འབྲུག་པའི་སྡེ་ཚན་(ཁེན་འཇར་དཀརཔོ་)དང་ མཱལ་དེབསི་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

འབྲུག་པའི་སྡེ་ཚན་གྱིས་ མཱལ་དིབསི་སྡེ་ཚན་ ཕམ་བཏང་ཡོདཔ།

༉ ད་རེས་ནངས་པར་ མཱལ་དེབསི་ལུ་སྦེ་ སྐྱེས་ལོ་༡༥ མན་ཆད་འབད་མི་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་གིས་ རྒྱལ་སྤྱི་ཡུ་ཨི་ཨེཕ་ཨེ་ཕུཊ་བཱོལ་རྩེད་འགྲན་ནང་ གོ་སྐབས་ལེན་ནིའི་དོན་ལུ་ འབྲུག་དང་ མཱལ་དེབསི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་པའི་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ནུག།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ མཱལ་དེབསི་གི་ ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ འགོ་དང་པ་ར་ འབྲུག་པའི་རྒྱལ་ཡོངས་རྩེད་འགྲན་པ་དང་ ལས་རིམ་འགོ་འདྲེན་འཐབ་མི་ མཱལ་དེབསི་རྒྱལ་ཡོངས་རྩེད་འགྲན་སྡེ་ཚན་དང་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༧ མ་ལངམ་ཅིག་ལུ་ འབྲུག་པའི་རྩེད་འགྲན་པ་ འཇིགས་མེད་རྣམ་རྒྱལ་གྱིས་ གཱོལ་དང་པ་ བཙུགས་ནུག།
དུས་ཡུན་སྐར་མ་༢༥ འི་ནང་ འབྲུག་པའི་སྡེ་ཚན་གྱི་དོ་དམ་ བི་ཀཱསི་ པར་དཱན་གྱིས་ གཱོལ་བཙུགས་ཡོདཔ་ལས་ འབྲུག་པའི་སྡེ་ཚན་གྱིས་ གཱོལ་༢ བཙུགས་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་གཅིག་ཡང་ བཙུགས་མ་ཚུགས་པས།
ཨིན་རུང་ བར་མཚམས་ངལ་གསོའི་ཤུལ་ལས་ མཱལ་དེབསི་ལས་ རྩེད་འགྲན་པ་ ཨ་དཱམ་གྱིས་ འབྲུག་པའི་སྡེ་ཚན་ལུ་ གཱོལ་བཙུགས་ཡོད་རུང་ གཱོལ་ཐེབས་ག་གིས་ཡང་ བཙུགས་མ་ཚུགསཔ་ལས་ འབྲུག་པའི་སྡེ་ཚན་གྱིས་ སྐུགས་༣ ཐོབ་ཡོདཔ་ཨིན།
དེ་བཟུམ་སྦེ་ སྤྱི་ཟླ་༧ པའི་ཚེས་༢༡ ལུ་ སའུ་དི་ཨ་ར་བི་ཡ་དང་ ལཊ་བི་ཡ་སྡེ་ཚན་གཉིས་ཀྱི་བར་ན་ དོ་འགྲན་འབད་བའི་སྐབས་ སའུ་དི་ཨ་ར་བི་ཡ་གིས་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་༡ བཙུགསཔ་ད་ བྱང་ཕྱད་ཀྱིས་ གཱོལ་༤ བཙུགས་ཏེ་ ཕམ་བཏང་ནུག།
ཨིན་རུང་ རྒྱལ་ཁབ་༤ གི་བར་ན་ ལིག་སྐོར་ཐེངས་རྩེད་འགྲན་འབད་དོ་ཡོདཔ་ད་ ད་རིས་ མཱལ་དེབསི་དང་ སའུ་དི་ཨ་ར་བི་ཡ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་དང་ ནངས་པར་ འབྲུག་པའི་སྡེ་ཚན་དང་ ལེཊ་བི་ཡ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
གལ་སྲིད་ འབྲུག་པའི་སྡེ་ཚན་གྱིས་ རྒྱལ་ཁབ་༢ ལས་ རྒྱལ་ཁ་འཐོབ་ཚུགས་པ་ཅིན་ རྒྱལ་ཁབ་གཞན་ཚུ་དང་ དོ་འགྲན་འབད་ནིའི་ གོ་སྐབས་འཐོབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *