སྐྱེས་ལོ་༧༠ ལང་མི་ ཚེ་དབང་ལ་གིས་ སྒྲ་མང་གླིང་ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པའི་བསྒང་།

མོང་སྒར་ལུ་ འགྲེམ་ཐོག་དང་ འཕྲུལ་ཆས་ཚོགས་རྒྱན་༢ ཆ་ར་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ།

༉ ཁ་ཙ་ སྤྱི་ཚོགས་གསུམ་པའི་ སྲིད་དོན་ཚོགས་པའི་ འགོ་ཐོག་བཙག་འཐུ་ནང་ མོང་སྒར་རྫོང་ཁག་གི་ འདེམས་ཁོངས་༣ ཆ་ར་ ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ཚོགས་རྒྱན་༢ ཆ་ར་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཅི།

དེ་ཡང་ འདེམས་ཁོངས་༣ གྱི་ ཚོགས་རྒྱན་ས་ཁོངས་༧༦ ལས་ འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ཚོགས་རྒྱན་ ལག་ལེན་འཐབ་ཐོག་ ཡོངས་བསྡོམས་མི་གྲངས་༢༣,༥༤༡ གིས་ ཚོགས་རྒྱན་བཙུགས་མི་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡༠,༧༨༢ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༦,༡༩༢ ཐོབ་སྟེ་ ཨང་༢ པ་ ཐོན་ཡི།

དེ་བཟུམ་སྦེ་ ཚོགས་རྒྱན་༤,༦༤༥ ཐོབ་མི་ མི་སེར་དམངས་གཙོ་ཚོགས་པ་གིས་ ཨང་༣ པ་དང་ འབྲུག་ཀུན་མཉམ་ ཚོགས་པ་གིས་ ཚོགས་རྒྱན་༡,༩༢༢ ཐོབ་སྟེ་ཨང་༤ པ་ཐོན་ཡི།

འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བསྡོམས་༡༠,༦༤༤ ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༤,༦༩༨ དང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༣,༣༩༩ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༡,༦༤༠ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༩༠༧ ཐོབ་ཅི།

དེ་ཡང་ མོང་སྒར་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༣,༤༦༥ ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡,༢༤༣ དང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡,༢༢༦ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༦༩༠ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༣༠༦ ཐོབ་ནུག།

སྐྱེངས་མཁར་ཝེ་རིང་ལ་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༣,༧༣༡ ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡,༧༣༨ དང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡,༣༣༢ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༤༤༤ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༢༡༧ ཐོབ་ཡོདཔ་ཨིན།

དགྲ་མེད་རྩེ་སྔ་ཚང་འདེམས་ཁོངས་ལས་ ཚོགས་རྒྱན་བསྡོམས་༣,༤༤༨ ལས་ འབྲུག་ཀུན་མཉམ་ཚོགས་པ་ལུ་ ཚོགས་རྒྱན་༣༨༤ དང་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་༥༠༦ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་༨༤༡ དེ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་༡,༧༡༧ བཙུགས་ནུག།

དེ་བཟུམ་སྦེ་ འདེམས་ཁོངས་༣ ནང་ ཚོགས་རྒྱན་འཕྲུལ་ཆས་ལག་ལེན་འཐབ་ཐོག་ བསྡོམས་མི་གྲངས་༡༢,༨༩༧ གྱིས་ ཚོགས་རྒྱན་བཙུགས་མི་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༦,༠༨༤ ཐོབ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་ རྒྱན་༣,༠༠༥ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༢,༧༩༣ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༡,༠༡༥ ཐོབ་ཅི།

མོང་སྒར་འདེམས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་འཕྲུལ་ཆས་༡,༣༥༨ ཐོབ་ཡོདཔ་བཞིན་དུ་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༨༣༠ དང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༡,༣༥༥ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༢༧༨ ཐོབ་ཡོདཔ་ཨིན།

སྐྱེངས་མཁར་ཝེ་རིང་ལ་འདེམས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་༡,༧༤༩ དང་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་༩༦༠ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་༥༡༢ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་ལུ་ ཚོགས་རྒྱན་༢༦༨ བཙུགས་ནུག།

དེ་བཟུམ་སྦེ་ དགྲ་མེད་རྩ་སྔ་ཚང་འདེམས་ཁོངས་ལས་ འབྲུག་ཀུན་མཉམ་ཚོགས་པ་ལུ་ ཚོགས་རྒྱན་༤༦༩ དང་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་༡,༡༣༨ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་༡,༠༠༣ དེ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་༢,༩༧༧ བཙུགས་ནུག།

བཙག་འཐུ་ལྷན་ཚོགས་དང་ འདེམས་ཁྲི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫོང་ཁག་གི་རྒེད་འོག་༡༧ ནང་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༧༦ ཡོད་མིའི་ནང་ སྡེ་ཁྲིད་འགོ་དཔོན་བརྩིས་ཏེ་ ལས་བྱེདཔ་༦༠༠ ལྷགཔ་ཅིག་ བཏང་ཡོད་མི་ལས་ བྱ་སྟབས་མ་བདེ་བའི་ དཀའ་ངལ་ཚུ་ ག་ནི་ཡང་ མ་ཐོན་ཟེར་ཨིན་པས།

མོང་སྒར་རྫོང་ཁག་ནང་ འདེམས་ཁོངས་༣ གྱི་དོན་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་བསྡོམས་༣༤,༥༨༩ ལས་༢༣,༥༤༡ གིས་ ཚོགས་རྒྱན་བཙུགས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *