ལ་ཡ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་ དགའ་སྟོན་བརྩི་སྲུང་གི་དོན་ལུ་ ཞབས་ཁྲའི་སྦྱང་བ་འབད་བའི་བསྒང་།

རྒྱལ་འཛིན་ལ་ཁའི་དགའ་སྟོན་ཐེངས་༣ པ་ ད་རིས་ལས་ འགོ་བཙུགས་ནི།

༉ རྒྱལ་འཛིན་ལ་ཁའི་དགའ་སྟོན་ནང་ ལ་ཡ་པའི་ རང་ལུགས་ཀྱི་གྱོན་ཆས་ཚུ་ འགྲེམ་སྟོན་འབད་ནིའི་དོན་ལུ་ ལ་ཡ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཁས་བླངས་པ་ སྡེ་ཚན་ཅིག་གིས་ ཟླཝ་༡ གི་རིང་ གྲ་སྒྲིག་འབད་ཡོདཔ་ད་ དགའ་སྟོན་དེ་ཡང་ ད་རིས་ལས་ འགོ་བཙུགས་ནི་ཨིན་པས།
ན་གཞོན་ཁས་བླངས་དང་ལེན་ཟེར་མི་ ན་གཞོན་སྡེ་ཚན་གྱིས་ གཞན་དང་མ་འདྲ་བའི་ ལ་ཡ་པའི་ བོད་ལོ་༧ དང་ ཞོམ་༣ དེ་ལས་ དྲན་རྟེན་ཚུ་ གྱོན་ཐོག་ལས་ ལ་ཡ་ལང་མགོ་ཐང་ནང་སྦེ་ སྤྱི་ཟླ་༡༠ པའི་ཚེས་༢༤ ཚུན་ འགྲེམ་སྟོན་འབད་ནི་ཨིན་པས།
ཨམ་སྲུ་ཚུ་གིས་ མགུ་ཏོ་གུ་བཙུགས་མི་ བོད་ལོ་དེ་ ལ་ཡ་ལུ་ ཉམས་ནིའི་གུ་ ལྷོད་ཡོདཔ་བཞིན་དུ་ ད་རེས་ མི་སྡེ་གིས་ ཞོམ་འཐག་ནིའི་དོན་ལུ་ བལ་ནང་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཁས་བླངས་པ་ཚུ་གིས་ བོད་ལོ་འཐག་ནིའི་དོན་ལུ་ ཟླཝ་༡ དེ་ཅིག་ འགོར་དོ་ཡོདཔ་ད་ རང་ལུགས་ཀྱི་ སྨད་གཡོགས་དང་ དྲན་ཆས་ཚུ་ གཡག་གི་སྤུ་གིས་ འཐག་དོ་ཡོདཔ་ད་ ན་གཞོན་ཁས་བླངས་པ་ཚུ་ལུ་ རང་ལུགས་ཀྱི་ གྱོན་ཆས་འཐག་ནི་ཡང་ མི་སྡེ་མཁས་མཆོག་ཚུ་གིས་ སྟོན་ཡོདཔ་ཨིན་པས།
སློབ་དཔོན་ཅིག་ཨིན་མི་ ཁས་བླངས་པ་སྡེ་ཚན་གྱི་ མཉམ་འབྲེལ་པ་ མགོནམ་ཚེ་རིང་གིས་ ད་རེས་ རང་ལུགས་ཀྱི་ གྱོས་ཆས་དང་ ཐོན་སྐྱེད་ཚུ་ འགྲེམ་སྟོན་འབད་མི་དེ་ཡང་ གོང་འཕེལ་གཏང་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ དེ་བཟུམ་མའི་ ལམ་སྲོལ་དང་ ངོ་རྟགས་ཚུ་ གཙོ་བོར་མི་བཏོན་པས་ཟེར་ཨིནམ་ད་ འགྲེམ་སྟོན་འབད་མི་དེ་གིས་ ལམ་སྲོལ་དང་ ངོ་རྟགས་ཚུ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ ལྷན་ཐབས་འབྱུང་ཚུགས་ནི་མ་ཚད་ ན་གཞོན་སློབ་ཕྲུག་ཚུ་ལུ་ཡང་ ལམ་སྲོལ་ཚུ་ བདག་འཛིན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་ནི་མས་ཟེར་ཨིན་པས།
ལོ་བསྟར་ལ་ཁའི་དགའ་སྟོན་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ ལ་ཁར་སྡོད་མི་ཚུ་ག་ར་ གཅིག་ཁར་འཛོམས་ཐོག་ལས་ རང་ལུགས་ཀྱི་ ལམ་སྲོལ་ཚུ་ འགྲེམ་སྟོན་འབད་དོ་ཡོདཔ་ད་ དགའ་སྟོན་དེ་ཡང་ རྒྱ་མཚོའི་གནས་ཚད་ལས་ ས་ཁ་མཐོ་ཚད་མི་ཊར་༤,༠༠༠ དེ་ཅིག་གི་ས་ཁར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ མགར་ས་རྫོང་ཁག་བདག་སྐྱོང་གིས་ འགོ་དང་པ་ར་ སྤྱི་ལོ་༢༠༡༦ ལུ་ མི་དབང་རྒྱལ་སྲས་མཆོག་གི་ འཁྲུངས་སྐར་དུས་སྟོན་ མི་དབང་འབྲུག་རྒྱལ་༤ པ་མཆོག་གི་ འཁྲུངས་སྐར་དུས་སྟོན་ དེ་ལས་ ཞབས་དྲུང་ངག་དབང་རྒྱལ་མཆོག་ འབྲུག་ལུ་བྱོན་སྟེ་ མི་ལོ་༤༠༠ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་ཐབས་ལུ་ འགོ་བཙུགས་ཡོདཔ་ཨིན་པས།
ད་རེས་ ལ་ཡ་གི་མི་ཚུ་ རང་སོའི་ཁྱིམ་ནང་ར་ སྡོད་མི་དེ་ཡང་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ནི་དང་ ལོ་ཐོག་བསྡུ་ནི་ དེ་ལས་ སྔོ་ཤིང་ལ་སོགས་པ་ཚུ་ བསྡུ་ལེན་འབད་ཚར་ནི་དེ་གིས་ཨིན་པས།
ད་རེས་ ལ་ཡ་གི་མི་ཚུ་ ལྟ་བཤལཔ་ཚུ་ སྐྱེལ་བའི་བསྒང་ཡོདཔ་བཞིན་དུ་ པདྨ་དབང་ཕྱུག་གིས་ ལ་ཡ་ལུ་འགྱོ་སའི་ སྟག་རྩི་དམག་ཁང་ལུ་ སྟེགས་ཚོང་ཅིག་ བཙུགས་ཏེ་ཡོདཔ་བཞིན་དུ་ ལས་རིམ་དེ་གིས་ འོང་འབབ་བཟོ་ནི་ལུ་ ཁེ་ཕན་བྱུངམ་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉིནམ་རེ་ལུ་ དངུལ་ཀྲམ་༢,༠༠༠ དེ་ཅིག་ བཟོ་ཚུགས་པས་ཟེར་ཨིནམ་ད་ ལས་རིམ་དེ་ནང་ ཀི་ལོ་མི་ཊར་༢༥ འབད་མི་ ལ་ཡ་གི་བང་རྒྱུག་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།
བང་རྒྱུག་དེ་ཡང་ སྤོ་མཇུག་ཐང་ལས་ འགོ་བཙུགས་ནི་ཨིནམ་ད་ བང་རྒྱུག་ནང་ བཅའ་མར་གཏོགས་མི་ཚུ་གིས་ མོ་ཆུ་མཐའམ་བདའ་སྟེ་ སྟག་རྩེ་དམག་ཁང་ཚུན་ རྒྱུག་པའི་ཤུལ་ལས་ ལང་མགོ་ཐང་ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *