འབྲུག་མི་ཚུ་གིས་ ད་རུང་ སྡོང་གྲོགས་འབད་ནིའི་ དུས་ཚོད་ལུ་ལྷོད་ཡོདཔ།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་མི་ཅིག་ ངོས་འཛིན་བྱུང་མི་དང་འཁྲིལ་ ནད་འབུབ་ཁྱབ་སྤེལ་འབད་ནི་ལས་ བཀག་ཐབས་ལུ་ འབྲུག་དྲག་ཞན་ཆེ་ཆུང་མེད་པར་ ག་ར་གིས་ སྙིང་རུས་འབད་བརྩོན་བསྐྱེད་དེ་ རྒྱབ་སྐྱོར་འབད་ནི་གི་ དུས་ཚོད་ལུ་ ལྷོད་ཡོད་ཟེར་ཞུ་ནི།
འདས་པའི་རིང་ལུ་ ཀུན་གསལ་གྱིས་ ནད་ཡམས་དེ་གི་སྐོར་ལས་ གནས་ཚུལ་དང་ རྩོམ་སྒྲིག་པའི་ སྣང་འཆར་དག་པ་ཅིག་ བྲིས་སྤེལ་འབད་མི་ཚུ་གིས་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ རྒྱ་ཆེཝ་སྦེ་ བསམ་ཞིབ་འབད་དགོཔ་ཡོད་པའི་ གསལ་སྟོན་འབདཝ་མས་ཟེར་ཞུ་ནི།
འབྲུག་ཡུལ་འདི་ནང་ མི་དབང་མངའ་བདག་རྒྱལ་པོ་རིམ་བྱོན་ཚུ་གི་ སྐུ་བསོད་དབང་ཐང་དང་ དབུ་ཁྲིད་ལམ་སྟོན་བཟང་པོའི་འོག་ལུ་ ཧེ་མ་ གདོང་ལེན་དང་ དཀའ་འཚེ་ག་ཅི་ར་བྱུང་རུང་ བསལ་ཚུགས་མི་དེ་ འབྲུག་མི་ཚུ་ མནོ་བསམ་གཅིག་མཐུན་བཏང་སྟེ་ སྡོང་གྲོགས་འབད་མི་ལུ་བརྟེན་ཨིན་ཟེར་ཞུ་ནི།
ད་རིས་འབད་རུང་ ནད་ཡམས་གསརཔ་འདི་ འབྲུག་གི་ས་ཁོངས་ནང་ བཏབ་མི་བཅུག་ནིའི་དོན་ལུ་ འབྲུག་མི་ཚུ་ ཡང་བསྐྱར་དུ་ མནོ་བསམ་གཅིག་སྦེ་བཏང་སྟེ་ གདོང་ཁར་འཐོན་ནི་གི་ གོ་སྐབས་བཟང་པོའི་ དུས་ཚོད་འདི་ ད་ལྟོ་ཨིན་མས་ཟེར་ཞུ་ནི།
ནད་འབུབ་ཐོབ་མི་ འགོ་དང་པ་ བདའ་ཟུན་པའི་ ཉིནམ་ལས་འགོ་བཙུགས་ ནད་ཡམས་COVID-19 ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ ཉིན་མཚན་མེད་པར་ བརྩོན་ཤུགས་བསྐྱེད་དེ་ ཕྱག་ལཱ་གནང་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་དངོས་སུ་སྦེ་བྱོན་ཏེ་ ལས་སྣ་ཚུ་ལུ་ ཞལ་བཀོད་དང་ ལམ་སྟོན་གནང་མི་ལུ་ ང་བཅས་ཀྱི་ ཁ་ཐུག་ལས་ ཁ་ཙམ་ཚིག་ཙམ་མེན་པར་ ཧིང་ལས་ར་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ནི།
འདི་འབདཝ་ད་ ད་རེས་བཟུམ་མའི་ དུས་ཚོད་གནད་འགག་ཅན་ནང་ འབྲུག་མི་ཆ་མཉམ་ གདོང་ཁར་ཐོན་ཏེ་ རང་སོའི་བསམ་འཆར་མ་འདྲཝ་དང་ འདོད་སེམས་ཚུ་ རྒྱབ་བསྐྱུར་ཐོག་ འབྲུག་གི་མངའ་བདག་རྒྱལ་པོ་མཆོག་གི་ དགོངས་བཞེད་བཟང་པོ་ཚུ་ འགྲུབ་བཅུག་ཟེར་ ངེ་གི་ཁ་ཐུག་ལས་ སྨོན་འདེབས་ཕུལཝ་ཨིན་ཟེར་ ཞུ་ནི་ཨིན།
རྡོ་རྗེ། སྤ་རོ།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *