མེ་རླུང་རྒྱ་རྫི་གས་པའི་སྐབས་ བཅགས་བཏང་མི་ མཛོད་ཁང་གི་སྒོ།

མེ་རླུང་རྒྱ་རྫི་གས་པའི་སྐབས་ ལས་བྱེདཔ་༤ ལུ་ གནོད་སྐྱོན་བྱུང་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༢༦ གི་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ བུམ་ཐང་ས་སྣུམ་བཀྲམ་སྤེལ་ཁང་ནང་ མེ་རླུང་རྒྱ་རྫི་གས་པའི་སྐབས་ ལས་བྱེདཔ་༤ ལུ་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།
ཕོ་སྐྱེས་༡ གདོང་དང་གཟུགས་ཁར་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ གཞན་མི་༣ ད་ལྟོ་ དབང་འདུས་ཆོས་གླིང་སྨན་ཁང་ནང་ སྨན་བཅོས་འབད་དོ་ཡོདཔ་ཨིན་པས།
ཉམས་རྒུདཔ་༤ གི་གྲས་ལས་༢ སྣུམ་འཁོར་གྱི་ མར་ཁུ་བླུགས་མི་དང་ གཞན་མི་༢ ཚོང་གཡོགཔ་ཨིནམ་བཞིན་དུ་ ཁོང་ག་ར་ གནས་སྟངས་ལེགས་ཤོམ་སྦེ་ ཡོདཔ་སྦེ་ཨིན་པས།
ཤེས་རྟོགས་བྱུང་མིའི་ནང་ རྐྱེན་ངན་བྱུང་བའི་སྐབས་ ཕོ་སྐྱེས་༤ པོ་ཆ་ར་ སྒྲིག་གཡོག་གི་ དུས་ཚོད་ཁར་མེནམ་ཨིན་པས།
གནས་ཚུལ་གྱི་ འབྱུང་ཁུངས་དང་འཁྲིལཝ་ད་ མེ་རླུང་རྒྱ་རྫི་༡ གས་པའི་སྐབསས་ མཛོད་ཁང་གི་སྒོ་བཅགས་ཏེ་ ཕྱི་ཁར་ཐོན་ཡོདཔ་མ་ཚད་ རྒྱ་རྫི་མང་ཤོས་ཅིག་གི་ ཁབ་ཏོ་གུ་ཡོད་པའི་ གྱིབ་ཤོག་དེ་ ཞུ་ནུག་ཟེར་ཨིན་པས།
བུམ་ཐང་ཁྲིམས་སྲུང་འགག་སྡེ་གིས་ རྐྱེན་ངན་དེ་ ག་ཅི་ལུ་བརྟེན་བྱུང་ཡོདཔ་ཨིན་ན་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *