རབས་ཆད་ཉེན་ཡོད་མི་ ཧ་ཅུང་གདོང་དཀར། པར་ འབྲུག་ལྟ་བཤལ་ལས་སྡེ།

འབྲུག་ལུ་ སྐྱེ་ལྡན་རིགས་སྣ་༡༡,༢༤༨ མཐོང་གསལ་བྱུང་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༥ པའི་ནང་ གསལ་སྟོན་འབད་མི་ སྐྱེ་ལྡན་རིགས་སྣའི་ གནས་སྡུད་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ སྐྱེ་ལྡན་རིགས་སྣ་༡༡,༢༤༨ ཡོདཔ་ཨིན་པས།
འབྲུག་འདི་ སྤྱིའི་གནས་ཚད་ནང་ སྐྱེ་ལྡན་དྲག་ཤོས་ཨང་༡༠ པའི་གྲས་ཁར་ ངོས་འཛིན་འབད་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ ད་རེས་ནངས་པར་ སེམས་ཅན་རིགས་༥,༡༡༤ དང་ ཤིང་རིགས་༥,༣༦༩ དེ་ལས་ རིགས་གཞན་ཚུ་ཡོདཔ་ཨིན་པས།
འབྲུག་ལུ་ སྤྱི་ལོ་༢༠༠༩ དང་༢༠༡༧ གྱི་བར་ན་ སེམས་ཅན་རིགས་༣༣ གསརཔ་ངོས་འཛིན་འབད་ཡོད་མི་ཚུ་གི་གྲས་ལས་ སྔོ་ཤིང་གསརཔ་༡༦ དང་ ཕྱེམ་ལ་རིགས་གསརཔ་༤ ཉ་རིགས་༣ ལུས་མཉེན་སྲོག་གསལ་༤ གནམ་གྲུ་འབུབ་༡ ཨ་བ་གླང་འབུབ་༢ ངོས་འཛིན་འབད་ཡོད་མི་དེ་ ལོ་རེ་ནང་ རིགས་གསརཔ་རེ་ མཐོང་གསལ་བྱུངམ་ཨིན་པས།
དེ་ཚུ་གི་གྲས་ལས་ རིགས་༡༥ དེ་ ཉེན་ཁ་ཅན་གྱི་རིགས་ནང་ ཡོད་པའི་ཁར་ རིགས་༢༠ དེ་ རབས་ཆད་ཉེན་དང་ རིགས་༡༣ དེ་ རབས་ཆད་ནིའི་ ཉེན་ཁ་སྦོམ་སྦེ་ར་ ཡོདཔ་ཨིན་པས།
ཉའི་གྲས་ལས་ རིགས་༨ ཉེན་ཁ་ཡོད་པའི་ཁར་༣ རབས་ཆད་ཉེན་ནང་ཡོད་བཞིན་དུ་ སྐྱེ་ལྡན་རིགས་སྣའི་འགོ་དཔོན་ ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གནས་སྡུད་ནང་ དང་ཕུ་ལས་ སྤྱི་ལོ་༢༠༡༧ ཚུན་གྱི་བར་ན་ རྒྱལ་ཁབ་ནང་མཐོང་མི་ སེམས་ཅན་གྱི་རིགས་ཚུ་ཨིན་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ སེམས་ཅན་གྱི་རིགས་ཚུ་ ཐོ་བཀོད་འབད་ནིའི་དོན་ལུ་ འབྲེལ་ཡོད་ཡིག་ཚང་ཚུ་ལས་ མཁས་མཆོག་ཚུ་དང་ འབྲེལ་བ་འཐབ་ཡོད་ཟེར་ཨིན་པས།
ཨིན་རུང་ མཁས་མཆོག་ཚུ་གིས་ སྔོ་ཤིང་དང་ འོ་འཐུང་སྲོག་ཆགས་ དེ་ལས་ བྱ་རིགས་ཚུ་ལུ་ ཞིབ་འཚོལ་འབད་ཡོད་རུང་ སྒལ་ཚིགས་མེད་པའི་ སྲོག་ཆགས་ཚུ་གི་གནས་སྡུད་དེ་ སྐྱོ་དྲགས་སྦེ་ བཞག་སྟེ་འདུག་ཟེར་ཨིན་པས།
ཉ་རིགས་དང་ སྒལ་ཚིགས་མེད་མི་ ཕོ་བཤུད་སེམས་ཅན་ཚུ་ལུ་ ཞིབ་འཚོལ་དུམ་གྲ་རེ་ འགོ་འདྲེན་འཐབ་ཡོད་རུང་ གནས་སྡུད་ཚུ་མིན་འདུག་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
སྙན་ཞུ་གིས་ ཕྲ་འབུབ་གི་རིགས་ཚུ་ ཞིབ་འཚོལ་འབད་དགོ་པའི་ གྲོས་འདེབས་འབད་ཡོད་པའི་གནས་ཚུལ།

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *