རྒྱ་གར་གཞུང་ཚབ་ཡིག་ཚང་གིས་ འབྲེལ་འཛིན་བཞག་ཐབས་ལུ་ ཡོ་གའི་སློབ་སྟོན།

༉ འབྲུག་ལུ་ རྒྱ་གར་གཞུང་ཚབ་ཀྱིས་ ཡོངས་འབྲེལ་ཐོག་ལས་ ཡོ་ག་ལྷབ་ནི་ འགོ་བཙུགས་མི་དང་ ཧེ་མ་ལས་ སྦྱང་བ་འབད་མི་ཚུ་གི་བར་ན་ དབྱེ་བ་མེདཔ་སྦེ་ སློབ་སྟོན་འབད་།ནི་ འགོ་བཙུགས་ནུག།

རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བཱོཇ་གིས་ སླབ་མིའི་ནང་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་དགོ་མི་དེ་ཡང་ ད་རེས་ནངས་པར་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་ཡོད་མེད་ བརྟད་དཔྱད་འབད་ནིའི་དོན་ལུ་ ཟུར་བཞག་ཁང་ཚུ་ནང་ བཞག་མི་དང་ རང་རྐྱང་ཐོག་ ཟུར་སྡོད་མི་ཚུ་གི་དོན་ལུ་ཨིནམ་བཞིན་དུ་ ཁོང་གི་ དྲོ་པའི་དུས་ཚོད་ཚུ་ འོས་ཁུངས་དང་ལྡནམ་སྦེ་ སྤྱོད་ཐབས་ལུ་ཨིན་པས།

རྒྱ་གར་གཞུང་ཚབ་ཡིག་ཚང་གི་ ལམ་སྲོལ་ལྟེ་བ་ལས་ ཡོ་ག་སློབ་སྟོན་པ་ གུ་རུ་ཇི་ ཀེ་བི་ཨེསི་ཨེསི་ཨེན་ མུར་ ཐེ་གིས་ འགོ་ཁྲིད་འབད་དེ་ ཡོངས་འབྲེལ་ཐོག་ལུ་ སློབ་སྟོན་འབད་ནི་ཨིན་པས།

ཡོ་ག་དང་གཅིག་ཁར་ མི་ཚུ་ལུ་ རང་དང་རོགས་ཀྱི་བར་ན་ ས་སྟོང་བཞག་དགོ་པའི་ སེམས་ཤུགས་བྱིནམ་མ་ཚད་ ཁྱིམ་ནང་ཡོ་གའི་ལུས་སྦྱོང་འབད་ནི་ཚུ་ ཡོངས་འབྲེལ་ཐོག་ སྟོན་བྱིན་ནི་ཨིནམ་ལས་ ཧེང་སྐལ་ར་ སྟབས་བདེ་ ཏོག་ཏོ་བཟོ་ཡི་ཟེར་ རྒྱ་གར་གྱི་གཞུང་ཚབ་ཀྱིས་ བཤདཔ་ཨིན་པས།

དངོས་མཐོང་སྦེ་ སློབ་སྟོན་འབད་ནི་དེ་ གཟའ་མིག་དམར་ལས་ སྤེན་པ་ཚུན་ དྲོ་པ་ཆུ་ཚོད་༨.༣༠ ལས་འགོ་བཙུགས་ དུས་ཡུན་སྐར་མ་༡༥ དང་༢༠ དེ་ཅིག་འབད་ནི་ཨིན་པས།

གལ་སྲིད་ དངོས་མཐོང་ནང་ སློབ་སྟོན་འབད་མི་དེ་ ཆད་སོ་ཡོད་རུང་ ལས་རིམ་དེ་ གདོང་དེབ་དང་ ཡུ་ཊུབ་ལས་ ཕབ་ལེན་འབད་དེ་ ལྷབ་སྦྱང་འབད་ཚུགས་ནི་ཨིན་པས།

ད་རེས་བཟུམ་མའི་ གནས་སྟངས་ནང་ ཡོ་གའི་སློབ་སྟོན་དེ་གིས་ སེམས་ཁམས་ནད་གཞི་ མར་ཕབ་འབད་ནི་དང་ གཟུགས་སྟོབས་སྒྲིང་སྒྲི་བཞག་ཚུགས་ནི་ གཟུགས་དང་ དྲན་པ་ དེ་ལས་ སེམས་ཁམས་ཚུ་ གཅིག་སྒྲིལ་སྦེ་ བཞག་ནི་ལུ་ ཕན་ཐོགས་ཡོད་ཟེར་ གཞུང་ཚབ་ཀྱིས་ བཤད་པའི་ཁར་ ད་རེས་ནངས་པར་ རྐྱང་གནས་ཟུར་བཞག་ཁང་དང་ སྤྱིར་བཏང་གི་ ཟུར་བཞག་ནད་བརྟག་ཁང་ དེ་ལས་ མི་ཚུ་གི་བར་ན་ ས་སྟོང་བཞག་དགོ་མི་ཚུ་ ཡོ་གའི་སློབ་སྟོན་ལུ་བརྟེན་ བསྒྱུར་བཅོས་འབད་ཚུགས་ཟེར་ཨིན་པས།

ཡོ་གའི་སློབ་ཚན་འགོ་བཙུགས་དགོ་མི་དེ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ རྒྱ་གར་གྱི་ ལམ་ལུགས་རྙིངམ་ཅིག་ཨིན་མི་ལུ་ གཙོ་བོར་བཏོན་ཐབས་ལུ་ཨིན་པས།

ནད་ཡམས་Covid 19 ལུ་བརྟེན་ རྒྱ་གར་རྒྱལ་ཁབ་ ཉིན་གྲངས་༢༡ གི་རིང་ སྒོ་བསྡམས་པའི་ ནམ་དུས་ལུ་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ བློན་ཆེན་ན་རེན་ད་ར་ མོ་དི་གིས་ ཁོ་ར་ གཟུགས་སྟོབས་སྒྲིང་སྒྲི་བཞག་ཐབས་ལུ་ ཉིན་བསྟར་གྱི་ དུས་ཚོད་བཟོ་སྟེ་ཡོད་པའི་སྐོར་གསུངས་ནུག།

བློན་ཆེན་མོ་དི་མཆོག་ ད་ལྟོ་ཡང་ གཟུགས་སྟོབས་སྒྲིང་སྒྲི་སྦེ་ བཞུགས་ཚུགས་མི་དེ་ ཉིན་བསྟར་བཞིན་དུ་ ཡོ་གའི་ལུས་སྦྱོང་འབད་མི་ལུ་བརྟེན་ཨིནམ་ལས་ ཁྱིམ་ནང་ཟུར་སྡོད་མི་ཚུ་ལུ་ སེམས་ཤུགས་བསྐྱེད་ཐབས་ལུ་ གློག་ཐུང་བཟོ་ཡོད་མི་དེ་སྟོན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་ཕུན་ཚོགས།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *