ཞི་གཡོགཔ་ཚུ་གིས་ དབྱེ་ཞིབ་ཀྱི་གྲུབ་འབྲས་ཚུ་ ཡོངས་འབྲེལ་ཐོག་ སྤྲོད་ཚུགས་ནི་ཨིནམ།

ཡོངས་འབྲེལ་ཐོག་ལས་ ཞི་གཡོགཔ་ཚུ་གི་ ལཱ་གི་གྲུབ་འབྲས་ཚུ་ དབྱེ་ཞིབ་འབད་དེ་ ལས་སྡེ་གི་དམིགས་དོན་ཚུ་ རང་སོའི་ བྱ་སྒོའི་རིམ་སྒྲིག་ངེས་བརྟན་བཟོ་སྟེ་ འགན་ཁྲི་དང་དམིགས་གཏད་ཚུ་ གྲུབ་འབྲས་ཅན་ཅིག་སྦེ་ དབྱེ་བ་ཕྱེ་སྟེ་ ཡར་དྲག་གཏང་ཚུགསཔ།
པདྨ་གཡུ་སྒྲོན།
ཞི་གཡོགཔ་ཚུ་གིས་ ད་ལས་ཕར་ དབྱེ་ཞིབ་ཀྱི་གྲུབ་འབྲས་ཚུ་ ཡོངས་འབྲེལ་ལས་བརྒྱུད་དེ་ སྤྲོད་ཚུགསབཟོ་ཐབས་ལུ་ འཕྲལ་ཁམས་གཅིག་ཁར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འཛིན་སྐྱོང་རིམ་ལུགས་ ཚུལ་མཐུན་བཟོ་ནི་དོན་ལས་ ཐབས་ལམ་གྱི་ ས་ཁོངས་༥ ངོས་འཛིན་འབད་ཡོདཔ་ཨིན་མས།
དེ་བཟུམ་སྦེ་ ཡོངས་འབྲེལ་ཐོག་ལས་ གསར་བཏོན་གནང་མི་དེ་ འཛིན་སྐྱོང་རིམ་ལུགས་ལས་བརྒྱུད་དེ་ ཞབས་ཏོག་ཚུ་ གོང་འཕེལ་གཏང་ནི་དོན་ལུ་ ཐབས་ལམ་གཙོ་བོ་ཅིག་ཨིན་ཟེར་བཀོད་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ ལས་དོན་འཛིན་སྐྱོང་རིམ་ལུགས་འདི་ ཁྱད་འཕགས་འཛིན་སྐྱོང་རིམ་ལུགས་སྦེ་ བསྒྱུར་བཅོས་འབད་དགོ་མི་དེ་ཡང་ དམིགས་དོན་༣ ལུ་ གཞི་བཞག་སྟེ་ཨིནམ་ད་ དེ་ཡང་ ལས་སྡེ་གི་དམིགས་དོན་ཚུ་ རང་སོའི་ ལས་སྣའི་བྱ་སྒོ་ཚུ་ རིམ་སྒྲིག་ངེས་བརྟན་བཟོ་ནི་དང་ བགོ་བཤའི་འགན་ཁྲི་གི་གྲོགས་རམ་དང་ དམིགས་གཏད་བསྐྱེད་དེ་ གྲུབ་འབྲས་བཏོན་ནི་ དེ་ལས་ དབྱེ་བ་ཕྱེ་སྟེ་ ལས་དོན་གྱི་གོ་སྐབས་ ཡར་དྲག་གཏང་ནི་ཚུ་ཨིན་པས།
ཞི་གཡོག་ལྷན་ཚོགས་ཀྱི་ ཡོངས་འབྲེལ་ཐོག་ རིམ་ལུགས་གསརཔ་བཟོ་མི་དེ་གིས་ ཞི་གཡོགཔ་ཚུ་ལུ་ ཁོང་རའི་ དབྱེ་ཞིབ་ཀྱི་གྲུབ་འབྲས་ཚུ་ ཡོངས་འབྲེལ་ལས་བརྒྱུད་དེ་ སྤྲོད་ཚུགས་ནི་ལུ་ ཕན་ཐོགས་སྦོམ་འབྱུང་ནི་ཨིནམ་མ་ཚད་ རིམ་ལུགས་དེ་གིས་ འཇམ་ཏོང

About admin

Check Also

ལྕང་ཇི་ཇི་ལྷ་ཁང་གིས་ མི་སེར་༥,༠༠༠ ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་ནི།

༉ ད་ལས་ཕར་ ཐིམ་ཕུག་ལྕང་ཇི་ཇི་དང་ ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་སྡོད་མི་ མི་སེར་༥,༠༠༠ དེ་ཅིག་གིས་ གསོན་པོའི་རིམ་གྲོ་དང་ གཤིན་པོའི་དགེ་རྩ་བསྒྲུབ་ནི་ལ་སོགས་པའི་ ཆོས་ཕྱོགས་ལས་རིམ་ག་ཅི་ར་ འགོ་འདྲེན་འཐབ་རུང་ བྱ་སྟབས་བདེ་ཏོག་ཏོ་ འབྱུང་ནི་ཨིན་པས། དེ་ཡང་ མི་དབང་རྒྱལ་སྲས་ …

Leave a Reply

Your email address will not be published. Required fields are marked *