རྩི་རང་གི་ ཚོད་བསྲེ་ཁྲོམ།

རྩི་རང་དང་ འགྲམ་ཕུག་ལུ་ ཉེན་སྲུང་གི་ཐབས་ལམ་ སྒྲིང་སྒྲི་བཟོ་ཡོདཔ།

༉ གཞུང་གིས་ མི་སྡེ་ཚུ་ནང་ ནད་ཡམས་ཀོ་བིཌ་-༡༩ དར་ཁྱབ་འགྱོ་ནི་ལས་ བཀག་ཆ་འབད་དགོ་པའི་ བཀའ་རྒྱ་བཏོན་མི་ལུ་བརྟེན་ རྩི་རང་རྫོང་ཁག་གིས་ ཚོད་བསྲེ་ཁྲོམ་ཁར་འགྱོ་མི་ཚུ་ ངེས་པར་དུ་ ཁ་རས་ལག་ལེན་འཐབ་དགོཔ་སྦེ་ བཟོ་ཡོདཔ་ཨིན་པས།
དེ་ཡང་ འབྲེལ་ཡོད་དབང་འཛིན་ ཁྲིམས་སྲུང་འགག་པ་དང་ གསོ་བ་ དེ་ལས་ ཁྲོམ་སྡེའི་ངོ་ཚབ་ཚུ་གི་བར་ན་ ཉིན་གྲངས་༣ གྱི་རིང་ གྲོས་འཛོམས་འབད་བའི་ཤུལ་ལས་ ཐག་བཅད་ཡོདཔ་ཨིན་པས།
སྡེ་ཚན་གྱིས་ ཁྲོམ་ཁར་ཡོད་མི་ ཚོང་ཁང་དང་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་སོང་སྟེ་ ཉེན་སྲུང་གི་ གོ་བརྡ་ཚུ་ཡང་ སྤྲོད་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ མི་ཚུ་གིས་ འབྲུག་ཊེ་རེསི་ཟེར་མི་ འགྲུལ་འཕྲིན་རིམ་ལུགས་དེ་ཡང་ ངེས་པར་དུ་ ལག་ལེན་ འཐབ་དགོཔ་མ་ཚད་ མི་ཚུ་གི་བར་ན་ ས་སྟོང་བཞག་ནི་དང་ ལགཔ་འཁྱུ་ནི་ཚུ་ཡང་ རེས་གཟའ་ལྷག་པ་ལས་ ལོག་འགོ་བཙུགས་ཡོདཔ་ཨིན་པས།
ཁྲོམ་ཁར་ཡོད་མི་ ཚོང་ཁང་དང་ ཡིག་ཚང་ དེ་ལས་ ས་ཁོངས་གཞན་ཚུ་ནང་ ཉེན་སྲུང་གི་ཐབས་ལམ་ཚུ་ བཏོན་ཡོད་རུང་ མི་ཚུ་གིས་ དེ་ཅིག་ར་ ལག་ལེན་མི་འཐབ་དོ་ཡོདཔ་ཨིན་པས།
ད་ལྟོའི་ ཐབས་ལམ་དེ་ཡང་ གཞུང་གིས་ བཀག་ཆ་འབད་མི་ཚུ་ གོ་ཡངས་བཟོ་བའི་ཤུལ་ལས་ མི་ཚུ་གིས་ ནད་ཡམས་ལུ་ སྣང་མེད་འབད་མི་ལུ་བརྟེན་ ལོག་འགོ་བཙུགསཔ་ཨིན་པས།
རྫོང་ཁག་གསོ་བའི་ འགོ་དཔོན་གོངམ་ བློ་བཟང་ཚེ་རིང་གིས་ སླབ་མིའི་ནང་ ཁྲོམ་ཁར་སྡོད་མི་ཚུ་གིས་ ཉེན་སྲུང་གི་ཐབས་ལམ་ཚུ་ བཏོན་ཡོད་རུང་ སྣང་མེད་བཞག་མི་ལུ་བརྟེན་ ལོག་འབད་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ངོ་རྐྱང་གིས་ ནད་ཡམས་བཀག་ཐབས་དང་ གདོང་ལེན་འབད་ནིའི་ འགན་ཁུར་དེ་ མར་བབས་སོང་ནུག་ཟེར་ཨིནམ་ད་ རྫོང་ཁག་གཞན་ཁར་ལས་འོང་མི་ཚུ་ བཀག་འཛིན་འབད་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
མི་མང་ཤོས་ཀྱིས་ ཉེན་སྲུང་ཐབས་ལམ་ཚུ་ལུ་ ངོས་ལེན་མི་འབད་བས་ཟེར་ འགོ་དཔོན་ཅིག་གིས་ བཤད་ཡོདཔ་ད་ སྡེ་ཚན་གྱིས་ མི་མང་སྐྱེལ་འདྲེན་བཱསི་དང་ གླ་འཁོར་དེད་གཡོགཔ་ཚུ་ལུ་ཡང་ ཉེན་སྲུང་གི་ ཐབས་ལམ་ཚུ་དང་འཁྲིལ་ ངོས་ལེན་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *