འབྲུག་གི་རྒྱུ་དངོས་ཁྲལ་གྱི་དཔྱད་ཡིག་༢༠༢༠ ཅན་མ་ ཆ་འཇོག་གྲུབ་མ་ ཚུགས་པར་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་འཕྲི་སྣོན་དཔྱད་ཡིག་༢༠༢༠ ཅན་མ་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་འཇོག་གྲུབ་གནང་ཡི།
དེ་ཡང་ འདས་པའི་བདུན་ཕྲག་ནང་ གྲོས་འབུལ་དཔྱད་ཡིག་གི་དོན་ཚན་ཚུ་ལུ་ གསུང་གྲོས་གནང་པའི་སྐབས་ དོན་ཚན་གསརཔ་བཙུགས་ནི་དང་ དོན་ཚན་ལ་ལོ་ཅིག་ བཏོན་གཏང་དགོཔ་ལས་ དཔལ་འབྱོར་ལས་དོན་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ བསྐྱར་ཞིབ་སྦེ་ གསུང་གྲོས་གནང་པའི་ཤུལ་ལས་ མཐའ་བཅད་ཀྱི་དོན་ལུ་ ཁ་ཙ་ སྙན་ཞུ་ཕུལ་ཡི།
འཕྲི་སྣོན་དཔྱད་ཡིག་༢༠༢༠ ཅན་མའི་ བསྐྱར་ཞིབ་སྙན་ཞུ་ཕུལ་བའི་ཤུལ་ལས་ དགོ་དང་ མི་དགོ་གི་ ཚོགས་རྒྱན་བཙུགས་པའི་སྐབས་ འཐུས་མི་༢༢ ཡོད་ས་ལས་༢༡ གིས་ དགོཔ་སྦེ་ ཚོགས་རྒྱན་བཙུགས་མི་དང་བསྟུན་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་བཀྲིས་རྡོ་རྗེ་གིས་ ཆ་འཇོག་གྲུབ་གནང་ཡི།
འབྲུག་གི་རྒྱུ་དངོས་ཁྲལ་གྱི་དཔྱད་ཡིག་༢༠༢༠ ཅན་མའི་གུ་ གསུང་གྲོས་གནང་ཞིནམ་ལས་ ཆ་འཇོག་འགྲུབ་ནི་ཨིན་རུང་ དཔྱད་ཡིག་གི་ དོན་ཚན་མང་རབས་ཅིག་ནང་ འཐུས་མི་ཚུ་གིས་ གྲོས་འཆར་མང་རབས་ཅིག་བཀོད་ཡོདཔ་ལས་ མཐའ་བཅད་ནང་ ཆ་འཇོག་འགྲུབ་ནིའི་དོན་ལུ་ ད་རུང་ ཚོགས་ཆུང་གིས་ ཕྱག་ལཱ་གནང་དགོཔ་སྦེ་ ཁྲི་འཛིན་གྱིས་ འགན་འཁྲི་བཀལ་ཡི།
དེ་བཟུམ་སྦེ་ རང་བཞིན་ཐོན་སྐྱེད་དང་མཐའ་འཁོར་ཚོགས་ཆུང་ཁྲི་འཛིན་དང་ ཁྲིམས་བཟོ་ཚོགས་ཆུང་གཉིས་ཀྱིས་ འབྲུག་གི་གནས་དབྱུང་གི་ བྱ་བའི་གནད་སྤྱོད་དཔྱད་ཡིག་༢༠༡༩ ཅན་མ་དང་ འབྲུག་གི་བློན་པོ་དང་ དེ་དང་འདྲ་མཉམ་གྱི་གོ་གནས་འཆང་མིའི་ཐོབ་ཐངས་དཔྱད་ཡིག་༢༠༡༩ ཅན་མའི་ སྙན་ཞུ་ཕུལ་བའི་ཤུལ་ལས་ ཆ་འཇོག་འགྲུབ་དགོ་མི་དེ་ཡང་ ཕུལ་མ་ཚུགས་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *