རྒྱ་གར་གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༡.༡༩ འཛིན་གྲོལ་འབད་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ ཕྱི་འབྲེལ་ལྷན་ཁག་གིས་ ཐིམ་ཕུག་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ལས་ཁང་ལས་ ལས་འགུལ་མཉམ་འབྲེལ་གྲོགས་རམ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡.༡༩ འབད་མི་ དངུལ་འཛིན་ཅེག་ཅིག་ ཐོབ་ཡོདཔ་ཨིན་པས།
མ་དངུལ་དེ་ཡང་ རྒྱ་གར་གཞུང་གིས་ འབྲུག་ལུ་ ལོ་ལྔའི་འཆར་གཞི་༡༢ པའི་འོག་ལུ་ མཉམ་འབྲེལ་ལས་འགུལ་ཚུ་གི་དོན་ལས་ མ་དངུལ་ཆ་ཤས་ཅིག་ཨིན་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
རྒྱ་གཞུང་གིས་ འཆར་གཞི་༡༢ པའི་ནང་ འབྲུག་གཞུང་ལུ་ མ་དངུལ་གྲོགས་རམ་གྱི་ ཁས་ལེན་འབད་མི་ལས་ དངུལ་ཀྲམ་ཐེར་འབུམ་༢༨ དེ་ མཉམ་འབྲེལ་གྲོགས་རམ་ལས་འགུལ་ཚུ་གི་དོན་ལུ་ བཞག་ཡོདཔ་ཨིན་པས།
ད་རེས་ མ་དངུལ་འཛིན་གྲོལ་འབད་མི་དེ་ མཉམ་འབྲེལ་ལས་འགུལ་༥ ལུ་ ལག་ལེན་འཐབ་ནི་ཨིན་མི་དེ་ཡང་ རྒེད་འོག་ལྟེ་བའི་ལམ་༢༠ གུ་ རྩི་ནག་གཏང་ནི་དང་ འཇིགས་མེད་གླིང་ལུ་ བཟོ་གྲྭའི་གླིང་ག་ཚུ་ གོང་འཕེལ་གཏང་ནི་ གཞུང་གི་ཡོངས་འབྲེལ་ལས་འགུལ་འཆར་གཞི་ དེ་ལས་ དབང་འདུག་ཕོ་བྲང་རྫོང་བསྐྱར་བཞེངས་དང་ ངང་ལམ་ལུ་ ཁྲོམ་སྡེའི་གཞི་རྟེན་མཐུན་རྐྱེན་གོང་འཕེལ་གཏང་ནི་ཚུ་ཨིན་པས།
རྒྱ་གར་གྱིས་ ལོ་ལྔའི་འཆར་གཞི་དང་པ་ སྤྱི་ལོ་༡༩༦༡ ལུ་ འགོ་བཙུགས་ཞིནམ་ལས་ཚུར་ འབྲུག་གི་མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ རྒྱབ་སྐྱོར་འབད་བཞིན་དུ་ཡོདཔ་མ་ཚད་ ད་རེས་ འབྲུག་གི་གོང་འཕེལ་མཉམ་རོགས་རྩ་ཆེ་ཤོས་ཅིག་སྦེ་ར་ གནས་ཏེ་ཡོད་པའི་གནས་ཚུལ།

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *