ཚོང་ལཱ་འགོ་བཙུགས་མི་ཚུ་གིས་བཟོ་མི་ ཐོན་སྐྱེད་མ་འདྲཝ་ཚུ།

ཚོང་འབྲེལ་འཐབ་མི་ཚུ་གིས་ ཚོང་ལཱ་འགོ་བཙུགས་ནིའི་དོན་ལུ་ ལེགས་སྐྱོང་འབད་དོ་ཡོདཔ།

༉ ཐིམ་ཕུག་ ལྕང་ཟམ་ཏོག་ལུ་ཡོད་མི་ ཚོང་ལཱ་འགོ་བཙུགས་ལྟེ་བ་དེ་ གཞུང་གི་ཡིག་ཚང་གཞན་ཚུ་བཟུམ་སྦེ་ མཐོངམ་ཨིན་རུང་ ལེགས་ཤོམ་སྦེ་བལྟ་བ་ཅིན་ ལྟེ་བ་དེ་ ཚོང་ལཱ་གསརཔ་ འགོ་བཙུགས་ནིའི་དོན་ལུ་ ཐབས་རིག་སྟོན་མི་ཚུ་ ལཱ་འབད་སའི་ས་ཁོངས་ཨིནམ་སྦེ་ ཤེས་ཚུགསཔ་ཨིན་པས།
ས་ཁོངས་དེ་ཡང་ ཚོང་འབྲེལ་ཆུང་བ་དང་བར་མའི་རིགས་ནང་ ལཱ་འབད་མི་ཚུ་ཨིནམ་ལས་ སྲིད་བྱུས་བཟོ་མི་ཚུ་ལུ་ཡང་ ལྟེ་བ་དེ་ གཙོ་རིམ་བྱིན་ཏེ་ཡོདཔ་ཨིན་པས།
དེ་ནང་ ད་རེས་ ཚོང་ལཱ་འགོ་བཙུགས་འདོད་ཡོད་མི་༣༠ དེ་ཅིག་ཡོད་པའི་ཁར་ སོ་ནམ་དང་ ནགས་ཚལ་ ས་གཏེར་ བཞེས་སྒོ་ དེ་ལས་ ཕྱགས་སྙིགས་དང་ལག་བཟོ་ལ་སོགས་པའི་ནང་ ཚོང་ལཱ་གི་ཐབས་ཤེས་ཡོད་མི་ཚུ་ཡོད་པའི་ཁར་ ཁོང་ལས་ འཐུས་དུམ་གྲ་རེ་ ལེན་ཐོག་ལས་ ལོ་ངོ་༢ ཀྱི་རིང་ ལག་ལེན་འཐབ་བཅུག་སྟེ་ཡོདཔ་ད་ དེ་གི་ཤུལ་ལས་ གཞན་ཚོང་ལཱ་འགོ་བཙུགས་ནིའི་ འཆར་གཞི་ཡོད་མི་ཚུ་ལུ་ གོ་སྐབས་སྤྲོད་དགོཔ་ཨིན་པས།
དེ་ནང་ ཚོང་ལཱ་འགོ་བཙུགས་མི་ མང་ཤོས་ཀྱིས་ རང་གི་སྤྲོ་བའི་ཐོག་ལས་ འགོ་བཙུགས་མི་ཚུ་ཡོདཔ་ད་ བྱང་ཆུབ་རྡོ་རྗེ་དེ་ ཨ་རྟག་ར་ འབྲུག་པའི་བཟོ་བཀོད་ཐོག་ལས་ འོད་མདངས་ཐོན་མི་ ཅ་ཆས་ཚུ་བཟོ་ནི་ལུ་ སྤྲོ་བ་ཡོད་མི་ཅིག་འབད་ནི་དེ་གིས་ ཁོང་གིས་བཟོ་མི་འོད་སྒྲིབ་ཚུ་ དངུལ་ཀྲམ་༡༥༠༠ ལས་༡༧,༠༠༠ གི་བར་ན་འབད་མི་ཚུ་ ཡོདཔ་ཨིན་པས།

འོད་སྒྲིབ་བཟོ་ནི་དེ་ ང་གི་དོན་ལུ་ ཚོང་ལཱ་ཅིག་སྦེ་གྱུར་ཡོདཔ་ལས་ ཐོན་སྐྱེད་ཚུ་ ཚོང་བསྒྱུར་འཐབ་ནི་ལུ་ རྩ་འགེངས་དོ་ཟེར་ ཁོ་གིས་བཤདཔ་ཨིན་པས།
རི་བིའུ་ བྷུ་ཊན་དང་ མི་ནེ་ཅར་བྷུ་ཊན་ དེ་ལས་ ཨི་ཀ་བྷུ་ཊན་༣ གྱིས་ ཕྱགས་སྙིགས་ལག་ལེན་འཐབ་ཐོག་ལས་ ཅ་ལ་ཚུ་ བཟོཝ་ཨིན་པས།
ཡིད་ཁྱུན་བཟོ་བཀོད་ཀྱིས་ བལ་ལ་བཟོ་མིའི་ཐོན་སྐྱེད་དང་ རྒྱན་ཆས་ཚུ་བཙོང་དོ་ཡོདཔ་ད་ ང་གིས་ ཐོན་སྐྱེད་ཅིག་བཟོ་སྟེ་ བཙོང་པའི་སྐབས་ མི་མང་ལས་ མཁོ་འདོད་བསྐྱེད་མི་ཐོནམ་ལས་ ཚོང་འབྲེལ་འགོ་བཙུགས་ཡི་ཟེར་ ཇོ་བདག་ཡི་ཤེས་ཆོས་སྒྲོན་གྱིས་ བཤད་པའི་ཁར་ ང་གིས་ ཨམ་སྲུ་དག་པ་ཅིག་ལུ་ཡང་ སྦྱང་བ་བྱིན་དོ་ཟེར་ སླབ་ཨིན་པས།
ལོ་ངོ་དག་པ་ཅིག་གི་ཧེ་མར་ སྐྱེས་ལོ་༢༩ ལང་མི་ སངས་རྒྱས་དབང་མོ་གིས་ ཁྱོསམ་སྦེ་ འབག་བཏུབ་པའི་རིགས་ཚུ་བཟོ་ནི་ འགོ་བཙུགས་ཏེ་ ད་རེས་ དེ་གི་ཚོང་རྐྱབ་ཨིན་པས།
ཀརྨ་ཡོ་གི་ནི་ཟེར་མི་གིས་ ཨམ་སྲུ་གི་ གཙང་རས་བཟོ་སྟེ་ སློབ་གྲྭ་ཚུ་ནང་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ལཱ་ཚུ་འབད་དོ་ཡོདཔ་ད་ མོ་གིས་ ལོག་སྟེ་ལག་ལེན་འཐབ་བཏུབ་པའི་ གཙང་རས་བཟོ་དོ་ཡོདཔ་ད་ མོ་གིས་ ཚོང་ལཱ་དེ་ འགོ་བཙུགས་ནིའི་དོན་ལུ་ ཞིབ་འཚོལ་འབད་བའི་སྐབས་ ལག་ལེན་འཐབ་སྟེ་ བཀོག་བཏང་མི་ གཙང་རས་ཕུད་རྡོག་གཅིག་གིས་ ཆུ་ཤོག་༤ དེ་ཅིག་ཐོན་དོ་ཡོདཔ་ལས་ རང་བཞིན་གནས་སྟངས་དང་ མཐུན་པའི་གཙང་རས་བཟོ་ནིའི་ འགོ་བཙུགས་ཡི་ཟེར་ཨིན་པས།
ང་གིས་ དོ་དམ་ནང་སྡོད་མི་ ཨམ་སྲུ་༤༤ ལུ་ སྦྱོང་བརྡར་ཚུ་ བྱིན་དོ་ཡོདཔ་ལ་ས ཤུལ་ལས་ ཁོང་གིས་ ལཱ་གཡོག་གི་གོ་སྐབས་ བཟོ་ཚུགས་ཟེར་ མོ་གིས་བཤདཔ་ཨིན་པས།
ལྟེ་བ་དེ་ནང་ སོ་ནམ་གྱི་ཚོང་ལཱ་འབད་མི་ ལ་ལོ་ཅིག་ འབྲུག་སྔོ་སྨན་བཟོ་སྐྲུན་དང་ སྒམ་རྐྱབ་མི་ དེ་ལས་ བྷུ་ཊན་ར་མིན་དང་འབྲུག་མེ་ཏོག་ལས་སྡེ་ཚུ་གིས་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་དང་ སྔོ་ཤིང་གི་ཐོན་སྐྱེད་ཚུ་ བཟོཝ་ཨིན་པས།
ཡིད་དགའ་གུ་རམ་གྱི་ཇོ་བདག་ ཀུན་ལེགས་དཔལ་སྒྲོན་གྱིས་ གུ་རམ་གྱི་རིགས་ ལེ་ཤ་བཟོ་མི་ལས ཨེ་མ་བསྲེ་བའི་གུ་རམ་ བཟོ་དོ་ཡོདཔ་ད་ མོ་གིས་ ཚོང་ལཱ་འདི་འགོ་བཙུགས་ནིའི་དོན་ལུ་ བློ་ལྡན་གཞི་ཚོགས་དང་ འབྲུག་རྒྱུ་ནོར་གཞི་བཟུང་ལས་ གྲོགས་རམ་ཐོབ་ཡོདཔ་ཨིན་པས།

མོ་གིས་སླབ་མིའི་ནང་ གུ་རམ་ཚུ་ ཚོང་འབྲེལ་ལེགས་ཤོམ་སྦེ་ འཐབ་ཚུགས་པས་ཟེར་ཨིནམ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦༧.༥ བཏང་ཐོག་ལས་ བཟོ་སྐྲུན་འབད་མི་ ལྟེ་བ་དེ་ནང་ ཚོང་འབྲེལ་འགོ་བཙུགས་མི་༢༨ དང་ སྦྱོང་བརྡར་འབད་སའི་ཁང་མིག་༢ དེ་ལས་ ཡིག་ཚང་དང་ རང་སྤྱོད་ཟ་ཁང་ཅིག་ ཡོདཔ་ཨིན་པས།
ལྟེ་བ་དེ་ནང་ ཚོང་འབྲེལ་གྱི་ འཆར་གཞི་དང་ ཚོང་ལམ་ དེ་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་དང་ འབྲེལ་བ་བཟོ་ནི་དང་ གཞན་ཡང་ སྦྱོང་བརྡར་ཚུ་ནང་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
བྷུ་ཊན་ལག་བཟོ་གིས་ ནང་འཁོད་ལས་བཟོ་མི་ ཕོརཔ་དང་ ཁ་ཟས་བཞག་སའི་ཧོད་ དེ་ལས་ ཇ་ཕོར་ཚུ་བཟོ་དོ་ཡོདཔ་ད་ འཕྲིན་ལས་བུ་དར་དབང་ཕྱུག་གིས་ སྦྱོང་བརྡར་བ་ བཀྲིས་ལྷ་མོ་དང་ཕྱད་པའི་ཤུལ་ལས་ ཁོང་༢ ཀྱིས་ ཐོན་སྐྱེད་ཚུ་བཟོ་ནི་ འགོ་བཙུགས་ནིའི་དོན་ལུ་ ཨ་མི་བཟངམོ་ཟེར་མི་དེ་ འགོ་བཙུགས་ནུག།
ཚེ་རིང་སྒྲོལ་དཀར་བཟུམ་ཅིག་ལུ་འབད་བ་ཅིན་ མོ་རའི་ ཨའི་ལས་ལྷབ་སྟེ་ གསང་ག་བ་ལེ་ཟེར་མི་ བཟོ་དོ་ཡོདཔ་ད་ ཨ་ལོ་༢ ཀྱི་ཨའི་ ཁ་བྱལ་མི་གིས་ སླབ་མིའི་ནང་ གསང་ག་བ་ལེ་ཟེར་མི་དེ་ ག་གིས་ཡང་ མ་ཤེསཔ་སྦེ་བཟོ་བ་ཅིན་ བྲོཝ་ཚོར་འོང་ཟེར་བའི་ ལོ་རྒྱུས་ཡོདཔ་ལས་ མོ་གི་ཐོན་སྐྱེད་དེ་ མ་འདྲཝ་ཡོད་ཟེར་བཤད་པའི་ཁར་ ཟླཝ་རེ་ནང་ དངུལ་ཀྲམ་༤༥,༠༠༠ དང་༦༢,༠༠༠ གི་བར་ན་ བཟོ་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ ལྟེ་བ་དེ་ནང་ ཚོང་ལཱ་འབད་མི་ཚུ་ལུ་ ལམ་ལུགས་དམ་དྲགས་ཡོད་མི་དང་ སྐྱེལ་འདྲེན་ དེ་ལས་ ཐུན་རྐྱེན་ཚུ་ འཐོབ་མ་ཚུགས་པའི་ གདོན་ལེན་ཚུ་འདུག་ཟེར་ཨིནམ་ད་ ཁོང་གིས་ གཟའ་སྤེན་པ་ཨ་རྟག་ར་ གཅིག་ཁར་འཛོམས་ཏེ་ ཐབས་ཤེས་ཚུ་ བརྗེ་སོར་འབདཝ་ཨིན་པས།
ཁོང་གིས་སླབ་མིའི་ནང་ ཚོང་ལམ་ཡོད་དེ་འབད་རུང་ མི་སྟོབས་མ་འཐོབ་མི་དང་ མཁོ་འདོད་འབད་མི་ཚུ་ འགྲུབ་མ་ཚུགས་པའི་གདོང་ལེན་འདུག་ཟེར་ བཤདཔ་ཨིན་པས།
མི་ཚུ་གིས་ ནང་འདྲེན་འབད་མི་ ཅ་ལ་ཚུ་དང་ཕྱདཔ་ད་ ནང་འཁོད་ལས་ཐོན་སྐྱེད་དང་ བཟོ་བཀོད་འབད་མི་ཚུ་ལུ་ ཡིད་ཆས་དེ་ཅིག་མིན་འདུག་ཟེར་ཨིནམ་ད་ རྒྱལ་སྤྱི་ནང་ ཚོང་འབྲེལ་འཐབ་ནི་དེ་ཡང་ ལཱ་ཁག་འདུག་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *