འབྲུག་རྒྱལ་ཡོངས་ཨམ་སྲུ་སྡེ་ཚན་གྱིས་ བང་ལ་དེཤ་དང་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་བའི་བསྒང་།

རྒྱལ་ཡོངས་ཨམ་སྲུ་སྡེ་ཚན་ བང་ལ་དེཤ་ལས་ཕམ་ཡོདཔ།

༉ ནེ་པཱལ་གྱི་རྒྱལ་ས་ ཀཱཐ་མཱན་ཌུ་ལུ་ ཤོ་ཧིཌ་རོག་གོ་ཤི་ལ་ རྩེད་ཐང་ནང་ ད་ལྟོ་ ཨེ་ཤི་ཡཱན་ཨམ་སྲུ་དྲག་ཤོས་ཀྱི་ ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་ཡོད་མིའི་ནང་ ཁ་ཙ་ འབྲུག་གི་ རྒྱལ་ཡོངས་ཨམ་སྲུ་སྡེ་ཚན་དེ་ བང་ལ་དེཤ་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཐོག་ལས་ ཕམ་བཏང་ནུག།
རྩེད་འགྲན་དེ་ འབྲུག་གི་ རྒྱལ་ཡོངས་ཨམ་སྲུ་སྡེ་ཚན་གྱི་དོན་ལུ་ ཐེངས་༢ པ་ཨིནམ་ད་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ ནེ་པཱལ་དང་ རྩེད་འགྲན་འབད་བའི་སྐབས་ལུ་ཡང་ འབྲུག་ལུ་ ནེ་པཱལ་གྱིས་ གཱོལ་༣ བཙུགས་ཡོདཔ་ཨིན་པས།
འབྲུག་གིས་ རྩེད་འགྲན་གཉིས་ཆ་རའི་ནང་ གཱོལ་ཕུད་རྡོག་གཅིག་ཡང་ བཙུགས་མ་ཚུགསཔ་ལས་ ཨེ་ཤི་ཡཱན་ཨམ་སྲུ་དྲག་ཤོས་ཀྱི་ ཕུཊ་བཱོལ་རྩེད་འགྲན་ནང་ལས་ ཕྱིར་བཏོན་ཡར་སོ་ནུག།
མ་གཞི་ བང་ལ་དེཤ་དང་ རྩེད་འགྲན་འབདཝ་ད་ བར་མཚམས་མ་ལེན་པའི་ཧེ་མར་ འབྲུག་གིས་ དོ་འགྲན་ཅན་ཅིག་སྦེ་ རྩེད་འགྲན་འབད་ཡོད་རུང་ བར་མཚམས་ཀྱི་ཤུལ་ལས་ ལོག་རྩེད་འགྲན་འབད་དེ་ དུས་ཡུན་སྐར་མ་༢ ནང་འཁོད་ལུ་ བང་ལ་དེཤ་གིས་ གཱོལ་དང་པ་ བཙུགས་ཡོདཔ་མ་ཚད་ རྩེད་འགྲན་དེ་ མཇུག་བསྡུ་ནི་ལུ་ སྐར་མ་༥ ཡོདཔ་ད་ ད་རུང་ བང་ལ་དེཤ་གི་ རྩེད་འགྲན་པ་ ཨང་གྲངས་༡༡ འབད་མི་གིས་ གཱོལ་༢ པ་བཙུགས་ཐོག་ལས་ འབྲུག་གི་སྡེ་ཚན་དེ་ ཕམ་བཏང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ …

Leave a Reply

Your email address will not be published. Required fields are marked *