འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་ཚུ།

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༥ ལུ་ ནེ་པཱལ་གྱིས་ གཱོལ་དང་པ་བཙུགས་ཡོདཔ་ད་ དེ་གི་ཤུལ་ལས་ དུས་ཡུན་སྐར་༣༠ ལུ་ འབྲུག་པའི་རྩེད་འགྲན་པ་ བཙན་སྐྱོགས་རྒྱལ་མཚན་གྱིས་ གཱོལ་བཙུགས་ཡི།
བར་མཚམས་ཀྱི་ཤུལ་ལས་ དུས་ཡུན་སྐར་མ་༥༢ ལངམ་ད་ ནེ་པཱལ་གྱིས་ གཱོལ་༢ པ་བཙུགས་ཡོདཕ་ད་ དེ་བསྒང་ འབྲུག་པའི་རྩེད་འགྲན་པ་ཚུ་གིས་ ཐབས་རིག་མ་འདྲཝ་བཏོན་ཏེ་ དོ་འགྲན་འབད་རུང་ མཐར་འཁྱོལ་མ་ ཚུགསཔ་ལས་ ཕམ་སོ་ཡི།
འདས་པའི་བདུན་ཕྲག་ནང་ སྐོར་ཐེངས་དང་པའི་ རྩེད་འགྲན་འབདཝ་ད་ ནེ་པཱལ་གྱིས་ འབྲུག་ལུ་ གཱོལ་༤ བཙུགས་ཏེ་ཕམ་བཏངམ་ད་ འབྲུག་གིས་ གཱོལ་༡ ཡང་བཙུགས་མ་ཚུགས།
འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་ཚོགས་པའི་ བསླབ་སྟོན་པ་པདྨ་གིས་ སླབ་མིའི་ནང་ རྩེད་འགྲན་པ་ཚུ་གིས་ བྱང་ཕྱད་སྡེ་ཚན་ལས་ རྒྱལ་ཁ་འཐོབ་ནི་ལུ་ དམིགས་གཏད་བསྐྱེད་དེ་ རྩེད་འགྲན་འབད་ཡོད་རུང་ བྱང་ཕྱད་ཀྱི་ས་ ཁོངས་ནང་ རྩེད་འགྲན་འབད་དགོཔ་བྱུང་ནི་དེ་གིས་ རྒྱབ་སྐྱོར་འབད་མི་མེདཔ་ལས་ ཕམ་སོ་ཡི་ཟེར་ཨིན་པས།
ཨིན་རུང་ འབྲུག་པའི་སྡེ་ཚན་གྱིས་ དོ་འགྲན་འབད་དེ་ རྩེད་འགྲན་འབད་མི་ལུ་བརྟེན་ དུས་ཅི་ སཱག་ལུང་ཕྱོགས་ཀྱི་ རྩེད་འགྲན་ཐེངས་༡༣ པའི་ནང་ ཨང་༢ པ་ཐོན་ཏེ་ དངུལ་གྱི་རྟགས་མ་ཐོབ་མི་དེ་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།
རྩེད་འགྲན་པ་ཚུ་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་གིས་ སཱག་ལུང་ཕྱོགས་ཀྱི་ རྩེད་འགྲན་ནང་ ད་ལྟོ་ཚུན་ བཅའ་མར་གཏོགས་ཡོད་རུང་ དུས་ཅི་བཟུམ་སྦེ་ མཐའ་བཅད་འགྲན་བསྡུར་ནང་ མ་ལྷོད་ཟེར་ཨིན་པས།
འབྲུག་པའི་སྡེ་ཚན་གྱིས་ བང་ལ་དེཤ་ལུ་ གཱོལ་༡ དང་ མཱལ་དིབསི་ལུ་ གཱོལ་༢ དེ་ལས་ ཤྲི་ལངྐ་ལུ་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ནེ་པཱལ་གྱི་རྒྱལ་ས་ ཀཱཐ་མཱན་ཌུ་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ སཱག་ལུང་ཕྱོགས་རྩེད་འགྲན་ཐེངས་ ༡༣ པ་དེ་ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ འབྲུག་གིས་ དངུལ་གྱི་རྟགས་༧ དང་ ལི་གི་རྟགས་མ་༡༣ ཐོབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *