟེན་ འོང་འབབ་བཟོ་མི་ལུ་ ཚོང་ལམ་གྱི་དཀའ་ངལ་ཡོདཔ་ལས་ གཞུང་གསརཔ་གིས་ དཀའ་ངལ་བསལ་གནང་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།

སྐྱེས་ལོ་༢༥ ལང་མི་ དེད་གཡོགཔ་ པདྨོ་ཚེ་རིང་དྲོ་ཡ་གིས་ སླབ་མིའི་ནང་ འཁོར་ལམ་མེདཔ་ཐལ་མི་གིས་ སྣུམ་འཁོར་ཚུ་མེདཔ་འགྱོཝ་མས་ཟེར་ཨིནམ་ད་ འཁོར་ལམ་དེ་ རྡོ་ཞིབ་སྟེ་ ལེགས་བཅོས་འབད་བ་ཅིན་ དཀའ་ངལ་བསལ་ཚུགས་ནི་མས་ཟེར་ཨིན་པས།

དྲོ་ཡ་ཚེ་རིང་གིས་ སླབ་མིའི་ནང་ མི་མང་ཤོས་ཅིག་ར་ འཚོ་བ་ཨ་ལཱན་ཅི་ལུ་བརྟེན་ཏེ་ སྡོད་མི་ཅིག་འབདཝ་ལས་ ཨ་ལཱན་ཅིའི་ཚོང་འབྲེལ་ཡར་དྲག་གཏང་ཐབས་ལུ་ གཞུང་གསརཔ་གི་ཁ་ཐུག་ལས་ ཨ་ལཱན་ཅིའི་ ཚོང་འབྲེལ་འཐབ་སའི་ ཚོང་ལམ་གསརཔ་བཏོན་ནིའི་རེ་བ་ཡོད་ཟེར་ཨིནམ་ད་ དྲོ་ཡ་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ཨ་ལཱན་ཅི་འཛུགས་སྐྱོངས་འཐབ་མི་ཚུ་ ས་མཚམས་ཁར་ ཚོང་འབྲེལ་འཐབ་སྡོད་མི་ཚུ་ལུ་བརྟེན་ཏེ་ སྡོད་དགོཔ་ལས་ ཚོང་ལམ་གསརཔ་ སྒོ་ཕྱེ་ནི་དང་ ཕྱིའི་ཚོང་འབྲེལ་པ་ལུ་བརྟེན་ཏེ་ སྡོད་མི་ཚུ་ཡང་ མར་ཕབ་འབད་དགོཔ་འདུག་ཟེར་ཨིན་པས།

འཇིགས་མེད་དང་ སེང་གེ་ དབང་ཕྱུག་ ས་ཏ་ཁ་ གསང་ལུང་དང་ སེང་ལྡན་གྱི་གཡུས་ཚན་ཚུ་ བསམ་རྩེ་ རྡོ་ཕུག་ཅན་རྟ་སྡིངས་ འདེམས་ཁོངས་ནང་ ཚུད་དོ་ཡོདཔ་ད་ རྒྱལ་ཁབ་ནང་ ཚོགས་རྒྱན་མཐོ་ཤོས་ར་ ས་གནས་དེ་ཁར་ལས་ཨིནམ་ད་ འདེམས་ངོ་ཋ་ཀུར་སིང་པའུ་ཌེལ་དང་ ལོཊ་ནཐ་ཤར་མ་༢ ཀྱིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ འཚོལ་བའི་བསྒང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

About admin

Check Also

ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ …

Leave a Reply

Your email address will not be published. Required fields are marked *