མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དྲག་ཤོས་ཐོན་མི་ཚུ་ལུ་ གསོལ་རས་གནང་པའི་བསྒང་།

འཛམ་གླིང་ནང་ ཨམ་སྲུ་དང་ བུམོ་ཚུ་གི་ མདུན་ལམ་དྭངས་གསལ་བཟོ་ཡོདཔ།

ཀེ་ནི་ཡའི་རྒྱལ་ས་ ནའེ་རོ་བི་ལུ་ སྤྱི་ཟླ་༡༡ པའི་ཚེས་༡༢ ལས་༡༤ ཚུན་ ཉིན་གྲངས་གསུམ་གྱི་རིང་འཚོགས་མི་ རྒྱལ་སྤྱི་མི་འབོར་དང་ གོང་འཕེལ་གྱི་ དབུ་ཁྲིད་ཞལ་འཛོམས་དེ་ འཛམ་གླིང་ནང་ ཨམ་སྲུ་དང་ བུམོ་ཚུ་གི་གནས་སྟངས་ ལེགས་བསྒྱུར་འབད་ནིའི་ མདུན་ལམ་དྭངས་གསལ་བཟོ་ཐོག་ལས་ མཇུག་བསྡུ་ཡོདཔ་ཨིན་པས།

ཞལ་འཛོམས་ནང་ གྲོས་བསྡུར་འབད་དེ་ ཨའི་གི་ཤི་རྐྱེན་ཚད་གཞི་ ཀླད་ཀོར་བཟོ་ནི་དང་ བཟའ་ཚང་འཆར་གཞི་ལུ་ བསམ་པ་མ་རྫོགས་པའི་ དགོས་མཁོ་དང་ ཕོ་མོ་དང་འབྲེལ་བའི་ རྩུབ་སྤྱོད་དང་ གནོད་ཉེན་ཆེ་བའི་ ལག་ལེན་ཚུ་ རྩ་ལས་མེདཔ་བཟོ་ནི་གི་ ཁས་ལེན་འབད་ཡོདཔ་ཨིན་པས།

དབུ་ཁྲིད་ཞལ་འཛོམས་སྐབས་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཨམ་སྲུ་དབུ་ཁྲིད་གྲོས་བསྡུར་ནང་ འབྲུག་ལུ་ ཨམ་སྲུ་དང་ བུམོ་ཚུ་གི་ ཐོབ་དབང་ཡར་དྲག་ དེ་ལས་ འདོད་སྤྱོད་དང་ སྐྱེ་རྒྱུན་འཕྲོད་བསྟེན་དང་འབྲེལ་བའི་ ལེགས་ཐོན་གྲུབ་འབྲས་དང་ གདོང་ལེན་ཚུ་གི་སྐོར་ལས་ གསལ་བཤད་གནང་ཡོདཔ་ཨིན་པས།

སྐུ་འཁོར་ཚུ་གིས་གཙོས་པའི་ རྒྱལ་ཁམས་དང་ གཞུང་གི་དབུ་ཁྲིད་ཚུ་བརྩིས་ཏེ་ འཐུས་མི་༩༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་མི་ དབུ་ཁྲིད་ཞལ་འཛོམས་ནང་ འཛམ་གླིང་སྤྱི་ཚོགས་མི་འབོར་མ་དངུལ་ལས་སྡེ་ ཡུ་ཨེན་ཨེཕ་པི་ལུ་ རྒྱབ་སྐྱོར་འབད་མི་ དྲག་ཤོས་༡༠ ངོས་འཛིན་ཐོག་ མི་དབང་རྒྱལ་ཡུམ་མཆོག་དང་ ཡུ་ཨེན་ཨེཕ་པི་ཨེ་གི་ བཀོད་ཁྱབ་མདོ་ཆེན་རྣམ་གཉིས་ཀྱིས་ གསོལ་རས་ཚུ་ གནང་ཡོད་པའི་གནས་ཚུལ།

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ ས་དོང་ཊ་ནཱལ་༡ པ་དང་༢ པའི་ཆུ་དུང་མཐུད་སྦྲེལ་འབད་ཡོདཔ་ད་ ས་འོག་གི་ ཆུ་དུང་དེ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ འཕྲུལ་རྟ་ཨེབ་ཐོག་ལས་ ས་དོང་ཊ་ནཱལ་༢ ཀྱི་བར་ན་ གས་རྫས་ལག་ལེན་འཐབ་སྟེ་ …

Leave a Reply

Your email address will not be published. Required fields are marked *