རྒྱལ་ཡོངས་དྲང་སྤྱོད་བརྟག་ཞིབ་ནང་ འགོ་ཁྲིད་པའི་ཀུན་སྤྱོད།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་དྲང་སྤྱོད་བརྟག་ཞིབ་༤ པའི་ནང་ ནང་འཁོད་དྲང་སྤྱོད་ཀུན་སྤྱོད་ཀྱི་ ཆ་ཤས་ཅིག་ ཚུད་ཡོདཔ་ཨིན་པས།
ལྷན་ཚོགས་ལས་ལྷོད་པའི་ གནས་ཚུལ་གསར་བཏོན་ནང་ ཀུན་སྤྱོད་འགོ་ཁྲིད་པའི་ ཨང་ཡིག་དེ་ རྒྱལ་ཡོངས་དྲང་སྤྱོད་བརྟག་ཞིབ་ནང་ མཉམ་བསྡེབས་འབད་མི་དེ་ཡང་ འགོ་ཁྲིདཔ་ཚུ་གིས་ ལས་སྡེ་དང་ ཡིག་ཚང་ག་རའི་ནང་ ངན་ལྷད་མར་ཕབ་འབད་ནིའི་དོན་ལུ་ ཀུན་སྤྱོད་ཡར་དྲང་གཏང་ནིའི་ནང་ ཆ་ཤས་དེ་ ཁག་ཆེ་ཟེར་ཨིན་པས།
ད་ལྟོ་ཡོད་མི་ཆ་ཤས་ དྲང་སྤྱོད་དང་ ལཱ་དང་ངན་ལྷད་དེ་ རྒྱ་ཆེ་ཤོས་ར་ ལས་སྡེའི་འགོ་ཁྲིདཔ་དང་འབྲེལ་བ་ཡོདཔ་ད་ ལྷན་ཚོགས་ཀྱིས་ འགོ་ཁྲིདཔ་ཚུ་གི་ཀུན་སྤྱོད་དོན་ལུ་ ཆ་ཤས་དེ་ མོ་བཏབ་བཟུམ་ཅིག་སྦེ་ བཙུགས་དོ་ཡོདཔ་ཨིན་པས།
མོ་བཏབ་དེ་ཡང་ སྡེ་ཚན་གསུམ་གྱིས་ སྤྱི་ཟླ་༢ པའི་ཚེས་༡༧ ལས་ འགོ་བཙུགས་ཡོདཔ་ལས་ སྤྱི་ཟླ་༤ པའི་ཚེས་༡༥ ལས་ རྫོང་ཁག་ག་རའི་རྒེད་འོག་༡༣༤ ནང་ ཁྱབ་ཚུགས་པའི་རེ་བ་ ཡོདཔ་ཨིན་པས།
མོ་བཏབ་དེ་ཡང་ རྒེད་འོག་ཚུ་ནང་ མ་དངུལ་དང་བདག་སྐྱོང་ དེ་ལས་ མཁོ་སྒྲུབ་དང་ལཱ་དང་བཀྲམ་སྤེལ་ཚུ་ལུ་ གཙོ་རིམ་བཟུང་སྟེ་འབད་དོ་ཡོདཔ་ད་ ཆ་ཤས་དེ་ཡང་ ལས་སྡེ་དང་ཡིག་ཚང་ཚུ་གི་ ངན་ལྷད་དབྱེ་ཞིབ་འབད་ནིའི་དོན་ལུ་ གལ་ཆེ་ནི་ཨིན་པས།
ལྷན་ཚོགས་ཀྱིས་ ཆ་ཤས་དེ་ འགོ་དང་པ་སྤྱི་ལོ་༢༠༠༩ ལུ་ ལྷོ་ཀོ་རི་ཡ་ལུ་སྦེ་ འགོ་བཙུགས་ཡོདཔ་ད་ བརྟག་ཞིབ་དེ་ཡང་ ལོ་༣ གྱི་བར་ན་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཨིན་པས།
སྤྱི་ལོ་༢༠༡༦ གི་ རྒྱལ་ཡོངས་གཅིག་འགྱུར་གྱི་ཨང་ ཀླད་ཀོར་ལས་༡༠ གྱི་བར་ན་འབདཝ་ད་ ཨང་༧.༩༥ ཡོད་མི་དེ་ རྒྱལ་ཡོངས་གནས་ཚད་ནང་ དྲང་སྤྱོད་ལེགས་ཤོམ་ཡོད་པའི་ རྟགས་མཚན་ཨིན་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ …

Leave a Reply

Your email address will not be published. Required fields are marked *