འཐུས་མི་ཚུ་གིས་ སྲིད་ཚོགས་ནང་ལས་ ག་ཅི་སྦེ་ འཐོན་འགྱོཝ་ཨིན་ན?

༉ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ སྲིད་དོན་ཚོགས་པ་ཚུ་ནང་ ཐོ་བཀོད་འབད་མི་ འཐུས་མིའི་གྱངས་ཁ་ མར་བབས་སོང་མི་དེ་གིས་ ཚོགས་པ་དེ་ལུ་ མ་འོངས་པའི་བཙག་འཐུ་ཚུ་ནང་ རྒྱབ་སྐྱོར་འབད་མི་ཚུ་ ག་དེ་སྦེ་ འཐོན་ནི་ཨིན་ནའི་ སྔོན་རྟགས་སྟོན་ཚུགས་ག?
གནད་དོན་དེ་ ད་རུང་ ཚར་གཅིག་འཐོན་ནི་ འགོ་བཙུགས་མི་དེ་ཡང་ སྲིད་དོན་ཚོགས་པ་ཚུ་ནང་ ཐོ་བཀོད་འབད་ཡོད་མི་ འཐུས་མི་ཚུ་གིས་ ཐོ་བཀོད་ནང་ལས་ འཐོན་འགྱོ་བའི་ མངོན་གསལ་བྱུང་བའི་ཁར་ དེ་གི་ནང་ལས་ཡང་ ད་ལྟོ་ གཞུང་སྐྱོང་ནང་ཡོད་མི་ འབྲུག་མཉམ་རུབ་ཚོགས་པའི་ འཐུས་མིའི་གྱངས་ཁ་དེ་ གཞན་སྲིད་དོན་ཚོགས་པ་ཚུ་དང་ཕྱདཔ་ད་ ཉུང་སུ་ཅིག་ལས་མིན་འདུག།
འབྲུག་མཉམ་རུབ་ཚོགས་པ་ལུ་ ད་ལྟོ་ ཐོ་བཀོད་ནང་ འཐུས་མི་༡༥༡ ལས་བརྒལ་མེད་མི་དེ་ཡང་ འདས་པའི་ལོ་ནང་ འཐུས་མི་༡༡,༠༠༠ དེ་ཅིག་གིས་ ཐོ་བཀོད་ནང་ལས་ ཐོན་སོང་ནི་དེ་གིས་ཨིན་མས།
འབྲུག་མཉམ་རུབ་ཚོགས་པ་ནང་ལས་ ཐོན་འགྱོ་མི་དེ་ མཐོ་ཤོས་ཅིག་ཨིན་རུང་ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུ་ནང་འབད་བ་ཅིན་ ཚོགས་པ་གཞན་དང་ཕྱདཔ་ད་ འབྲུག་མཉམ་རུབ་ཚོགས་པ་ལུ་ འཐུས་མི་མཐོ་ཤོས་ཡོདཔ་ཨིན་མས།
གནས་སྟངས་དེ་གིས་ ཚོགས་པ་ལུ་ ད་རེས་ རྫོང་ཁག་ལ་ལོ་ཅིག་ནང་ལས་ འཐུས་མི་ཕུད་རྡོག་གཅིག་ཡང་མེད་པའི་ གནས་སྟངས་ལུ་ལྷོད་ཡོད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན?
གནས་སྟངས་གཞན་ནང་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་ དེ་ལས་ བཱུ་ཊཱན་ཀུན་མཉམ་ཚོགས་པ་གསུམ་གྱི་ ཚོགས་པའི་རྒྱབ་སྐྱོར་པའི་གྱངས་ཁ་དེ་ གཞུང་སྐྱོང་ཚོགས་པ་ལས་ལྷགཔ་སྦེ་འདུག།
ལྡོག་ཕྱོགས་ཚོགས་པ་ལུ་ འཐུས་མི་༥,༥༠༠ དང་ མི་སེར་དམངས་གཙོ་ཚོགས་པ་ལུ་ འཐུས་མི་༥,༤༠༣ དེ་བཟུམ་སྦེ་ བཱུ་ཊཱན་ཀུན་མཉམ་ཚོགས་པ་ལུ་ འཐུས་མི་༡,༢༠༣ རེ་ཡོདཔ་ལས་ གཞུང་སྐྱོང་དང་ཕྱདཔ་ད་ མཐོ་དྲགས་སྦེ་ རྒྱུན་འཛིན་འཐབ་ཚུགས་ཏེ་འདུག།
རྒྱལ་སྤྱིའི་གནས་སྟངས་ནང་འབད་བ་ཅིན་ ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་ཐོབ་ད་ འཐུས་མིའི་གྱངས་ཁ་དེ་ཡང་ ལོག་ལྟབ་ཀྱིས་ ཡར་སེང་འགྱོ་དོ་ཡོདཔ་ཨིན་རུང་ འབྲུག་གི་གནས་སྟངས་ནང་ ཕྱི་འགྱུར་ཨིན་མས།
ཚོགས་པ་རང་སོའི་ རྒྱབ་སྐྱོར་པའི་གྱངས་ཁ་ མར་བབས་སོང་ཡོད་མི་ལུ་ ཚོགས་པའི་མགྲིན་ཚབ་ཚུ་གིས་ བཤད་ཚུལ་མ་འདྲཝ་སྦེ་ཡོད་རུང་ སྤྱིར་བཏང་ཚོགས་པ་གི་ རྒྱབ་སྐྱོར་པའི་གྱངས་ཁ་དེ་ མཐོ་དྲགས་སྦེ་བཞག་ཚུགས་པ་ཅིན་ དེ་ལུ་ མི་མང་གིས་བལྟ་རུང་ ཚོགས་པ་ལུ་ ཡིད་ཆེས་ཡོད་པའི་ གནས་ཚུལ་ཅིག་སྦེ་ གསལ་སྟོན་འབད་ཚུགས་ནི་ཨིན་མས།
དེ་འབདཝ་ལས་ རང་སོའི་ཚོགས་པ་གི་ རྒྱབ་སྐྱོར་པའི་གྱངས་ཁ་དེ་ མང་སུ་སྦེ་ བཞག་ཚུགས་པ་ཅིན་ མ་འོངས་པའི་ནང་ ཚོགས་པ་དེ་ལུ་ར་ ཕན་ཐོགས་འབྱུང་ཚུགས་ནིའི་ ཁེ་ཕན་མི་འོང་ག?

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *