ཝི་ཨཱསི་པི་ཀར་དང་ འབྲུག་པཱོལ་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

ཝི་ཨཱསི་པི་ཀར་སྡེ་ཚན་གྱིས་ འབྲུག་པཱོལ་སྡེ་ཚན་ཕམ་བཏང་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ ལག་རྩལ་བོ་ལི་བཱོལ་རྩེད་ཐང་ནང་ ཝི་ཨཱསི་པི་ཀར་དང་ འབྲུག་པཱོལ་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཝི་ཨཱསི་པི་ཀར་གྱིས་ རྒྱལ་ཁ་ཐོབ་ཅི།
སྡེ་ཚན་༢ ཀྱི་བར་ན་ སྐོར་ཐེངས་༥ རྩེད་འགྲན་འབད་དགོ་མི་ལས་ ཝི་ཨཱསི་པི་ཀར་གྱིས་ སྐོར་ཐེངས་༣ སྦྱེལཝ་སྦྱེལ་སར་ རྒྱལ་སོཔ་ལས་ འབྲུག་པཱོལ་གྱིས་ སྐོར་ཐེངས་༡ ལས་བརྒལ་ རྒྱལ་ཁ་ཐོབ་མ་ཚུགས་པས།
ད་ལྟོ་ཚུན་ བཅའ་མར་གཏོགས་མི་ སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་མི་ལས་ སྐུགས་མཐོ་ཤོས་ཐོབ་སྟེ་ ཨང་དང་པའི་ནང་ ཝི་ཨཱསི་པི་ཀར་སྡེ་ཚན་ཨིནམ་ད་ ཨང་༢ པའི་ནང་ འབྲུག་པཱོལ་སྡེ་ཚན་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ བསྟན་སྲུང་སྡེ་ཚན་གྱིས་ འབྲུག་ཨི་བཱན་སྡེ་ཚན་ཕམ་ཡོདཔ་ད་ དེ་ཡང་ བསྟན་སྲུང་སྡེ་ཚན་གྱིས་ སྐོར་ཐེངས་༣ སྦྱེལཝ་སྦྱེལ་སར་ སྐུགས་ཆོད་ཡོདཔ་ཨིན་པས།
ཀོ་ཀ་ཀོ་ལ་ ཝི་ཀེ་ཡར་ ཐིམ་ཕུག་བཱོ་ལི་བཱོལ་ལིག་༢༠༡༩ དེ་ འབྲུག་བོ་ལི་བཱོལ་ཚོགས་པ་གིས་ འོད་ཟེར་ ལས་རིམ་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ རྩེད་འགྲན་ནང་ ཐིམ་ཕུག་ལས་ སྡེ་ ཚན་༦ གི་བར་ན་ སྤྱི་ཟླ་༡༠ པའི་ཚེས་༥ ལས་ཟླ་༡༢ པའི་ཚེས་༡༤ ཚུན་ རྩེད་འགྲན་འབད་ནི་ཨིན་པས།
རྩེད་འགྲན་དེ་ རྒྱལ་སྤྱི་རྩེད་རིགས་བྱ་སྒོའི་སྒྲིག་གཞི་དང་འཁྲིལ་ རྩེད་འགྲན་འབད་དོ་ཡོདཔ་ད་ ལིག་སྐོར་ ཐེངས་དང་པ་མཇུག་བསྡུཝ་ཅིག་ ལིག་སྐོར་ཐེངས་༢ པ་ རྩེད་འགྲན་འབད་བའི་བསྒང་འདུག།
ལག་རྩལ་བོ་ལི་བཱོལ་རྩེད་འགྲན་དེ་ ཉམས་སྲུང་དང་ གོང་འཕེལ་གཏང་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོད་ པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *