འབྲུག་ལུ་རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བོའེ་གིས་ གསོ་བའི་བློན་པོ་བདེ་ཆེན་དབང་མོ་ལུ་ གསོ་བའི་མཁོ་ཆས་ཚུ་ རྩིས་སྤྲོད་འབད་བའི་བསྒང་།

རྒྱ་གར་གཞུང་གིས་ གསོ་བའི་མཁོ་ཆས་ཚུ་ གྲོགས་རམ་བྱིན་ཡོདཔ།

༉ ཁ་ཙ་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བོའེ་གིས་ གསོ་བའི་བློན་པོ་བདེ་ཆེན་དབང་མོ་ལུ་ གཞུང་འབྲེལ་ཐོག་ལས་ དགོས་མཁོ་ཆེ་བའི་ སྨན་རིགས་དང་ ཅ་ཆས་ཚུ་ རྩིས་སྤྲོད་འབད་ཡི།
དེ་ཡང་ ཨེན་༩༥ ཟེར་མི་ ཁ་རས་དང་ གསོ་བའི་ལས་བྱེདཔ་ཚུ་གི་ རང་སྐྱོབ་ཅ་ཆས་ དེ་ལས་ སི་ཊི་ཛེན་སྨན་ལེབ་ཚུ་ཨིན་པས།
འབྲུག་གིས་ ནད་ཡམས་ཀོ་བིཌ་-༡༩ འི་ གདོང་ལེན་གནས་སྟངས་ནང་ རྒྱ་གར་གཞུང་གིས་ དགོས་མཁོ་ཆེ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་བྱིན་མི་དེ་ ཐེངས་༥ པ་ཨིན་ཟེར་ གཞུང་ཚབ་ལས་ཁང་གིས་ གསར་བཏོན་འབད་མི་ སྙན་ཞུ་ནང་ བཀོད་ནུག།
སྙན་ཞུ་དང་འཁྲིལ་བ་ཅིན་ གསོ་བའི་དོན་ལུ་ དགོས་མཁོ་ཆེ་བའི་ཅ་ཆས་ཚུ་ འཕྲོ་མཐུད་དེ་ར་ གྲོགས་རམ་བྱིན་ནི་ཨིན་ཟེར་ཨིནམ་ད་ དེ་ཡང་ རྒྱ་འབྲུག་༢ ཀྱི་བར་ན་ བློ་གཏད་ཡིད་ཆེས་དང་ མཐུན་ལམ་དམ་ཟབ་ཡོད་པའི་ བརྡ་མཚོན་ལུ་ཨིན་ཟེར་ ཨིན་པས།
ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་ནང་ འབྲུག་གི་དཔལ་འབྱོར་དང་ གསོ་བ་ལུ་ ཐོ་ཕོག་པའི་སྐབས་ རྒྱ་གར་གཞུང་གིས་ གྲོགས་རམ་དང་ རྒྱབ་སྐྱོར་གང་དྲག་འབད་ནིའི་ རེ་བ་ཡོད་ཟེར་ སྙན་ཞུའི་ནང་ བཀོད་འདུག་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *