ལུང་ཕྱོགས་ནང་ བརྡ་དོན་ཡོངས་འབྲེལ་ཐོག་ ཚོང་འབྲེལ་འཐབ་ཚུགས་ནི།

༉ ཤར་ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་(སཱག) འཐུས་མི་རྒྱལ་ཁབ་ཚུ་གི་དོན་ལུ་ མ་དངུལ་རྒྱབ་སྐྱོར་འབད་མི་ ལས་འགུལ་འོག་ལུ་ སཱག་གོང་འཕེལ་མ་དངུལ་གྱིས་ ལུང་ཕྱོགས་ནང་འཁོད་ལུ་ མཚམས་མེད་པའི་ ཅ་དངོས་དང་ ཞབས་ཏོག་ཚུ་ བརྡ་དོན་ཡོངས་འབྲེལ་ཐོག་ལས་ ཚོང་འབྲེལ་འཐབ་སའི་ ཐབས་ལམ་ཅིག་ བཏོན་པའི་བསྒང་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
སཱག་གོང་འཕེལ་མ་དངུལ་(ཨེསི་ཌི་ཨེཕ) གྱི་ བཀོད་ཁྱབ་གཙོ་འཛིན་ ཌོག་ཊར་སུ་ནིལ་མོ་ཏི་ཝཱལ་གྱིས་འབད་བ་ཅིན་ ཨེསི་ཌིཨེཕ་གིས་ ལུང་ཕྱོགས་ནང་ ཚོང་ལཱ་འགོ་བཙུགས་པའི་བསྒང་ཡོད་མི་ཚུ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
ཌོག་ཏར་སུ་ནིལ་མོ་ཏི་ཝཱལ་གྱིས་ གནས་ཚུལ་གསར་བཏོན་ནང་ བཀོད་མི་དང་འཁྲིལཝ་ད་ ལུང་ཕྱོགས་ནང་གི་ སྤྱིར་བཏང་མི་སེར་ཚུ་གི་དོན་ལུ་ སཱག་ཏི་རུ་ཤོག་བྱང་བཟོ་ནི་དང་གཅིག་ཁར་ ས་མཚམས་བརྒལ་ཏེ་ བརྡ་དོན་ཡོངས་འབྲེལ་ཐོག་ ཚོང་འབྲེལ་འཐབ་ནི་གི་ གྲོས་འཆར་བཙུགས་ཡོད་མི་དེ་ ཐག་བཅད་འགྱོ་ནིའི་ གནས་རིམ་ནང་ ལྷོད་དེ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཁོ་གིས་ ཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ ཉིན་གྲངས་༢ ཀྱི་རིང་ སཱག་གོང་འཕེལ་མ་དངུལ་གྱི་ མཉམ་འབྲེལ་ཞལ་འཛོམས་ཅིག་འཚོགས་པའི་སྐབས་ གྲོས་ཐག་བཅད་མི་དེ་ བཅུད་བསྡུ་སྟེ་བཀོད་ནུག།
མང་ཕྱོགས་ལས་འགུལ་དང་ དངུལ་འབྲེལ་ལས་ཁང་ཚུ་དང་ ཚོང་འབྲེལ་ཞལ་འཛོམས་འཚོགས་མིའི་ དམིགས་དོན་དེ་ སཱག་གོང་འཕེལ་མ་དངུལ་གྱི་ དངུལ་འབྲེལ་དང་འབྲེལ་བའི་ཁྱབ་ཁོངས་ ཡར་སེང་འབད་ཐབས་ལུ་ཨིནམ་ད་ ལས་སྡེ་དེ་གིས་ ལང་ཕྱོགས་ནང་གི་ ལས་འགུལ་༡༢ ལུ་ ཡུ་ཨིསི་ཌོ་ལར་ས་ཡ་༤༧ བགོ་བཀྲམ་འབད་ཚར་ཡོདཔ་མ་ཚད་ ལུང་ཕྱོགས་ནང་ ནུས་ཤུགས་ལས་འགུལ་༢ གཞི་བཚུགས་ཀྱི་དོན་ལུ་ ཌོ་ལར་ས་ཡ་༣༠ བྱིན་ནི་གི་ ཁས་ལེན་འབད་མི་ལུ་ཡང་ འཛིན་གྲོལ་འབད་ནི་སྦེ་ གནང་བ་གྲུབ་སྟེ་ཡོད་ཟེར་ བཀོད་ནུག།
འགོ་བཙུགས་ལས་རིམ་དེ་ནང་ ཚོང་ལཱ་འགོ་བཙུགས་མི་གིས་མ་དོ་བར་ སླར་འབྱུང་ནུས་ཤུགས་དང་ སོ་ནམ་ གསོ་བ་ དེ་ལས་ ཚོང་ལཱ་ཆུང་བ་ཚུ་ཡང་ ཚུད་ནི་ཨིནམ་ད་ གྲོས་འཆར་ཅིག་ བཙུགས་མི་དེ་ལུ་ མ་རྩ་ཡུ་ཨེསི་ཌོ་ལར་ས་ཡ་༥༠༠ ཡོད་མི་ ཨེསི་ཌི་ཨེཕ་གིས་ མ་དངུལ་བྱིན་འོང་ཟེར་ ཌོག་ཊར་སུ་ནིལ་མོ་ཏི་ཝཱལ་གྱིས་ བཤདཔ་ཨིན་པས།
ད་རེས་ནངས་པར་ སཱག་ལུང་ཕྱོགས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་གི་ ཚོང་འབྲེལ་བརྒྱ་ཆ་༤ རྐྱངམ་གཅིག་ ལུང་ཕྱོགས་ནང་ འཐབ་དོ་ཡོད་མི་དེ་ བརྡ་དོན་ཡོངས་འབྲེལ་གྱི་ ཐབས་ལམ་ཚུ་གི་ཐོག་ལས་ རྒྱ་ཆེཝ་སྦེ་ ཡར་སེང་འབད་ཚུགས་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *