ཁྱིམ་ལུ་མེ་རྐྱེན་བྱུང་པའི་བསྒང་།

རྩི་རང་ལུ་ ཐོག་ཚད་༢ འབད་མི་ཁྱིམ་ཅིག་ མེ་གིས་འཚིགས་ཡོདཔ།

༉ ཁ་ཙ་དྲོ་པའི་ཆུ་ཚོད་༨ དེ་ཅིག་ཁར་ རྩི་རང་རྫོང་ཁག་ མཚོ་གླིང་མཁར་ལུ་ མེ་རྐྱེན་བྱུང་སྟེ་ ཁྱིམ་ཐོག་ཚད་༢ འབད་མི་ཅིག་ འཚིགས་ནུག།
མེ་རྐྱེན་དེ་ཡང་ གློག་མེའི་རྒྱུན་ཐག་སྐྱོན་ཞུགས་མི་ལས་ བྱུང་ཡོད་པའི་ དོགས་པ་ཡོདཔ་ད་ དེ་བསྒང་ ཁྱིམ་ནང་ མི་༢ མ་གཏོགས་མེད་རུང་ གནོད་སྐྱོང་བྱུང་པའི་ ལོ་རྒྱུས་མེདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་ རྫོང་ཁག་བདག་སྐྱོང་འགོ་དཔོན་ དེ་ལས་ མི་སྡེ་ལས་ ཁས་བླངས་པ་ཚུ་གིས་ ཉིན་དགུང་དེ་ཅིག་ཁར་ མེ་རྩ་བ་ལས་ བསད་ཡོདཔ་ད་ མཚོ་གླིང་མཁར་དམངས་མི་ ཧ་རི་པར་སཱད་ ཨ་དི་ཀ་རི་གིས་ སླབ་མིའི་ནང་ ཁྱིམ་ནང་གི་ ཅ་ཆས་ག་ཅི་ཡང་ ཉེན་སྐྱོབ་འབད་མ་ཚུགས་ཟེར་ཨིན་པས།
ཁྱིམ་གྱི་ཇོ་བདག་གིས་ སླབ་མིའི་ནང་ མེ་རྐྱེན་གྱིས་ དངུལ་རྐྱང་༣༠༠,༠༠༠ དེ་ཅིག་དང་ རིན་ཐང་ཅན་གྱི་ རྒྱན་ཆ་དང་ གློག་ཆས་ཚུ་ འཚིགས་སོ་ཡི་ཟེར་ཨིན་པས།
མཚོ་གླིང་མཁར་གྱི་ཚོགས་པ་ ཀ་རིཤ་ན་ལཱལ་ད་ཀཱལ་གྱིས་འབད་བ་ཅིན་ ཁྱིམ་དེ་ ཉེན་བཅོལ་འབད་ཡོདཔ་ལས་ དཀའ་ངལ་མིན་འདུག་ཟེར་ཨིནམ་ད་ ཁྱིམ་གྱི་ཇོ་བདག་གིས་ ལོ་བསྟར་བཞིན་དུ་ ཁྱིམ་གྱི་ཉེན་བཅོལ་སྦེ་ དངུལ་ཀྲམ་༢༠༠ རེ་ བཙུགས་ཡོདཔ་ལས་ རྒུད་འཐུས་དངུལ་ཀྲམ་༡༠༠,༠༠༠ ཚུན་ འཐོབ་ནི་གི་ འོས་འབབ་འདུག་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།
མེ་གིས་འཚིགས་མི་ཁྱིམ་དེ་ རྒེད་འོག་ཡིག་ཚང་གི་ སྦོ་ལོགས་ཁར་ གཞུང་ལམ་གྱི་ལྟག་ལུ་ཡོདཔ་ད་ ཁྱིམ་གྱི་ཇོ་བདག་དེ་ སྨན་བཅོས་འབད་བར་སོང་ཡོདཔ་ཨིན་པས།
ད་རིས་ ཁས་བླངས་པ་དང་ མི་སྡེ་ལས་ རྒྱབ་སྐྱོར་ལེན་ཐོག་ལས་ གནས་སྐབས་ཀྱི་ སྦ་སྒོར་ཅིག་ རྐྱབ་ནི་ཨིན་པའི་གནས་ཚུལ།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *