རྐྱང་འགྲན་མདའ་རྩེད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ མདའ་རྩེདཔ་དྲག་ཤོས་ཚུ།

རྐྱང་འགྲན་མདའ་རྩེད་འགྲན་བསྡུར་ འགོ་དང་པ་ འགོ་འདྲེན་འཐབ་ཡོདཔ།

༉ སྤ་རོ་ཚོང་འདུས་ལུ་ རྐྱང་འགྲན་མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་མི་དེ་ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ མདའ་རྩེདཔ་དྲག་ཤོས་ཚུ་དང་ སྤྱིར་བཏང་མདའ་རྩེདཔ་ཚུ་གི་བར་ན་ མཐའ་བཅད་རྩེད་འགྲན་འབད་དེ་ མཇུག་བསྡུ་ནུག།
མཐའ་བཅད་སྐབས་ རྩེད་འགྲན་དབྱེ་ཁག་༢ སྦེ་ འགོ་འདྲེན་འཐབ་ཡོད་མི་དེ་ཡང་ ཧེ་མ་ལས་ མདའ་རྩེད་འགྲན་བསྡུར་ནང་ བཀག་རེག་མཐོ་ཤོས་རྐྱབ་སྟེ་ དྲག་ཤོས་ཀྱི་གྲངས་སུ་ཚུད་མི་༥ འི་བར་ན་ དོ་འགྲན་འབད་ཡོདཔ་བཞིན་དུ་ དབྱེ་ཁག་༢ པའི་ནང་ སྤྱིར་བཏང་མདའ་རྩེདཔ་༡༠ གྱི་བར་ན་ དོ་འགྲན་འབདཝ་ད་ ཨང་དང་པ་དང་ གཉིས་པ་སྦེ་ གོ་རིམ་བཏོན་ཏེ་ གསོལ་རས་ཚུ་ བྱིན་ནུག།
རྐྱང་འགྲན་མདའ་རྩེད་འགྲན་བསྡུར་དེ་ མདའ་རྩེད་ལུ་ སྤྲོ་བ་དང་ དང་འདོད་ཡོད་མི་ སྒེར་སྡེ་ཅིག་གིས་ མདའ་རྩེད་གོང་འཕེལ་གཏང་ནི་དང་ གོ་སྐབས་བྱིན་ནི་ དེ་ལས་ ངོ་རྐྱང་གི་རིག་རྩལ་དང་ ལྕོགས་གྲུབ་གཏོན་ཐབས་ལུ་ ཨིན་པས།
འགོ་འདྲེན་པ་གིས་ སླབ་མིའི་ནང་ སྤྱིར་བཏང་འབྲུག་རྒྱལ་ཁབ་ནང་ མདའ་རྐྱབ་མི་དང་ མ་འདྲཝ་སྦེ་ རྩེད་ འགྲན་འབད་བཅུག་ཡི་ཟེར་ཨིནམ་ད་ ལིག་སྐོར་ཐེངས་༤༥ འི་དོན་ལུ་ རྫོང་ཁག་༢༠ ལས་ དབང་འདུས་དང་ སྤུ་ན་ཁ་ ཆུ་ཁ་ ཕུན་ཚོགས་གླིང་ དར་དཀར་ནང་ རྩི་རང་ ཐིམ་ཕུག་ དེ་ལས་ སྤ་རོ་ལུ་སྦེ་ འགོ་འདྲེན་འཐབ་ཅི་ཟེར་ ཨིན་པས།
སྤྱིར་བཏང་དབྱེ་ཁག་ནང་ བཅའ་མར་གཏོགས་མི་༢༨༩ གི་བར་ན་ ལིག་སྐོར་ཐེངས་རྩེད་འགྲན་འབདཝ་ད་ བཀག་རེག་མང་སུ་ཕོག་མི་༡༠༠ གདམ་ཁ་རྐྱབ་དོ་བཟུམ་སྦེ་ མདའ་རྩེདཔ་དྲག་ཤོས་༢༨ ལས་༢༥ གིས་ ནོག་ཨའུཊ་རྩེད་འགྲན་ནང་ ལྷོད་ནུག།
ནོག་ཨའུཊ་འགྲན་བསྡུར་དེ་ སྤ་རོ་ཚོང་འདུས་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ སྤྱིར་བཏང་དབྱེ་ཁག་ལས་ མི་ངོམ་༡༠ དང་ དྲག་ཤོས་དབྱེ་ཁག་ལས་ མི་ངོམ་༥ མཐའ་བཅད་རྩེད་འགྲན་ནང་ ལྷོད་ཡོདཔ་ཨིན་པས།
མདའ་རྩེདཔ་ཅིག་གིས་ མདའ་༣ སྦེ་ སྐོར་ཐེངས་མཇུག་མ་བསྡུ་ཚུན་ རྐྱབ་ཡོད་རུང་ གཞན་སྡེ་ཚན་ནང་ རྩེད་འགྲན་འབད་དོ་བཟུམ་སྦེ་ སྐུགས་བརྩི་ནི་མེན་པར་ བཀག་རེག་གུ་སྦེ་ བརྩི་བཞག་ནུག།
བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ གཞན་དང་མ་འདྲཝ་སྦེ་ཡོད་མི་དེ་ཡང་ རང་གིས་ དྲནམ་བཏོན་ཏེ་ རྩེད་འགྲན་འབད་དགོ་ནི་དེ་གིས་ སེམས་ཤུགས་ཐེབས་དང་ སྤྲོ་བ་ཡང་ གཞན་དང་མ་འདྲཝ་སྦེ་ཡོད་པའི་ ཁར་ དྲང་བདེན་ཡང་ མཐོང་ཡི་ཟེར་ཨིན་པས།
ལས་རིམ་འགོ་འདྲེན་པ་དང་འཁྲིལ་བ་ཅིན་ མ་གཞི་ མདའ་རྩེད་འགྲན་འབད་ནིའི་ལམ་ལུགས་ཚུ་ འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་ ལམ་ལུགས་དང་ སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་འབད་བ་ཅིན་ རྩེད་འགྲན་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་དང་ འགྲན་བསྡུར་དེ་ཡང་ གཞན་རྩེད་རིགས་ཚུ་བཟུམ་སྦེ་ གོང་འཕེལ་གཏང་ནིའི་ དམིགས་གཏད་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

 

བཀྲིས་ཕུན་ཚོགས།

 

About admin

Check Also

མོང་སྒར་ཁྲོམ་ཁར་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་ནི།

༉ མོང་སྒར་ཁྲོམ་གྱི་ ས་ཁོངས་ལྟེ་བའི་ནང་ ཉེན་སྲུང་གི་དོན་ལུ་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་བའི་བསྒང་ལས་ ས་ཁོངས་དེ་ནང་ ཁྱད་རིག་ལྡན་པའི་ཁྲོམ་གྱི་བསམ་གཞི་ལུ་ གཞི་བཞག་སྟེ་བཟོ་མི་ ཁྲོམ་གྱི་མཐུན་རྐྱེན་ཚུ་ ཚང་ནི་ཨིན་པས། མོང་སྒར་ཁྲོམ་ལྟེ་བ་དེ་ མོང་སྒར་ཁྲོམ་གྱི་འོག་ལུ་ ས་གནས་ས་ཁོངས་འཆར་གཞི་༧ ཡོད་པའི་ནང་ལས་ …

Leave a Reply

Your email address will not be published. Required fields are marked *