མཛོག་ཁྱད་འཇལ་མི་ བཀྲིས་དབང་འདུས་(ཁེན་འཇར་ཧོནམོ་)

འབྲུག་པའི་ན་གཞོན་༡ གིས་ ད་རིས་ ཨ་མཱན་ལུ་ མཛོག་ཁྱད་འགྲན་བསྡུར་ནང་ བཅའ་མར་གཏོགས་ནི།

༉ འབྲུག་མཛོག་ཁྱད་ཚོགས་སྡེ་ལས་ སྐྱེས་ལོ་༢༢ ལང་མི་ མཛོག་ཁྱད་འཇལ་མི་ བཀྲིས་དབང་འདུས་ཀྱིས་ ད་རིས་ ཨ་མཱན་རྒྱལ་ཁབ་ ཇོར་ཌཱན་ལུ་ ཨེ་ཤི་ཡ་ཨོ་ཤཱན་ནི་ཡ་ཨོ་ལིམ་པིག་ མཛོག་ཁྱད་མཐར་འཁྱོལ་རྩེད་འགྲན་འབད་ནི་ཨིནཔས།
ཁོ་གིས་ ལྗིད་ཚད་དབྱེ་རིམ་༥༢ ཀྱི་དབྱེ་ཁག་ནང་ ཐའི་ལེནཌ་གི་ མཛོག་ཁྱད་འཇལ་མི་ པན་མོཏ་ཐི་ཚི་སན་དང་ དོ་འགྲན་འབད་ནི་ཨིན་པས།
ན་ཧིང་ ཐའི་ལེནཌ་ལུ ཨེ་ཤི་ཡ་ཚོགས་སྡེའི་ མཛོག་ཁྱད་འགྲན་བསྡུར་སྐབས་ བཀྲིས་དབང་འདུས་ཀྱིས་ ཕོ་སྐྱེས་ཀྱི་ ལྗིད་ཚད་དབྱེ་ཁག་༤༩ ལས་༥༡ གི་ མཐའ་བཅད་འོག་མིའི་ནང་ རྒྱ་གར་གྱི་ དི་པག་བོ་ཧོར་རི་ཡ་ལས་ ཕམ་ཡོདཔ་ཨིན་པས།
བཀྲིས་དབང་འདུས་ཁོ་ར་ བཀྲིས་སྒང་ཁྲིམས་ཤིང་ལས་ཨིནམ་ད་ སྤྱི་ལོ་༢༠༠༨ ལུ་ ཁོ་གིས་ སྐྱེས་ལོ་༡༡ ལས་ གཞོན་ཤོས་སྡེ་ཚན་ནང་ ཐོ་བཀོད་འབད་ཡོད་པའི་ཁར་ ད་རེས་ འབྲུག་མཛོག་ཁྱད་ཚོགས་པའི་ནང་ འཛུལ་བཞུགས་འབད་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༢ པའི་ནང་ བཀྲིས་དབང་འདུས་ཀྱིས་ ལྷོ་ཨེ་ཤི་ཡའི་རྩེད་འགྲན་ལས་རིམ་ ཐེངས་༡༣ པའི་སྐབས་ དངུལ་གྱི་རྟགས་མ་ ཐོབ་ཡོད་པའི་གནས་ཚུལ།

ཚེ་རིང་ནོར་བུ།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *