ཀྲོང་གསར་རྒྱབ་སྐྱོར་ཚོགས་པ་གིས་ གྲོགས་རམ་འབད་མི་ ཨམ་སྲུ་ཉམས་ཆུང་ཅིག།

ཝི་ཅེཊ་ཐོག་ལས་ སྡེ་ཚན་བཟོ་སྟེ་ ཉམ་ཆུང་ཚུ་ལུ་ གྲོགས་རམ་འབད་དོ་ཡོདཔ།

༉ མི་སྡེ་བརྡ་བརྒྱུད་ ཝི་ཅེཊ་ཐོག་ལས་ སྡེ་ཚན་བཟོ་ཡོད་པའི་ ཀྲོང་གསར་རྒྱབ་སྐྱོར་ཚོགས་པ་གིས་ མི་སྡེ་ནང་ སྟབས་མ་བདེཝ་དང་ ཉམ་ཆུང་ཚུ་ལུ་ ཟླ་རིམ་བཞིན་དུ་ མ་དངུལ་བསྡུ་ལེན་འབད་དེ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
འཐུས་མི་༢༦༡ འབད་མི་ སྡེ་ཚན་དེ་གིས་ ཟླ་རིམ་བཞིན་དུ་ ཡར་སྔོའི་དུས་བཟང་ཚེས་༡༥ ལུ་ མི་ཉམ་ཆུང་ དཀའ་ངལ་ཡོད་མི་ཚུ་ ངོས་འཛིན་འབད་ཞིནམ་ལས་ དགོས་མཁོ་དང་བསྟུན་པའི་ དངུལ་འབྲེལ་དང་ བཟའ་འཐུང་ དེ་བཟུམ་སྦེ་ བཀབ་གོ་ལ་ཚུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ ལོ་༢ ལང་མི་སྡེ་ཚན་དེ་ ཕན་ནུས་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
སྡེ་ཚན་བཟོ་མི་ ཉི་མ་ཚེ་རིང་གིས་ སླབ་མིའི་ནང་ ཟླ་རིམ་བཞིན་དུ་ ཚེས་༡༥ ལུ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ དུས་བཟང་ཁྱད་པར་ཅན་ཅིག་འབདཝ་ལས་ འཐུས་མི་ཚུ་གིས་ གྲོགས་རམ་འབད་མི་དེ་ ཕན་ཐོགས་ཅན་གྱི་ ཉམ་ཆུང་ཚུ་ལུ་ དགེ་བ་སྦེ་བྱིན་ཚུགས་ནིའི་ དོན་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་པ་གིས་ ཀྲོང་གསར་རྫོང་ཁག་ནང་འཁོད་ལུ་ རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ནང་ ག་སྟེ་སྐྱིད་སྡུག་ཕོག་ཡོད་མི་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཟེར་ཨིནམ་ད་ འཐུས་མི་ཚུ་ཡང་ ཀྲོང་གསར་དང་ ས་གནས་གཞན་ཁར་ལས་ཡོད་ཟེར་ཨིན་པས།
འཐུས་མི་ཚུ་གིས་ ཟླ་རིམ་བཞིན་དུ་ ཉུང་ཤོས་དངུལ་ཀྲམ་༡༠༠ རེ་ བསྡུ་དོ་ཡོདཔ་ད་ དེ་ཡང་ རང་སོའི་བློ་འདོད་ལྟར་དུ་ ཁས་བླངས་ཐོག་ལས་འབད་ནི་དེ་གིས་ ཚད་གཞི་མེདཔ་ཨིན་པས།
འཐུས་མི་ལ་ལོ་ཅིག་གིས་ ལོ་༡ གི་དོན་ལུ་ སྟབས་གཅིག་ཁར་བཙུགས་དོ་ཡོདཔ་ད་ ལ་ལོ་གི་ མ་དངུལ་མ་བཙུགས་རུང་ སྡེ་ཚན་ནང་ ལཱ་ག་ཅིག་འབད་དོ་ཡོདཔ་ཨིན་ན་ ཧ་གོ་ནིའི་དོན་ལུ་ བཞག་དོ་ཡོདཔ་ད་ ཟླ་རིམ་བཞིན་དུ རྩིས་ཕྲག་ནང་ལས་ དངུལ་བཏོན་ཞིནམ་ལས་ མི་ཚུ་ལུ་ དགོས་མཁོ་དང་བསྟུན་བྱིན་དོ་ཡོདཔ་ཨིན་པས།
འཐུས་མི་ཅིག་གིས་ སླབ་མིའི་ནང་ སྡེ་ཚན་དེའི་ཐོག་ལས་ རྒྱབ་སྐྱོར་འབད་ནི་དེ་ ལེགས་ཤོམ་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ རང་གཅིག་གིས་འབད་བ་ཅིན་ དུས་རྒྱུན་དུ་ འབད་ཚུགས་པར་ ལཱ་ཁག་གཏང་ནི་ཨིནམ་ལས་ དེ་ནང་ ཟླ་རིམ་བཞིན་དུ་ མ་དངུལ་དུམ་གྲ་ཅིག་བཙུགས་མི་དེ་ འཐུས་མི་མངམ་ཡོདཔ་ལས་ གྲུབ་འབྲས་འཐོན་ཚུགས་པས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཟླ་རིམ་བཞིན་དུ་ མ་དངུལ་དུམ་གྲ་རེ་ བཙུགས་མི་དེ་ རྒྱ་མཚོ་ནང་ ཆུ་ཐིག་པ་རེ་ བླུགས་དོ་བཟུམ་ཨིནམ་ལས་ ཕན་ཐོགས་པའི་ཡུལ་ལུ་ འགྱོ་དོ་ཡོདཔ་ལས་ ངལ་རངས་པས་ཟེར་ཨིནམ་ད་ མོ་རའི་ ཆ་རོགས་ཡང་ སྡེ་ཚན་ནང་ འཛུལ་ཞུགས་འབད་ནིའི་ སེམས་ཤུགས་བསྐྱེད་དོ་ཟེར་ཨིན་པས།
མ་འོངས་པའི་ནང་ སྡེ་ཚན་དེ་ནང་ འཐུས་མི་ཡར་སེང་འགྱོ་བ་ཅིན་ མི་ཉམ་ཆུང་ཚུ་ལུ་ སྡོད་ཁྱིམ་བཟོ་སྐྲུན་འབད་བྱིན་ནའི་ འཆར་གཞི་ཡོདཔ་ད་ ད་ལྟོ་ མི་གངམ་མེད་པའི་ཁར་ ཟླ་རིམ་བཞིན་དུ་ འཕྲལ་འཕྲལ་མི་༣ དེ་རེ་ལུ་ རྒྱབ་སྐྱོར་འབད་དགོ་དོ་ཡོདཔ་ལས་ བགོ་བཀྲམ་གཏང་དགོཔ་ཐོན་དོ་ཡོདཔ་ཨིན་པས།
ཉི་མ་ཚེ་རིང་གིས་ སླབ་མིའི་ནང་ མི་སྡེ་བརྡ་བརྒྱུད་དེ་ ཕན་ནུས་ཅན་གྱི་ཐོག་ལས་ ལག་ལེན་འཐབ་པ་ཅིན་ ཕར་ལོགས་མའི་མི་དང་ མི་སྡེ་ནང་ ཕན་ཐོགས་འབྱུང་ཚུགས་པས་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།ཀྲོང་གསར།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *