འབྲུག་སྐྱེ་ལྡན་གནས་སྟངས་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་ མཁས་དབང་ངག་དབང་ནོར་བུ་དང་ སླར་འབྱུང་ནུས་ཤུགས་ལས་ཁུངས་ཀྱི་མདོ་ཆེན་ ཕུན་ཚོགས་རྣམ་རྒྱལ།

རྒྱལ་ཁབ་ནང་ སླར་འབྱུང་ནུས་ཤུགས་གོང་འཕེལ་གཏང་ནི།

༉ ཁ་ཙ་ བསྟན་རྒྱས་ལྷན་ཁག་ནང་ ནུས་ཤུགས་ཐོན་སྐྱེད་གོང་འཕེལ་དང་ ཡུན་བརྟན་གནས་ཐབས་ལུ་ སླར་འབྱུང་ནུས་ཤུགས་ལས་ཁུངས་དང་ འབྲུག་སྐྱེ་ལྡན་གནས་སྟངས་ལས་སྡེ་གཉིས་ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཅི།
དེ་ཡང་ ལས་སྡེ་གཉིས་ཀྱི་བར་ན་ མཐུན་འབྲེལ་དང་ མཉམ་རུབ་ཐོག་ལས་ སླར་འབྱུང་ནུས་ཤུགས་གོང་འཕེལ་གཏང་ནི་དང་ ཕན་ནུས་ཅན་སྦེ་ ཡུན་བརྟན་གནས་ཐབས་ལུ་ ནུས་ཤུགས་གཞན་དང་ མཁོ་འདོད་བཀོད་མིའི་ རེ་འདོད་འགྲུབ་ཐབས་ཀྱི་ འཛིན་སྐྱོང་གཞི་བཙུགས་འབད་ནིའི་དོན་ལུ་ཨིན་པས།
ལོ་༣ གྱི་དོན་ལས་ གོ་བརྡའི་ཆིངས་ཡིག་ལུ་ མཚན་རྟགས་བཀོད་མི་དེ་ གཙོ་བོ་ར་ རྩ་ཕན་གཉིས་ཆ་རའི་ ཁ་ཐུག་ལས་ ཡིད་ཆེས་འདྲོངས་ནི་དང་ ཆ་གཞག་ཚུགས་མི་ དེ་ལས་ ངོས་ལེན་འབད་དེ་ བསྟར་སྤྱོད་འབད་ཚུགས་ཐབས་ལུ་ཨིནམ་ད་ ནུས་ཤུགས་གོང་འཕེལ་གཏང་ནིའི་ འཆར་གཞི་དང་ ལས་རིམ་ དེ་ལས་ ལས་སྣ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ ཟུང་འབྲེལ་ཐོག་ འབད་ཐབས་ལུ་ཨིན་པས།
གློག་མེ་ཁྱབ་མ་ཚུགས་མི་ གྲོང་གསེབ་ཚུ་ནང་ རྩ་ཕན་༢ ཀྱིས་ མཉམ་རུབ་ཐོག་ལས་ ནུས་ཤུགས་ལས་འགུལ་གཞི་བཙུགས་འབད་ནི་དང་ གོང་འཕེལ་གཏང་ནི་ ནུས་ཤུགས་དེ་ ཁེ་ཕན་ཅན་སྦེ་ བཞག་ཐབས་ལུ་ ཞིབ་འཚོལ་དང་ ཤེས་ཡོན་ དེ་ལས་ གོ་བརྡ་སྤྲོད་ཐོག་ལས་ འབད་ནི་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

རྩ་ཁྲིམས་ཅན་གྱི་ འཐུས་མི་ལྷན་འཛིན་ཚུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་དགོ་ནི།

༉ ད་ལས་ཕར་ རྩ་ཁྲིམས་ཅན་གྱི་ འཐུས་མི་ལྷན་འཛིན་སྦེ་ བསྐོ་བཞག་གནང་པའི་སྐབས་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་དགོ་ནི་ཨིན་པས། དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་དང་ འཐུས་མི་ལྷན་འཛིན་ཚུའི་ ཐོབ་ཐངས་དང་ ལཱ་གཡོག་ཆ་རྐྱེན་ …

Leave a Reply

Your email address will not be published. Required fields are marked *