རྒྱལ་ཁ་ཐོབ་མི་ རྩེདའགྲན་པ་ཚུ་གིས་ གསོལ་རས་ལེན་པའི་བསྒང་།

རྒྱལ་ཁམས་ས་གཏེར་སྡེ་ཚན་གྱིས་ ཉིནམ་༡ གི་ ཁུ་རུ་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ལུ་སྦེ་ ཉིན་གྲངས་༡ གི་རིང་ འགོ་འདྲེན་འཐབ་མི་ སྤྱིར་བཏང་ཁུ་རུའི་རྩེད་འགྲན་ནང་ རྒྱལ་ཁམས་ས་གཏེར་སྡེ་ཚན་གྱིས་ སྐུགས་༡༠ ཐོབ་སྟེ་ ཨང་དང་པ་ཐོན་ཡི།
མཐའ་བཅད་འགྲན་བསྡུར་དེ་ རྒྱལ་ཁམས་ས་གཏེར་དང་ བདེ་བ་ཐང་ལས་ཀརྨ་ལྔ་ དེ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ རྒྱལ་པོ་ར་ཀ་རོ་ཀོ་སྡེ་ཚན་༣ གྱི་བར་ན་ རྩེད་འདྲན་འབད་ཡོདཔ་ད་ འགྲན་སྡུར་དེ་ཡང་ དགེ་ལེགས་དཔལ་གཏེར་ནང་ཆས་བཟོ་སྐྲུན་ཁང་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འགྲན་བསྡུར་ནང་ བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་གྱི་ས་གནས་ཁག་ལས་ སྡེ་ཚན་༢༡ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ སྡེ་ཚན་རེ་ནང་ རྩེད་མི་༥ རེ་ཨིནམ་བཞིན་དུ་ སྡེ་ཚན་གསུམ་གསུམ་རེ་བགོ་སྟེ་ སྐོར་ཐེངས་༡༥ རེ་ རྩེད་འགྲན་འབད་ཡོདཔ་ཨིན་པས།
སྤྱིར་བཏང་རྩེད་འགྲན་དེ་ སྡེ་ཚན་རེ་གིས་ སྐོར་ཐེངས་༡༥ རེ་ རྩེད་འགྲན་འབད་ཡོད་རུང་ མཐའ་བཅད་རྩེད་འགྲན་ནང་ སྐོར་ཐེངས་༡༡ རེ་ཨིནམ་ལས་ སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ རྩེད་འགྲན་སྤྲོ་བ་ཆེ་ཏོག་ཏོ་སྦེ་ བྱུང་མི་ལུ་བརྟེན་ སྐོར་ཐེངས་༡༡ མཇུག་བསྡུཝ་ད་ རྒྱལ་ཁམས་ས་གཏེར་གྱིས་ སྐུགས་༦ དང་ གཞན་མི་སྡེ་ཚན་༢ ཀྱིས་ སྐུགས་༧ དང་༦ ལས་ ཐོབ་མ་ཚུགས།
ཨང་དང་པ་ཐོན་མི་ སྡེ་ཚན་གྱི་ རྩེད་འགྲན་པ་རེ་ལུ་ གསོལ་རས་ཆོས་ལོངས་སྤྲུལ་༣ གྱི་ སྐུ་འདྲ་རེ་དང་ ཨང་༢ པ་ལུ་ གུ་རུ་དང་ སྟོན་པའི་སྐུ་འདྲ་རེ་ དེ་ལས་ ཨང་༣ པ་ཐོན་མི་ལུ་ ཕྱག་ན་རྡོ་རྗེའི་ སྐུ་འདྲ་རེ་ བྱིན་ཡོདཔ་ད་ འགྲན་བསྡུར་གྱི་དོན་ལུ་ སྡེ་ཚན་རེ་གིས་ འཛུལ་འཐུས་དངུལ་ཀྲམ་༧,༥༠༠ རེ་ སྤྲོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྩེད་འགྲན་དྲག་ཤོས་ལུ་ གསོལ་རས་གསེར་སྐྱེམས་ཕུལ་ཆས་རེ་དང་ བཀག་རེག་དང་ དོ་སྦྱེལ་མཐོ་ཤོས་ཕོག་མི་ དེ་ལས་ སྒོར་ཐིག་གུ་ ཕོག་མི་ཚུ་ལུ་ གསོལ་རས་བྱང་ཆུབ་མཆོད་རྟེན་རེ་ བྱིན་ཡོདཔ་ཨིན་པས།
འགོ་འདྲེན་པ་ ཀུན་དགའ་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འགྲན་བསྡུར་འགོ་འདྲེན་འཐབ་མི་དེ་ ཁོ་ར་ཡང་ ཁུ་རུ་ལུ་ སྤྲོ་བ་ཡོད་མི་ཅིག་ཨིནམ་ལས་ དེ་བཟུམ་མའི་ འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་དོ་ཡོདཔ་ལས་ ཁུ་རུའི་རྩེད་འགྲན་དེ་ གོང་འཕེལ་དང་ རྩེད་འགྲན་པ་ཚུ་གི་བར་ན་ མཐུན་འབྲེལ་ཡར་དྲག་གཏང་ཐབས་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉིན་གྲངས་༡ གི་ ཁུ་རུའི་འགྲན་བསྡུར་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ ལོ་༡ ནང་ གནམ་བྱཱར་དང་ དགུན་ལུ་སྦེ་ ཚར་༢ རེ་ འགོ་འདྲེན་འཐབ་དོ་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ ས་དོང་ཊ་ནཱལ་༡ པ་དང་༢ པའི་ཆུ་དུང་མཐུད་སྦྲེལ་འབད་ཡོདཔ་ད་ ས་འོག་གི་ ཆུ་དུང་དེ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ འཕྲུལ་རྟ་ཨེབ་ཐོག་ལས་ ས་དོང་ཊ་ནཱལ་༢ ཀྱི་བར་ན་ གས་རྫས་ལག་ལེན་འཐབ་སྟེ་ …

Leave a Reply

Your email address will not be published. Required fields are marked *