འབྲུག་མི་ཚུ་གིས་ གཞུང་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབད་དོ་ཡོདཔ།

༉ ཟུར་བཞག་ནད་བརྟག་ཁང་ནང་ སྡོད་མི་རེ་ལུ་ ཉིནམ་རེ་ནང་ བཞེས་སྒོའི་འཐུས་ དངུལ་ཀྲམ་༡,༠༠༠ འབདཝ་ད་ བདུན་ཕྲག་༢ ནང་ དངུལ་ཀྲམ་བསྡོམས་༡༤,༠༠༠ གནས་མི་དེ་ གཞུང་ལུ་ སྐུ་གྱོང་སྦོམ་ཤོས་ཅིག་ཨིན་པས།
དེ་ཡང་ ཐིམ་ཕུག་དང་ སྤ་རོ་ སྤུ་ན་ཁ་ལ་སོགས་པའི་ ཟ་ཁང་ཚུ་ནང་ ཟུར་སྡོད་མི་བསྡོམས་༡,༩༡༧ དེ་ཅིག་ ཡོདཔ་ཨིན་པས།
ཟུར་སྡོད་མི་ ཨ་ལོ་དང་ ཉེ་ཚན་ཚུ་གི་ ཕམ་ལ་ལོ་ཅིག་གིས་ བཞེས་སྒོའི་འཐུས་ཚུ་ སྤྲོད་དོ་ཡོདཔ་ཨིན་པས།
འཆི་མེད་ཀྱིས་ ཟུར་སྡོད་མི་ཚུ་ལུ་ གཞུང་གིས་ ཟད་འགྲོ་བཏང་སར་མཐོངམ་ད་ ཁོ་ར་ ཚ་གྱང་ལང་སྟེ་ བཞེས་སྒོའི་འཐུས་དངུལ་ཀྲམ་༡༤,༠༠༠ གཞུང་ལུ་ཕུལ་བའི་ཤུལ་ལུ་ ཕེསི་བུག་གདོང་དེབ་ནང་ བཙུགས་ཡོདཔ་ཨིན་པས།
འཆི་མེད་ཀྱིས་ སླབ་མིའི་ནང་ ད་རེས་ རྒྱལ་ཁབ་ནང་ སྟབས་མ་བདེཝ་ཐོན་པའི་སྐབས་ལུ་ འགན་ཁུར་ཅན་གྱི་ མི་སེར་ཅིག་སྦེ་ མནོ་བསམ་གཏང་དགོཔ་ད་ ནད་ཡམས་དེ་ མ་ཞི་ཚུན་ འབྲུག་རྒྱལ་འཛིན་གཙུག་སྡེའི་ སློབ་ཕྲུག་ཚུ་གིས་ ཟླ་རིམ་དངུལ་ཕོགས་ཡང་ ནད་འབུབ་དེའི་ མ་དངུལ་སྦེ་ གཏང་ཚུགས་པ་ཅིན་ཟེར་བའི་ བསམ་འཆར་བསྐྱེད་དོ་ཟེར་ཨིན་པས།
ཐིག་ཕུག་གི་ ཚོང་པ་སངས་རྒྱས་རྡོ་རྗེ་དེ་ ཟུར་བཞག་ནང་སྡོད་མི་ ཨ་ལོའི་ཕམ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ གཞུང་གིས་ རིན་མེད་སྟོང་པར་ ཤེས་ཡོན་གནང་ནི་དེ་གིས་ གནས་སྟངས་དེ་བཟུམ་ནང་ མ་དངུལ་ཚུ་ རྒྱབ་སྐྱོར་འབད་དགོཔ་ཨིན་ཟེར་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལས་ཕར་ གཞུང་གི་ཚ་གྱང་བགོ་ནིའི་དོན་ལུ་ མ་དངུལ་གྲོགས་རམ་འབད་མི་ མི་ལེ་ཤ་འཐོན་པའི་ རེ་བསྐྱེད་དོ་ཟེར་ཨིན་པས།
ད་རེས་ཚུན་ ཁས་བླངས་ཐོག་ གཞུང་འབྲེལ་ཐོག་ལས་ མ་དངུལ་གྱི་གྲོགས་རམ་འབད་མི་མེདཔ་མ་ཚད་ དངུལ་གྱི་རྩིས་ཁྲ་ཚུ་ཡང་ གསལ་སྟོན་འབད་ཟེར་ མ་སླབ་ཚུན་ མི་གཞན་ལུ་ བྱིན་ནི་ཚུ་ བཞག་དགོཔ་ཨིན་པས།
ཕམ་༡ གིས་ དངུལ་གྱི་གྲོགས་རམ་འབད་བའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ བཀོད་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ མི་སེར་ཚུ་ལུ་ ཀོ་བིཊ་༡༩ ཞི་ཐབས་ཀྱི་དོན་ལས་ གཞུང་ལུ་ མ་དངུལ་གྱི་ཞལ་འདེབས་ཕུལ་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནིའི་དོན་ལས་ཨིན་ཟེར་ བཤད་ཅི།
བཀྲིས་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ པདྨ་ཚེ་རིང་གིས་ དངུལ་ཀྲམ་༥༠,༠༠༠ ཞལ་འདེབས་འབད་ཡོདཔ་ད་ རྒྱལ་ཁབ་ནང་ ནད་ཡམས་ཐོན་པའི་སྐབས་ ལྟདམོ་ལྟ་སྡོད་ནི་མེན་པར་ འབྲུག་མི་ག་ར་གིས་ གདོང་ཁར་ཐོན་ཏེ་ གཞུང་ལུ་ ཞལ་འདེབས་མང་མང་ཉུང་ཉུང་རེ་ གྲོགས་རམ་འབད་དགོ་ཟེར་ཨིནམ་ད་ ཁོ་གི་ བུམོ་དེ་ཡང་ སྤ་རོ་ལུ་ ཟ་ཁང་༡ ནང་ ཟུར་བཞག་ཡོདཔ་ཨིན་པས།
ལྟ་བཤལ་ལས་སྡེ་ཚུ་ནང་ སྟབས་མ་བདེཝ་ཐོན་ཏེ་འབད་རུང་ ལྟ་བཤལ་ལས་སྡེ་༡ གིས་ གཞུང་ལུ་ དངུལ་ཀྲམ་ས་ཡ་༢ བྱིན་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཏི་རུ་བཟོ་ནི་དེ་ རྒྱལ་ཁབ་བདེ་སྐྱིད་ཡོདཔ་ད་ བཟོ་ཚུགས་ནི་དེ་གིས་ ད་རེས་ཀྱི་ གནས་སྟངས་ལུ་ ལྟ་དགོཔ་ཁག་ཆེ་ཟེར་ སླབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་ནོར་བུ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *