ལམ་ལྟག་ལས་མར་ རྡོ་བུད་དེ་ བསུབས་བཞག་མི་ རི་བོ་ཏ་ལ་གཞུང་ལམ།

རི་བོ་ཏ་ལ་ལུ་ གཞུང་ལམ་བསུབས་མི་དེ་ ད་རིས་ འཕྲོ་མཐུད་བསལ་ནི།

༉ ཆརཔ་རྒྱུན་ཆད་མེད་པར་རྐྱབ་མི་ལུ་བརྟེན་ ཀྲོང་གསར་དང་ གཞལམ་སྒང་གི་བར་ན་ རི་བོ་ཏ་ལ་ལུ་ གཞུང་ལམ་བསུབས་ཡོད་མི་དེ་ ད་རིས་ འཕྲོ་མཐུད་དེ་ར་ བསལ་ནི་ཨིན་པས།

རི་བོ་ཏ་ལ་དེ་ ཀྲོང་གསར་ལས་ གཞལམ་སྒང་ཁ་ཐུག་ ཀི་ལོ་མི་ཊར་༦༨ ཀྱི་ས་ཁར་ཨིནམ་ད་ ལམ་སེལ་ལས་ཁུངས་དང་འཁྲིལཝ་ད་ ཆརཔ་མ་ཆད་པར་རྐྱབ་མི་དང་ ལམ་ལྟག་ལས་མར་ རྡོ་བུད་འོང་མི་ དེ་ལས་ ས་སྨུག་སྤུབས་མི་ལུ་བརྟེན་ ལམ་བསལ་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༢༡ ལུ་ ས་སྣུམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཅིག་ཡང་ ལམ་ལྟག་ལས་མར་ ས་ཆད་འོང་མི་ལུ་བརྟེན་ སའི་འོག་ལུ་ཚུད་མི་དེ་ཡང་ ད་ལྟོ་ བཏོན་མ་ཚུགས་པར་ཡོདཔ་ཨིན་པས།

སྣུམ་འཁོར་རྒྱུན་འགྲུལ་འཐབ་མི་ཚུ་ཡང་ ལམ་སེལ་མ་ཚར་ཚུན་ ཏིང་ཏི་སྦིས་དང་ གླང་མཐིལ་ལུ་ བཀག་བཞག་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ གླང་མཐིལ་རྒེད་འོག་ དང་དུང་དང་ བྲག་སྟེང་རེད་འཕེལ་ ཀོ་ཤ་ལའི་བར་ན་ ཕྲང་ལམ་བསལ་ཡོད་མིའི་ནང་ ལམ་ལྟག་ལས་མར་ རྡོ་བུད་འོང་མི་ལུ་བརྟེན་ འཁོར་ལམ་བསུབས་ཡོདཔ་ཨིན་པས།

ཀྲོང་གསར་གྱི་ ཁྲིམས་སྲུང་འགག་སྡེ་དང་འཁྲིལཝ་ད་ སྣུམ་འཁོར་ཚུ་ ཧེ་མའི་ འཁོར་ལམ་རྙིངམ་བདའ་སྟེ་ རྒྱུན་འགྲུལ་འཐབ་བཅུག་དོ་ཟེར་ཨིན་པས།

བུམ་ཐང་ ནང་སྒར་དང་ ཨུ་ར་བར་ནའི་ ཕྲང་ལམ་དེ་ཡང་ རྡོ་བུད་འོང་མི་གིས་ བསུབས་ཡོདཔ་ལས་ རྒྱུན་འགྲུལ་འཐབ་ནི་ལུ་ ཉེན་ཁ་ཡོདཔ་བཞིན་དུ་ སྣུམ་འཁོར་ཚུ་ ལྕམ་མཁར་ཁྲོམ་བརྒྱུད་དེ་ འགྲོ་འགྲུལ་འཐབ་བཅུག་དོ་ཟེར་ཨིན་པས།

དེ་བཟུམ་སྦེ་ སྐོར་ཕུག་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ཡང་ བསུབས་ཡོདཔ་ལས་ རྒེད་འོག་ནང་ གློག་མེ་མཐུད་སྦྲེལ་འབད་ནི་ལུ་ དཀའ་ངལ་བྱུང་ཡོདཔ་ཨིན་པས།

གློག་མེ་ལས་འཛིན་གྱི་ འགོ་དཔོན་དང་འཁྲིལཝ་ད་ ལམ་ཆད་མི་ལུ་བརྟེན་ གློག་མེ་མཐུད་སྦྲེལ་གྱི་ལཱ་དེ་ ཉིམ་གཤོང་ཚུན་ལས་བརྒལ་ འབད་མ་ཚུགས་རུང་ ད་རེས་ ནབ་སྦྱིས་དང་ སྐོར་ཕུག་གཡུས་ཚན་ནང་ གློག་མེའི་ལཱ་འབད་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *