ལྷུན་རྩེ་སློབ་གྲྭ་ཆེ་བའི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ཚུ།

ལྷུན་རྩེ་ལུ་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་༢ ཀྱི་བར་ན་ ཚོགས་རྒྱན་བགོ་བཤའ་རྐྱབ་ཡོདཔ།

༉ ཁ་ཙ་ འབྲུག་གི་སྤྱི་ཚོགས་༣ པའི་ འགོ་ཐོག་བཙག་འཐུ་སྐབས་ ལྷུན་རྩེ་རྫོང་ཁག་དེ་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་༢ ཀྱི་བར་ན་ བགོ་བཤའ་རྐྱབ་ཡོདཔ་ད་ དེ་ཡང་ སྒང་ཟུར་སྨིན་རྗེ་འདེམས་ཁོངས་ནང་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ སྨན་སྦིས་བཙན་མཁར་རྒེད་འོག་ནང་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཅི།

དེ་ཡང་ འབྲུག་མཉམ་རུབ་ཚོགས་པ་གིས་ སྒང་ཟུར་སྨིན་རྗེ་འདེམས་ཁོངས་ནང་ འཕྲུལ་ཆས་ཐོག་ཚོགས་རྒྱན་མཐོ་ཤོས་༡,༠༤༣ ཐོབ་ཡོདཔ་ད་ དེ་བཟུམ་སྦེ་ འབྲུག་ཕུན་སུམ་ཚོགས་པ་གིས་ སྨན་སྦིས་བཙན་མཁར་རྒེད་འོག་ནང་ ཚོགས་རྒྱན་མཐོ་ཤོས་༡,༠༣༧ ཐོབ་ཡོདཔ་ཨིན་པས།

དེ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ སྒང་ཟུར་སྨིན་རྗེ་འདེམས་ཁོངས་ནང་ ཚོགས་རྒྱན་༦༧༦ ཐོབ་ཡོདཔ་བཞིན་དུ་ འབྲུག་མཉམ་རུབ་ཚོགས་པ་གིས་ སྨན་སྦིས་བཙན་མཁར་འདེམས་ཁོངས་ནང་ལས་ ཚོགས་རྒྱན་༦༨༥ ཐོབ་ཅི།

མི་སེར་དམངས་གཙོ་ཚོགས་པ་གིས་ འབད་བ་ཅིན་ ལྷུན་རྩེའི་འདེམས་ཁོངས་༢ ཆ་ར་ལས་ ཨང་༢ པ་ཐོན་ཡོདཔ་ད་ དེ་ཡང་ སྒང་ཟུར་སྨིན་རྗེ་རྒེད་འོག་ནང་ལས་ ཚོགས་རྒྱན་བསྡོམས་༧༤༤ དང་ སྨན་སྦིས་བཙན་མཁར་འདེམས་ཁོངས་ནང་ལས་ ཚོགས་རྒྱན་༧༡༣ ཐོབ་ཡོདཔ་ཨིན་པས།

དེ་འབདཝ་ད་ འབྲུག་ཀུན་མཉམ་ཚོགས་པ་གིས་ འབད་བ་ཅིན་ འདེམས་ཁོངས་༢ ཆ་ར་ལས་ ཚོགས་རྒྱན་ཉུང་ཤོས་༡༧༩ དང་༢༥༡ རེ་ཐོབ་ནུག།

ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་༢ ཆ་རའི་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༢,༠༡༦ ཐོབ་ཡོདཔ་ད་ དེ་གི་ཤུལ་ལས་ར་ འབྲུག་ཕུན་སུམ་ཚོགས་པ་གིས་༡,༧༤༢ དང་ མི་སེར་དམངས་གཙོ་ཚོགས་པ་གིས་༡,༠༦༡ དེ་ལས་ མཇུག་ར་འབྲུག་ཀུན་མཉམ་ཚོགས་པ་གིས་༥༡༧ ཐོབ་ནུག།

འཕྲུལ་ཆས་ཚོགས་རྒྱན་དང་ འགྲེམ་ཐོག་ཚོགས་རྒྱན་༢ ཆ་ར་བསྡོམས་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༣,༧༥༤ དང་ འབྲུག་ཕུན་སུམ་ཚོགས་པ་གིས་༣,༤༥༥ མི་སེར་དམངས་གཙོ་ཚོགས་པ་གིས་༢,༥༡༨ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༩༤༧ ཐོབ་ནུག།

རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༥,༣༤༦ ཐོན་མི་དེ་ འཕྲུལ་ཆས་ཚོགས་རྒྱན་བཙུགས་མི་བསྡོམས་༥,༣༢༨ དང་ཕྱདཔ་ད་ དུམ་གྲ་ཅིག་ མཐོ་དོ་ཡོདཔ་ད་ རྫོང་ཁག་འོག་གི་ རྒེད་འོག་༨ ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༦,༥༨༡ ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ ཚེ་རིང་རྣམ་རྒྱལ།

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *